མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁྱིམ་དང་ཤེས་རིག་ལས་ཁུངས་གོ་བསྡུར་གྱིས་མ་འོངས་འཆར་གཞི་བསྒྲིཊ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་མཛད་སྒོའི་སྟེང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་སློབ་ཕྲུག་ཚོའི་ཡ་རབས་བཟང་སྤྱོད་ཆེད་ཤེས་ཡོན་སྲིད་བྱུས་དགོངས་དོན་ལྟར་སློབ་འཁྲིད་གནང་གལ་ཆེ་སྐོར་དང་། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུཊ་ཀྱི་སྲི་ཞུ་བ་ ༦༡༦ ཙམ་ལས་ ༡༩༤ བོད་ཁྱིམ་གྱི་སློབ་ཟུར་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤོ་ལོ་རྩེད་ཐང་དུ། བོད་ཁྱིམ་དབུ་བརྙེས་ནས་ལོ་ ༥༣ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་༸རྒྱལ་བ་ཀརྨ་པ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཉེ་འཁོར་གྱི་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་དང་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་ཡོད་པ་དང་། མཛད་སྒོའི་ཐོག་མར་རོལ་མོའི་རུ་ཁག་གི་སྣེ་འཁྲིད་དེ་འབུད་རྡུང་དཀྲོལ་གསུམ་གྱིས་བོད་ཁྱིམ་སློབ་གྲྭ་ཁག་གི་རྩེད་འགྲན་རུ་ཁག་རྣམས་ལུས་རྩལ་ཐང་དུ་རུ་བསྒྲིགས་ཏེ། བོད་བསྟན་སྲིད་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་དང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དབུ་འཛུགས་གནང་སོང་།

བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་བོད་ཁྱིམ་གྱི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་བ་དང་འབྲེལ། ད་ལོའི་རྒྱལ་ཡོངས་འཛིན་རིམ་ ༡༠ པའི་ཡིག་རྒྱུགས་ནང་སློབ་གྲྭ་ཁག་ ༨ ཀྱི་སློབ་ཕྲུག་ ༨༦༢ མཉམ་ཞུགས་གནང་པ་ལས་ཡིག་ཚད་ལོན་པ་ ༨༡༩ དང་། ཡིག་ཚད་མ་ལོན་པ་ ༤༣ ། ཡིག་ཚད་ལོན་པའི་བརྒྱ་ཆ་ ༩༥ ཙམ་ཡིན་པ་དང་། འཛིན་རིམ་ ༡༢ པའི་རྒྱལ་ཡོངས་ཡིག་རྒྱུགས་ནང་སློབ་གྲྭ་ཁག་ལྔ་ཡི་སློབ་ཕྲུག་ ༦༩༩ མཉམ་ཞུགས་གནང་པ་ལས་ཡིག་ཚད་ལོན་པ་ ༦༡༢ དང་། ཡིག་ཚད་བསྐྱར་དུ་གཏོང་དགོས་བ་ ༧༠། ཡིག་ཚད་མ་ལོན་པ་ ༡༧། ཡིག་ཚད་ལོན་པའི་བརྒྱ་ཆ་ ༨༧.༥༥ ཙམ་ཡིན་འདུག དེ་བཞིན། སེ་ལ་ཀོལ་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འཛིན་རིམ་ ༡༢ པའི་རྒྱལ་ཡོངས་ཡིག་ཚད་ལེགས་སོན་གྱི་གསོལ་རིས་ཐོབ་ཡོད་འདུག གཞན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དེ་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཞིག་ཏུ་འགྱུར་བར་ཁྲིམས་ཐོག་ནས་ཚད་ལྡན་ངོས་ལེན་ཐོབ་རྒྱུ་དགོས་གལ་ཆེ་བ་ལྟར་འདི་ལོར་མེ་སོར་གཙུག་ལག་སློབ་གཉེར་ཁང་ནས་ངོས་འཛིན་ཐོབ་པ་མ་ཟད། ཐོག་མའི་དགོས་དམིགས་བཞིན་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། རྒྱ་ཡིག་བཅས་མཐོ་རིམ་སློབ་སྦྱོང་གི་ལག་ཁྱེར་སྤྱི་མཚུངས་ལྟར་གནང་རྒྱུ་བཀའ་བཞེས་ཐོབ་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། “ བོད་ཕྲུག་ཁྱིམ་སྡེ་ནི་བཙན་བྱོལ་བོད་ཕྲུག་ ༡༤༠༠༠ ལ་ཉེ་བའི་ཤེས་ཡོན་དང་། དགེ་རྒན་དང་ལས་བྱེད། རྒན་གསོ་ཁང་སོགས་ཁྱོན་སྡོམ་བོད་མི་ ༡༦༠༠༠ ཙམ་ཡོད་པའི་སྒྲིག་འཛུགས་ཤིན་ཏུ་གལ་ཆེན་ཞིག་ཡིན་སྟབས། ད་བར་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། བོད་ཕྲུག་རྣམས་ལེགས་པར་འཚར་ལོངས་ཡོང་ཆེད་གཙང་སྦྲ་འཕྲོད་བསྟེན་སྤྱི་དང་། ཁྱད་པར་སློབ་ཕྲུག་རྣམས་ཀྱི་ཟས་སྤྱོད་ཐོག་དམིགས་བསལ་ཐུགས་སྣང་གནང་བའི་ཐོག ཕྱི་ནང་ཤེས་ཡོན་སྤྱི་དང་ལྷག་པར་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞིག་འཚར་ལོངས་འབྱུང་ཕྱིར། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་སློབ་ཁྲིད་གནང་ཕྱོགས་ཕུགས་རྒྱང་ཆེར་བཞེས་གནང་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་ལ། དེ་རིང་དུས་དྲན་གྱི་གོ་སྐབས་འདི་དང་བསྟུན་ཏེ་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་ཧུར་སྐྱེད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

དེང་སྐབས་བོད་ཁྱིམ་སློབ་གྲྭ་ཁག་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་བར་ལམ་གྱི་གནས་སྟངས་ལ་གཞིགས་ཏེ་སློབ་ཕྲུག་གི་གྲངས་ཚད་གང་འཚམ་ཉུང་དུ་ཕྱིན་པ་དང་། ད་དུང་མུ་མཐུད་དུ་ཉུང་དུ་འགྲོ་བཞིན་ཡོད་སྟབས། བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ནི་འབྱུང་འགྱུར་བོད་དང་བོད་མིའི་གནས་བབ་ཇི་འདྲ་ཞིག་ལ་འགྱུར་བའི་གཞི་རྟེན་གཙོ་བོ་ཡིན་སྟབས་ཤེས་རིག་ལས་ཁུངས་དང་། བོད་ཁྱིམ་བར་གོ་བསྡུར་ཞིབ་ནན་དང་འབྲེལ་མ་འོངས་གནང་ཕྱོགས་ཀྱི་འཆར་གཞི་ཚད་ལྡན་གོང་རིམ་ལ་ཕུལ་ཏེ་གཏན་འབེབས་ལག་བསྟར་དགོས་རྒྱུ་གལ་ཆེར་མཐོང་བ་ལྟར་དེ་དོན་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན”ཞེས་གསུངས་སོང་། 

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། “བོད་མིའི་སྒྲིག་འཛུགས་ནང་སྤྱི་འཐུས་དང་སྲི་ཞུ་བའི་ཁོངས་སུ་བོད་ཁྱིམ་གྱི་སློབ་ཟུར་མང་དག་ཅིག་ཡོད་པ་རེད། དཔེར་ན། བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་བ་ ༦༡༦ ཡོད་པ་ལས་ ༡༩༤ བོད་ཁྱིམ་གྱི་སློབ་ཟུར་ཆགས་ཡོད་པ་དང་། འདས་པའི་ལོ་གཉིས་ཙམ་གྱི་ནང་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་གནང་མཁན་ ༥༦ ལས་ ༣༥ བོད་ཁྱིམ་ནས་ཡིན་པ་དང་། བརྒྱ་ཆར་ཕབ་ན་ ༦༠ ལྷག་བོད་ཁྱིམ་ཀྱི་སློབ་ཟུར་ཆགས་ཡོད་པར་བརྟེན་བསྔགས་བརྗོད་ཞུ་རྒྱུ་ཡིན། ”ཞེས་གསུངས་སོང་།

ཡང་ཁོང་གིས། “ན་ནིང་ལོར་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་ཕྲུག་ ༤ བྱུང་བ་དང་། ད་ལོར་སློབ་ཕྲུག་ ༡༣ བྱུང་ཡོད། ན་ནིང་ལོར་བརྒྱ་ཆ་ ༧༠ ནས་ ༧༥ ལོན་མཁན་ ༢༤༢ བྱུང་ཡོད་པ་དང་། འདི་ལོར་ ༣༤༥ བྱུང་ཡོད། ད་ལྟའི་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་བརྒྱ་ཆ་ ༩༥ ལོན་མཁན་གཅིག་ཀྱང་བྱུང་མེད་ཀྱང་། ད་ལོར་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་ཅིག་གིས་བརྒྱ་ཆ་ ༩༥.༤ ལྷག་ལོན་ཐུབ་པ་བྱུང་བ་དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། ༸གོང་ས་མཆོག་གི་བཀའ་སློབ་ཕེབས་པ་ནས་བཟུང་སྤྱི་ཚོགས་ནང་ཕ་མ་དང་སྤུན་མཆེད། ནང་མི། སློབ་ཕྲུག དགེ་ལས་བཅས་སྤྱི་ཡོངས་ནས་ཤེས་ཡོན་ཐོག་འབད་བརྩོན་གནང་གི་ཡོད་པ་དང་། འབད་བརྩོན་གནང་བ་གཞིར་བཟུང་འབྲས་བུ་སྨིན་གྱི་ཡོད་པ་ཧ་ཅང་གསལ་པོ་རེད། ལོ་ ༡༠ ཡི་སྔོན་དུ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་མཐོ་སློབ་སློབ་ཡོན་འབུམ་ ༦༨ གནང་གི་འདུག ད་ལོར་འབུམ་ ༤༠༠ ཙམ་གནང་གི་ཡོད་པ་རེད། དེའི་ནང་ནས་རིགས་གཅིག་རྐང་འཛིན་གྱི་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པ་སོགས་ཀྱི་སློབ་སྦྱོང་གནང་མཁན་ ༧༠ ཙམ་ཞིག་འདུག་སྟབས། དེ་ཚོ་ཚང་མར་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་ཕུལ་ཡོད།  ༸གོང་ས་མཆོག་གིས་གསུངས་པ་ལྟར། ང་ཚོས་འབད་བརྩོན་བྱས་པ་ཡིན་ན། རིགས་གཅིག་རྐང་འཛིན་འདི་ལས་མང་བ་འཐོན་ཐུབ་ངེས་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། བོད་ཀྱི་ལོ་རྒྱུས་ནང་གཟིགས་པ་ཡིན་ན། ཆོས་དང་རིག་གཞུང་། སྐད་ཡིག་གི་ཐོག་ནས་བསམ་ཡུལ་འདས་པའི་སྐྱེས་ཆེན་དམ་པ་གྲངས་མེད་ཐོན་ཡོད་པ་རེད། ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་དེང་དུས་འཛམ་གླིང་སྤྱི་ཡོངས་སུ་ནང་ཆོས་དང་བོད་པའི་རིག་གཞུང་། སྐད་ཡིག་ལ་དོ་སྣང་བྱེད་མཁན་མང་པོ་ཞིག་ཡོང་བཞིན་པ་ཚོས་ག་རེ་གསུང་གི་ཡོད་པ་རེད་ཟེར་ན། སྐྱེས་ཆེན་དམ་པ་ཚོས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་གསལ་བོ་ཞེ་དྲག་ཡིན་སྟབས། སྲོལ་རྒྱུན་ཤེས་ཡོན་ཐོག་དེང་དུས་ཀྱི་ཤེས་ཡོན་ལ་འབད་བརྩོན་གནང་བ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་ནས་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་མང་པོ་ཞེ་དྲག་ཅིག་འཐོན་ཐུབ་ལ། གལ་སྲིད་དེ་འདྲ་ཞིག་འཐོན་ཐུབ་པ་ཡིན་ན། འཕྲལ་ཕུགས་རྒྱང་གསུམ་ལ་སྒེར་དང་ཁྱིམ་མི། སྤྱིའི་རྩ་དོན་བཅས་ལ་ཕན་ངེས་རེད། ”ཅེས་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་བོད་ཁྱིམ་ཁག་ ༡༡ ནས་ལོ་ངོ་ ༢༠ རིང་ཞབས་ཞུ་ཞུས་པའི་དགེ་ལས་ ༥༡ ལ་སྟོན་པའི་སྐུ་ཐང་ཞིག་རེ་དང་གཟེངས་བསྟོད་ཕྱག་ཁྱེར་ཕུལ་རྗེས། འབྱུང་རིག་སྡེ་ཚན་ལས་བརྒྱ་ཆ་ ༨༩.༢ ལེན་མཁན་གྷོ་པལ་པུར་བོད་ཁྱིམ་གྱི་སློབ་མ་སངས་རྒྱས་བདེ་ཆེན་ལགས་དང་། ཚོང་རིག་སྡེ་ཚན་ལས་བརྒྱ་ཆ་ ༨༧.༢ ལེན་མཁན་སྤེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་བརྟན་སྒྲོལ་མ་ལགས། ཚན་རིག་སྡེ་ཚན་ལས་བརྒྱ་ཆ་ ༩༢.༨ ལེན་མཁན་སེ་ལ་ཀོལ་བོད་ཁྱིམ་གྱི་སློབ་མ་འཕྲིན་ལས་ཚེ་རིང་ལགས་བཅས་ལ་གཟེངས་རྟགས་གནང་སོང་ལ། གཞན་ཡང་། དྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་རྒན་བདག་ཀུན་དགའ་རྣམ་དག་ལགས་དང་བུ་མོའི་སྤྱི་ཁྱབ་རྒན་བདག་ཡེ་ཤེས་སྒྲོལ་མ་ལགས་གཉིས་ལ་ད་ལོའི་སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་བྱུང་བུ་དང་བུ་མོའི་བྱ་དགའ་གནང་སོང་། དེ་ནས་བོད་ཁྱིམ་སློབ་ཕྲུག་ཚོས་གཞས་དང་ཞབས་བྲོ། ལུས་རྩལ་སོགས་ཀྱི་ལྟད་མོ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་མཇུག་བསྡུས་བ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་རིག་གཞུང་འགྲེམས་སྟོན་དང་རིག་གནས་འཁྲབ་སྟོན་སོགས་གནང་རྒྱུ་དང་། སང་ཉིན་ནས་ཉིན་གཉིས་རིང་མཆོངས་རྒྱུགས་འཕེན་གསུམ་གྱི་ལུས་རྩལ་འགྲན་བསྡུར་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།
སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་གྱི་ངོ་བཤུས་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་། (ཁ་སྣོན།)

༢༠༢༥/༡༠/༢༨
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

༢༠༢༥/༡༠/༢༨

མཆན། 13

  1. Sonam Wangchuk says:
    ལོ་ 12 སྔོན།

    བསོད་ནམས་དབང་ཕྱུག་
    འདི་ནི་བྱེས་ཀྱི་བོད་མི་རྣམས་ཀྱི་མཐུན་སྒྲིལ་གྱི་ལམ་བུ་ཞིག་ཀྱང་ཡིན།

    Reply
  2. ལུང་རྟོགས། says:
    ལོ་ 12 སྔོན།

    སྟོང་བཙན་གྱིས་བཤད་པ་དེ་མ་རེད་ཟེར་རྒྱུ་མི་འདུག དངོས་གནས་བཙན་བྱོལ་སློན་གྲྭ་སྤྱི་དང་། ལྷག་པར་བོད་ཁྱིམ་སློབ་གྲྭའི་གནས་བབ་ལ་ལྟས་ན་བོད་ནང་གི་བུ་ཕྲུག་ཚོ་རྒྱ་གར་ལ་སློབ་སྦྱོང་བྱེད་དུ་ཡོང་བ་ནི་མི་ཚེ་འཕྲོ་བརླག་རང་རེད། དེ་སྔོན་ཡང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་དེ་རྗེ་བཙུན་པད་མའི་ངན་ཤུགས་ལ་རྟེན་ནས་བོད་ཁྱིམ་སློབ་གྲྭ་ཁག་ནང་ལ་ལག་བསྟར་བྱེད་མ་བཅུགས་པ་རེད་ལ། མ་འོང་པར་ཡང་བོད་ཁྱིམ་དང་ཤེས་རིག་གཉིས་མཉམ་འབྲེལ་ཞེས་པ་ཞིག་ཁག་པོ་རེད། དེ་རིང་མཛད་སྒོའི་སྟེང་གི་རུ་སྒྲིག་དེ་ལ་ལྟས་ན་ཡང་བོད་ཁྱིམ་ཚང་གིས་བོད་ཀྱི་སྐད་ཡིག་ལ་ལྟ་ཚུལ་ཅི་འདྲ་ཡིན་གསལ་པོ་བསྟན་སོང་། ད་ངོ་མ་རེ་བ་མི་འདུག

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ལོ་རེ་བཞིན་དུ་རྒྱུགས་འབྲས་ཀྱི་བརྒྱ་ཆ་ཇེ་མཐོར་འགྲོ་བཞིན་ཡོད་ན་དེ་ཡང་བཟང་ཕྱོགས་ཤིག་ལོས་ཡིན། ཡིན་ན་ཡང་ང་ཚོས་ནམ་ཡང་གྲངས་ཀའི་མང་ཉུང་ཞིག་གིས་སྤུས་ཚད་ངོ་མ་འཇལ་མི་ཐུབ། སློབ་གསོའི་སྤུས་ཚད་ངོ་མ་དེ་སྤྱི་ཚོགས་ཀྱིས་གསལ་བོར་སྟོན་འོང་གི་རེད། འདིའི་འོས་འགན་དེ་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་གཉིས་གཙོས་འབྲེལ་ཡོད་ཕ་མ་སོགས་ཚང་མར་རག་ལས་ཡོད།

    Reply
  4. འཇམ་གཅེས ། says:
    ལོ་ 12 སྔོན།

    སྤྱི་པའི་རྩ་དོན་ཁ་ལ་འཁྱེར་ནས་སྤྱི་ལ་གནོད་པའི་བྱ་སྤྱོད་སྤེལ་མཁན་ནི་དེང་གི་དུས་འདིར་སྤྱི་ཚོགས་དྲ་འབུ་ཚོས་ལས་འགན་དང་། ལམ་ལུགས་ལྟ་བུ་ཆགས་འདུག་པར་དེ་རིང་ངས་འདི་ནས་ཁྱེད་ཅག་ལ་ཚིག་རེ་ཟུང་བཤད་ན་འདོད། དང་པོ་རང་མགོ་རུལ་དྲི་དེ་རང་སྣའི་ཚོར་དགོས་པ་དང་། གཉིས་པར་རང་གི་དེ་ཉིད་རང་གིས་མ་རྟོགས་པར་གང་བྱུང་སྨྱོ་བཤད་བཟོས་པ་ནི་རང་མཚང་སྐྱག་དྲི་ཐིལ་བ་ཙམ་ལས་སུ་ཞིག་གིས་རིན་ཐོང་འཇོག མདོར་ན་ཁྱེད་ཚོས་སྲིད་སྐྱོང་ལ་སྐྱོན་བརྗོད་དགོས་ན་སྤྱི་པའི་རྩ་དོན་ལ་ཁ་མ་གཡར་རོགས། ཁྱོད་ལ་འཇོན་ཐང་དང་ལྷག་བསམ་ཡོད་ན་སྤྱི་པའི་དོན་དུ་བྱ་བ་རེ་བརྩོན་དང་སུ་གང་གི་དགག་བྱ་ཡོད་མི་སྲིད། དེང་དུས་བཙན་བྱོའི་ནང་དུ་རང་དབང་དང་མང་གཙོའི་དར་ཆ་དགུང་སྔོན་དབྱིངས་སུ་བསྒྲེང་སྟེ་རྒྱུ་མཚན་ཡོད་མིན་ལ་མ་བལྟོས་པར་གཞི་མེད་སྐྱོན་འཛུགས་དང་། ཆོལ་ཆོས་ཕྱོགས་རིས་གདོན་ནད་དེ་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་སྤེལ་བཟོད་འདོད་ཀྱི་ཀུན་སློང་ངན་པ་རྒྱུད་ལ་ལྡན་མཁན་གྱི་དཀྲུག་ཤིང་མཁན་པོ་ནི་སྔར་ལས་མང་བ་འདུག་པས་གཟུར་གནས་ཅན་རྣམས་ཀྱི་ཡིད་གཟབ་གནང་རོགས།

    Reply
  5. བསྟན་ཆོས། says:
    ལོ་ 12 སྔོན།

    སྟོང་བཙན། སྟོང་བཙན། མི་དགོས་པའི་བཀའ་མོལ་མ་གནང་རོགས་ཞུ སྤྱི་ཚོགས་སོ་སོ་དང་མི་སོ་སོའི་འགན་མ་ནོར་བ་གལ། དབྱེན་ལ་ཅིས་ཀྱང་འཛེམ་དགོས་པ་རེད། རང་གི་ལྟ་བ་ལམ་བསམ་བློའི་འཁྱེར་ཕྱོགས་གཙོ་བོར་བཟུང་ནས་བཤད་ན་འགྲིག་མིན་ཅི་རིགས་ཡོད་པ་མཁྱེན་པར་མཛོད། ལར་ནས་སྐད་ཆ་སོམ་མ་ཤོད། ཟ་མ་ལྡོད་ལ་མིད་ཅེས་པ་སེམས་སུ་འཛིན་པར་ཞུ

    Reply
  6. བསྟན་ཆོས། says:
    ལོ་ 12 སྔོན།

    ཁ་བྱང་ལ་བལྟོས་ནས་ཟས་རྔམ་ཀྱིས་ཀློག་རྗེས། ཡང་སྐྱར་ཁ་བྱང་གི་བྱུང་རྩ་འཚོལ་ཆེད་ཚར་གཅིག་བཀླགས། བྱས་དུས་ཚོགས་གཙོའི་རེ་འབོད་ཅིག་རེད་འདུག དེ་རེ་འབོད་ཙམ་མམ་དོན་རྩ་ཅན་ཞིག་ཆགས་མིན། སྤྱི་འཐུས་ཚོས་དེའི་ཐད་ད་ནས་བསམ་བློ་བཏང་སྟེ་ཇུས་འཚོལ་མིན་ལ་རེ་འོ།།

    Reply
  7. ཤག་སྒང་པ། says:
    ལོ་ 12 སྔོན།

    བོད་ཁྱིམ་དང་ཤེས་རིག་གཉིས་གཅིག་ཏུ་བསྒྲིལ་ནས་ནུས་ཤུགས་བསྟན་མ་ཐུབ་པ་དེ་སྲིད་དུ་ང་ཚོ་ཤི་བ་རེད། བཙན་བྱོལ་སྲ་བརྟན་དགོས་ན་དང་པོ་སློབ་སྡེ་འདི་གཉིས་ཀྱི་གློ་མཆིན་འབྲེལ་དགོས་དགོས།

    དེ་ནས་ནུབ་གླིང་བ་རྣམས་བདག་པོ་བརྒྱབ་དགོས།

    ཁྱིམ་ཚང་སྟོང་ལ་ངེས་འགྲོ་བར་ད་དུང་ཚོར་ཤེས་དང་བསམ་ཤེས་མེད་པ་ནི། འགོ་འཁྲིད་པ་རྣམས་ཆེད་ལས་མིན་པས་ཡིན་ངེས།

    ད་དུང་བསམ་བློ་འཁོར་གྱི་མེད་ན་ཧི་མ་ལ་ཡར་རེ་བཅོལ་རྩིས་སྤྲོད་བྱོས།

    Reply
  8. ལྗང་གཞོན། says:
    ལོ་ 12 སྔོན།

    དངོས་གནས་༧གོང་ས་མཆོག་གི་བཀའ་དགོངས༌སེམས་མཁན་ཞིག་ཡིན་ཚེ། ཡིད་ལ་བཟུང་སྟེ་ལག་ལེན་དུ་འཁེལ་བ་ཞིག་བྱ་རྒྱུ་དེ་རེད་མ་གཏོགས། ཁ་ནས་ཐོན་ཚད་༧གོང་ས་མཆོག སྒང་ལ་སྤྲེའུ་ལད་འཁྲབ་ཆེད་༧གོང་ས་མཆོག་ཁ་ལ་ཁྱེར། མཉམ་པར་རང་ལུགས་དོན་འཁྱོང་ཡོང་སླད་༧གོང་ས་མཆོག་བཙོང་། མང་ཚོགས་ཀྱི་སེམས་པ་བསླུ་ཆེད་༧གོང་ས་མཆོག་བེད་སྤྱོད་བྱེད། ཕ་རོལ་བ་འབུར་འཇོམས་ནག་སུབ་གཏོང་ཕྱིར་༧གོང་ས་མཆོག་ཁ་ལ་ཁྱེར་ཏེ་མགོ་གནོན་པའི་བྱེད་ཐབས་བཟུང་། ལས་གཞི་ལམ་ལྷུང་མ་ཡོང་སྐབས་ལག་པ་འཕྱི་ས་༧གོང་ས་མཆོག ད་བཙན་བྱོལ་གྱི་མགོ་ཁྲིད་ཚོའི་བསམ་བློ་དང་ཤེས་འཇོན་འདི་རེད་དམ།

    Reply
  9. བློ་སྤེན། says:
    ལོ་ 12 སྔོན།

    བཙན་བྱོལ་གནང་གི་ཤེས་ཡོན་གྱི་སྡེ་ཚན་ཆེས་ཤོས་བོད་ཁྱིམ་སློབ་གྲྭའི་དུས་དྲན་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤེས་ཡོན་སྲིད་ཇུས་སྐོར་ཚིག་ཟུར་ཙམ་ཡང་གླེང་སློང་མ་བྱེད་པ་དེའི་ག་རེ་མཚོན་གྱི་ཡོད་རེད་ཟེར་ན་ཤེས་ཡོན་སྲིད་ཇུས་འཛིན་སྐྱོང་སྤེལ་གསུམ་བྱེད་འདོད་མེད་པའི་རྣམ་འགྱུར་གསལ་པོ་སྟོན་པ་རེད།
    ཚར་མ་ཐག་པའི་སྤྱི་འཐུས་གྲོས་ཚོགས་ལ་དཀའ་ཤག་གིས་ཤེས་ཡོན་སྲིད་ཇུས་སྐོར་གསལ་བཤད་དང་རྒྱུན་འཛིན་དར་སྤེལ་གཏོང་འཆར་ཡོད་ཚུལ་དེ་སྐྱག་རྫུན་ཡིན་པ་དངོས་ར་འཕྲོད་སོང་། ལྷག་དོན་སྲིད་སྐྱོང་མཆོག་ཤེས་རིག་བཀའ་བློན་གཅིག་ལྕོག་ཡིན་དུས་དཔེ་སྟོན་སློབ་གྲྭར་ད་བར་ཐེངས་གཅིག་རང་ལས་གཟིགས་ཞིབ་གནང་བར་ཕེབས་མེད་པས། དེ་ཡང་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡོང་ཐབས་ལ་འགན་ཁུར་ག་ཚོད་བཞེས་ཀྱི་ཡོད་མེད་གསལ་པོ་རེད། ཁོང་རང་ཉིད་ལ་བོད་ཡིག་ཀྱི་གནས་ཚད་མེད་ནའང་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་བོད་མི་རིགས་ཀྱི་བླ་སྲོག་ཡིན་པ་མཁྱེན་དགོས་ངེས་རེད།
    དོན་དངོས་ཐོགས་དཀའ་ཤག་འདིས་ཤེས་ཡོན་སྐོར་དམིགས་བསལ་ནུས་པ་འདོན་གྱི་ཡིན་ཚུལ་དེ་དོན་གྱི་ཆ་ནས་སྟོང་པ་སྟོང་པ་ཅང་རེད་འདུག སློབ་ཕྲུག་འགའ་ཤས་འདི་ལོ་ཡིག་ཚད་བརྒྱ་ཆ་འཐོ་ཙམ་ལོན་པ་ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་གཏོང་ཚུལ་བཤད་པ་དེ་སྒྲུབ་བྱེད་ཡང་དག་ཅིག་ག་ལ་ཡིན། དེའི་སྔོན་རྒྱ་ཆ་འཐོ་པོ་བླངས་མཁན་སློབ་ཕྲུག་མང་པོ་བྱུང་ཡོད་པའི་ཕྱིར།
    གྲོས་ཚོགས་ཀྱི་ཚོགས་གཙོས་ཤེས་ཡོན་སྲིད་ཇུས་སྐོར་ཟུར་ཙམ་གླེང་འདུག་པས་དགའ་པོ་བྱུང་སོང་། གྲོགས་ཚོགས་ཀྱིས་སྲིད་ཇུས་གཏན་འབེབས་ཚར་དེ་ལག་བསྟར་ཚུལ་བཞིན་དུ་ཡོང་གི་ཡོད་མེད་བལྟ་ཞིབ་བྱེད་རྒྱུའི་འགན་ཁྲི་ཆེན་པོ་ལྡན་ཡོད།
    དཔལ་ལྡན་སྲིད་སྐྱོང་མཆོག་སྲིད་ཇུས་རང་ཁ་རང་གསོིི་དེ་ཡིན་དུས་བོད་ཁྱིམ་སློབ་གྲྭ་འདི་རོགས་ཚོགས་དང་སྦྱིན་བདག་ཁོ་ནར་བརྟེན་མཁན་ཡིན་དུས་སྲིད་སྐྱོང་གི་སྲིད་ཇུས་རང་ཁ་རང་གསོ་དེ་འདི་འདྲ་ཞིག་ལ་གོ་ཡི་ཡོད་དམ།
    བོད་ཀྱི་ཨ་མ་རྗེ་བཙུན་པདྨའི་བཀའ་དྲིན་འོག་བོད་ཁྱིམ་ནས་ཐོན་པའི་སློབ་ཕྲུག་བརྒྱ་ཆ་༩༩་བོད་ཡིག་ནང་གཏོང་ཡིག་དང་སྙན་ཞུ་ཙམ་ཡང་འབྲི་མི་ཤེས་མཁན་ཤ་སྟག་རེད། དབྱིན་ཡིག་ནང་སློབ་ཁྲིད་བྱས་ཏེ་དབྱིན་ཡིག་རང་སྐྱ་འཕེལ་བ་ཡོང་དགོས་ངེས་ཡིན་ནའང་དེ་ཡང་ཉི་མ་ནང་གི་སྐར་མ་ལྟ་བུ་རེད།
    ད་དུང་འདས་པའི་ལོ་ཤས་ནང་ཏཱ་ལའི་བླ་མའི་འཐོ་སློབ་ནས་ཐོན་པ་ལག་ཁྱེར་ངོས་ལེན་མེད་པའི་སློབ་ཕྲུག་གྲངས་༣༠༠་ཙམ་ལས་མེད་དང་མ་འོངས་འདུན་མེད་པ་བཟོས་པ་དང་། སྐབས་དེའི་དུས་ཏཱ་ལའི་བླ་མའི་འཐོ་སློབ་མ་འགྲོ་ན་སློབ་ཡོན་མ་བསྤྲད་པ་སོགས་ཀྱི་ལག་བསྟར་བྱས་ཡོད་འདུག
    ཏཱ་ལའི་བླ་མ་འཐོ་སློབ་དེའི་ས་ཁང་ནི་ཨ་མ་ལགས་ཀྱི་སྲས་སྐུ་ཞབས་མིང་ཐོག་ཡོད་ཚུལ་འདུག་རབ་བྱུང་ན་༸གོང་ས་མཆོག་གི་མཚན་སྙན་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་ཚགས་ཚུད་དང་ཡག་པོ་ཡོང་བའི་ཐབས་ཤེས་དང་འགན་ལེན་བྱེད་དགོས་པ་ཡིན།

    Reply
  10. འཇིག་མེད་སེང་གེ་ says:
    ལོ་ 12 སྔོན།

    སྲིད་སྐྱོང་སྟེང་ལ་བཞུགས་དུས་འོག་གི་སྦྱིན་བདག་དེ་དག་མ་གཟིགས་པར། ཁོང་གིས་”བོད་ཕྲུག་ཁྱིམ་སྡེས་རང་ཁ་རང་གསོ་གནང་བར་བསྔགས་བརྗོད་ཞུ་གི་ཡོད་”ཅེས་གསུངས་སོང་། སྲིད་སྐྱོང་གིས་གསུངས་བཞིན་པའི་”རང་ཁ་རང་གསོ་”ཟེར་བ་དེ་འདི་འདྲ་ཞིག་ཡིན་ན་ཧང་སངས་ཧོན་ཐོར་གནང་དགོས་པ་ཞིག་རེད་མི་འདུག
    ཚོགས་པ་ཚང་མ་དེ་འདྲའི་ངོ་བོར་ཡོད་ཡོད་པ་རེད་པ།

    ཚོགས་གཙོ་མཆོག་མི་ཆེ་ཉམས་མེད་པ་དང་འདྲིས་བདེ་པོ། བོད་པའི་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་མཁན། གནའ་དེང་ཡ་མ་བྲལ་བ། ལས་དོན་ལ་ལྷག་བསམ་རྣམ་དག་རེད་འདུག་པས། མང་ཚོགས་ཀྱིས་ཁོང་རྒྱུས་ལོན་ཐུབ་སོང་།

    Reply
  11. སྟོང་བཙན། says:
    ལོ་ 12 སྔོན།

    ངས་བོད་ནང་དུ་ཁ་པར་བཏང་སྟེ་རྒྱུ་མཚན་བཤད་ནས་རྒྱ་གར་དུ་བུ་གུ་མ་གཏོང། འཕྲོ་བརླག་རེད་ཅེས་འབོད་སྐུལ་ཞུས་བསྡད་ཡོད། ཁྱེད་ཚོས་ཀྱང་དེ་ལྟར་གསུངས་རོགས། ད་ང་ཚོས་སྐད་ཆ་བཤད་རེ་བ་ཞུས་བསྡད་པས་ཕན་མ་ཐོག་པ་རེད་ལ། ༸གོང་ས་མཆོག་གི་ཐུགས་རེ་ཟེར་བ་དང། གངས་ཅན་བོད་ཀྱི་ཨ་མ་རྗེ་བཙུན་པད་མ་ཟེར་བ་སོགས་ཀྱང་མི་ཁ་ཤས་ཤིག་གི་ཚོང་རྫས་བེད་སྤྱོད་བྱས་བསྡད་ན་ག་བ་ཡོང་གི་རེད། དེས་གནས་སྟངས་འདི་བོད་ནང་ནས་གསལ་བོར་ཤེས་རྟོགས་བྱུང་ན་འགྲིག་ཚར་བ་རེད།

    སྤྱི་འཐུས་ཚོགས་གཙོ་ལགས། ཉིད་ནས་ཀྱང་སྐུ་ངལ་མ་བསྐྱོན། ཁྲམ་པ་འདི་ཚོ་བོད་གཞིས་ལུས་མི་མང་དང་བོད་ཀྱི་སྐད་ཡིག་རིག་གཞུང། ༸གོང་ས་མཆོག་གི་དགོངས་གཞི་བཅས་དོན་ངོ་མར་བརྩི་མཐོང་གང་ཡང་མེད་པའི་གནད་འགག་ཧ་གོ་དགོས་པ་རེད། བྱུང་ན་ལོ་རྗེས་མ་ནས་གཞུང་འབྲེལ་གྱིས་སྐུ་མགྲོན་དུའང་ཕེབས་རྒྱུ་ཡོད་པ་མ་རེད།།

    Reply
  12. བཀྲ་རྡོར། says:
    ལོ་ 12 སྔོན།

    སྤྱི་འཐུས་ཚོགས་གཙོ་མཆོག་གིས་གནས་དོན་དངོས་གནས་དེ་གླེང་གི་འདུག སྲིད་སྐྱོང་མཆོག་གིས་སྤྲེལ་ལད་དང་མང་ཚོགས་ཡ་མཚན་པ་བཟོ་ཐབས་བྱེད་ཀྱི་འདུག

    Reply
  13. ཇོ་སྲས། says:
    ལོ་ 12 སྔོན།

    དབུ་དཀར་པོ་ཚེ་དབང་ཡེ་ཤེས་ཀྱིས་བློ་བཟང་སེང་གེར་སྐུ་མགྲོན་གཙོ་བོ་བཏགས་ཤིང། ཀརྨ་པ་མཆོག་ཕེབས་རྗེས་བློ་བཟང་སེང་གེ་གཞི་ནས་རྫིག་ཉམས་དོད་པོས་ཕེབས། ཡིན་ནའང། གསུང་དགོས་པ་དེ་དང་ངོ་ར་གསལ་བོ་སྤྲོད་དགོས་པ་དེ་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྲད་སོང། སྙིང་རྗེ། སྤྱི་འཐུས་ཚོགས་གཙོ་མཆོག་ཚོགས་རྭར་ལམ་ཁ་གང་ཞིག་ནས་ཕེབས་མིན་ཀྱང་མི་མང་གིས་མཐོང་མེད་ཀྱང། བཀའ་སློབ་གནང་བ་དེས་བོད་ཕྱི་ནང་གཉིས་ཀྱི་སེམས་ལ་ངེས་པ་ཞིག་རྙེད་ཡོད་ཐག་ཆོད་ཡིན།

    བློ་བཟང་སེང་གེ་ལགས་ནས་ཅུང་ཙམ་མིན་ང་དང་ངའི་ཨ་ཞང་གི་གཏམ་བཤད་འགྲོས་ལ་འགྲོ་ལ་ཁེད་བྱས་ཀྱང། སྟབས་ཡག་ནས་༸གོང་ས་མཆོག་གི་དགོངས་གཞི་ཟེར་བ་དེ་ཁོང་གིས་ད་ལྟ་ཞེ་ནས་མིན་ཡང་ཁ་ནས་བསྒྲགས་རྒྱུར་འཛེམས་དོགས་བྱེད་ཀྱི་མེད་པ་འདྲ། ཡིན་ནའང། སྟབས་ཉེས་པ་ཞིག་ལ་ཤེས་ཡོན་སྲིད་བྱུས་དང། བོད་ཁྱིམ་སློབ་གྲྭའི་རྩིས་ཞིབ་སྐོར་ཚིག་གཅིག་ཕར་ཟད། ཟུར་སྟོན་ཙམ་ཡང་བྱེད་ཐུབ་མ་སོང། གནད་དོན་འདི་བོད་རྒྱ་ཆེའི་མི་མང་གིས་ཤེས་ན་ཡག་པོ་ཡོང་གི་རེད། ཚེ་དབང་ཡེ་ཤེས་ནས་བློ་བཟང་སེང་གེར་ཚད་ལས་བརྒལ་བའི་བཀུར་བཟོ་བྱས་པ་ཙམ་གྱིས་གནད་དོན་འདི་རྣམས་རང་དགར་ཡལ་འགྲོ་ངེས་ཤིག་སུས་ཀྱང་བསམས་མདོག་ཁ་པོ་མ་རེད་མོད། ཡིན་ནའང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese