མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐ་སྙད་གསར་འབྱོར།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་དོན་འཐབ་རྩོད་ལས་རིམ་ཁྲོད་ཞུ་གཏུག་ལས་འགུལ་ཟེར་བ་འདི་བརྡ་ཆད་གསར་འབྱོར་རེད། ཐ་སྙད་འདིའི་འོག་ན་བོད་མི་སྒེར་བའི་ལས་འགུལ་རླབས་ཆེན་སྐོར་ཞིག་དང་། གཞུང་དང་ཚོགས་པའི་ལས་འགུལ་ཡ་མཚན་སྣ་ཚོགས་ཡོང་གི་འདུག ངས་ཤེས་ཚོད་བྱས་ན་ཐ་སྙད་འདི་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་ནང་དཔལ་འབར་སྐོར་སྐྱོད་བྱས་པའི་སྔ་རྗེས་ཤིག་ནས་གཞུང་འབྲེལ་ཡིག་ཆ་དང་གསར་ལམ་ཁག་ནང་སིམ་འཛུལ་བྱས་ཏེ་རིམ་གྱིས་གཞིས་ཆགས་ཤིང་། ད་ལྟ་ཡན་ལག་དང་ཉིང་ལག་མང་པོ་རྒྱས་ཏེ་ཆབ་སྲིད་པ་ཚོའི་ཁ་ལ་བྱང་པོ་དང་མང་ཚོགས་ཀྱི་སེམས་ངོར་འཇུག་པོ་ཆགས་འདུག 

  བོད་སྐད་དུ་གསར་འབྱོར་དང་རྒྱ་གར་སྐད་དུ་ཀཱ་ཅཱ་ཞེས་བྱ་བའི་བོད་དོན་ཞུ་གཏུག་དང་བོད་དོན་སྐོར་སྐྱོད། བོད་དོན་ཞུ་འབོད་ཟེར་བའི་ཐ་སྙད་འདི་དག་བོད་དོན་འཐབ་རྩོད་ཀྱི་མིང་ཚིག་ལྗིད་པོ་དང་ཟིལ་ཤུགས་ཅན་དག་གི་ཁྲོད་ན། སློབ་སྦྱོང་མེད་མཁན་དང་སྤྱོད་པ་ལོག་མཁན། ཐ་ན་དེང་རབས་ཀྱི་འཕྲུལ་རིགས་དང་གྲོང་ཁྱེར་སོགས་ཀྱང་མཐོང་མ་མྱོང་མཁན་རྐྱང་ཡིན་སྟབས། ཐ་སྙད་གསར་འབྱོར་འདི་དག་གི་འོག་ནས་ལས་ཀ་ཡ་མ་བརླ་དང་ལས་འགུལ་ཆ་མ་ཆོ་རིགས་ཀྱང་འབྱུང་སྲིད་པ་རང་བཞིན་ཆོས་ཉིད་ཡིན། 

  སྤྱིར་བོད་མི་ཡོངས་ལ་བོད་དོན་འཐབ་རྩོད་ཀྱི་ལས་འགན་ཡོད་པ་བཤད་ཅི་དགོས། བཙན་བྱོལ་བོད་མི་ཡོད་དོ་ཅོག་འཛམ་གླིང་གང་སར་བོད་དོན་ཞུ་གཏུག་ཏུ་སྐྱོད་ཀྱང་ཉུང་དྲགས་མོད། བོད་པ་ཚོ་ཕྱི་རྒྱལ་དུ་འགྲོ་རྒྱུར་རྔམ་དང་གཅིག ཐ་སྙད་གསར་འབྱོར་འདི་དག་ལ་འགྲོ་སྟངས་མེད་དང་གཉིས། ན་ནིང་ད་ལོའི་རང་སྲེག་གི་འོག་ནས་བོད་དོན་ལས་འགུལ་བྲིན་རྒྱུག་ཆེ་བ་དང་གསུམ། ཆ་རྐྱེན་འདི་གསུམ་གྱི་འོག་ནས་བོད་མི་རེ་ཟུང་གིས་བོད་དོན་ཞུ་གཏུག་དེ་སྒེར་དོན་བརྩོན་ལེན་གྱི་གོ་སྐབས་ལ་ད་ལྟ་ནས་ལས་རིམ་སྒྲིག་བཞིན་འདུག    

  སྲིད་སྐྱོང་མཆོག་ཉེ་ལམ་ཨ་རི་ནས་ཕྱིར་འཁོར་མ་ཐག སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་དེ་སྤྱི་འཐུས་སྐོར་ཞིག་ཡུ་རོབ་ནང་བོད་དོན་ཞུ་གཏུག་ཏུ་ཕྱིན་སོང་། ཁོང་ཅག་ཕྱིར་འཁོར་མཚམས་བཀའ་བློན་རྣམ་པ་ལྔ་སླར་ཡང་ཡུ་རོབ་ནང་རང་སྐྱོང་ཟབ་སྦྱོང་ལ་ཕེབས་སོང་། འདིའི་སྔ་གཞུག་ལ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཡུ་རོབ་ནང་ཕེབས་སྐྱོད་གནང་གི་ཡོད་རབས་འདུག སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱི་སྣེ་ཁྲིད་འོག་ན་བཀའ་བློན་དང་སྤྱི་འཐུས། གཞུང་ཞབས། ཚོགས་པ་ཁག་གི་མི་སྣ་སོགས་ཀྱང་བང་བསྒྲིགས་ཏེ་བོད་དོན་ཞུ་གཏུག་ལ་དབྱིངས་འཕར་འདུག

  ནུབ་སྐྱོད་ཆེན་མོ་འདིའི་སྐབས་སུ་མང་ཚོགས་ཀྱིས་སྲིད་སྐྱོང་མཆོག་ཕྱི་རྒྱལ་ཞིག་ཏུ་ཡོད་ཤག་གིས་གངས་སྐྱིད་ན་བཀའ་བློན་མེད་པའི་གླེང་སློང་དང་། བོད་མིའི་སྒྲིག་འཛུགས་གང་འདྲ་ཆགས་ཡོང་ན་སྙམ་པའི་དངངས་འཚབ་བྱེད་བཞིན་པའི་སྐབས་ལ། ཏག་ཏག་ནེལ་སིན་མན་ཌ་ལཱ་མཆོག་སྐུ་གཤེགས་པ་རྐྱེན་ངན་གྲོགས་ཤར་ཆགས་ཏེ། སྲིད་སྐྱོང་མཆོག་གིས་ང་དྷ་རམ་ས་ལ་ན་བཞུགས་ཡོད་ཅེས་གངས་སྐྱིད་དྲིལ་བསྒྲགས་ཚོགས་ཁང་ནས་བདེན་དཔང་བྱས་སོང་། འདི་ཡང་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལྷིང་འཇགས་པོ་བཟོ་སྟངས་ཤིག་ལོས་ཡིན།  

གནད་དོན་འདི་དག་ངས་ཞོར་འཕྲོས་སུ་གླེང་བ་ཙམ་ལས་ཐ་སྙད་གསར་འབྱོར་སྤྲང་པོ་དེ་དག་གི་འོག་ན་ད་སྔ་སྤྱོད་པ་ལོག་པའི་ཛ་དྲག་གི་གནས་ཚུལ་འདི་དང་དེ་བྱུང་སོང་གི་ལས་བདའ་མིན་ཡང་། བོད་དོན་ཞུ་གཏུག་གི་མིང་ཐོག་ན་སྔ་རྗེས་བང་འགྲན་ཏེ་ཕྱི་རྒྱལ་ཁག་ཏུ་རྒྱུག་ཤར་གློད་བཞིན་པ་འདི་མ་འོངས་པར་ངོ་བོ་གང་འདྲ་ཆགས་སྲིད་པ་དང་ལབ་གླེང་ཅི་ཞིག་འབྱུང་སྲིད་པའི་ཉེན་བརྡ་ཡིན་ནོ།། 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist