མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་རྒྱ་མཚོའི་ཐོག་གི་རྒྱ་ནག་དང་ཨ་རིའི་འགལ་བ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨ་རིའི་བདེ་སྲུང་དྲུང་ཆེ་ཡིས་ཉེ་ཆར་རྒྱ་ནག་རྒྱ་མཚོའི་ལྷོ་ཕྱོགས་སུ་ཨ་རིའི་དམག་གྲུ་ལ་རྒྱ་ནག་གི་དམག་གྲུ་ཞིག་གིས་གདོང་ཐུག་རྒྱག་གྲབས་བྱས་པའི་སྐོར་ལ་བསྒྲགས་གཏམ་སྤེལ་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག  

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་གཉིས་ཙམ་གོང་ལ་རྒྱ་ནག་རྒྱ་མཚོའི་ལྷོ་ཕྱོགས་ཀྱི་སྤྱི་གཡར་མཚོ་ཁུལ་དུ། ཨ་རིའི་མཚོ་དམག་གྲུ་གཟིངས་ (USS Cowpen ) རྟགས་ཅན་དང་རྒྱ་ནག་གི་མཁའ་འགྲུལ་དམག་དོན་མཚོ་གྲུ་ལེའུ་ཎན་ (Liaoning)རྟགས་ཅན་གཉིས་གདོང་ཐུག་རྒྱག་གྲབས་བྱས་ཡོད་ཅིང་། དེར་ཕྱོགས་གཉིས་ཀྱི་མཚོ་དམག་ལ་ཞེད་སྣང་དང་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་མ་ཟད། ཉིན་འདི་གར་རྒྱ་ནག་རྒྱ་མཚོ་ལྷོ་ཕྱོགས་ཀྱི་མཚོ་གླིང་བདག་དབང་ཐད་རྒྱལ་ཁབ་གཉིས་བར་ཚོར་བ་རྣོན་པོ་ཆགས་ཡོད་སྟབས། སྲིད་དོན་པ་ཚོས་གླེང་སློང་ཆེན་པོ་བྱས་ཡོད། དེ་བཞིན། ཨ་རིའི་བདེ་སྲུང་དྲུང་ཆེ་ཧེ་གྷལ་( Chuck Hagel) ལགས་ཀྱིས་ཨ་རིའི་མཚོ་དམག་གྲུ་གཟིངས་ས་ཚིགས་སུ་རྒྱ་ནག་གི་མཁའ་འགྲུལ་དམག་དོན་གྲུ་གཟིངས་བཏང་བ་དེ་ནི་རྒྱ་ནག་གཞུང་གིས་འགན་མ་འཁུར་བའི་ཚབས་ཆེའི་བྱ་སྤྱོད་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་། གནད་དོན་དེས་ཨ་རྒྱའི་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་སྐོར་སོགས་བརྗོད་འདུག འོན་ཀྱང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་བདེ་སྲུང་དྲུང་ཆེ་ཡིས། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་མཚོ་ཐོག་དང་མཁའ་དབྱིངས་འགྲུལ་བཞུད་ཀྱི་ཐོབ་ཐང་དང་རང་དབང་ལོངས་སུ་སྤྱད་པ་དེར་ཨ་རིར་ཕོག་ཐུག་འགྲོ་དགོས་དོན་མེད་སྐོར་བརྗོད་འདུག

ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་། ཨ་རྒྱའི་བར་གྱི་ཞི་བདེ་རྒྱ་མཚོའི་རྩོད་རྙོག་སྐོར་ལ་བགྲོ་གླེང་དང་། གལ་ཏེ། རྒྱལ་ཁབ་གཉིས་ཀྱིས་ཞི་བའི་གྲོས་མོལ་བརྒྱུད་ཕྱོགས་གཉིས་ཀྱི་འགལ་ཟླ་མ་སེལ་ཚེ། མ་འོངས་པར་དམག་འཁྲུག་འབྱུང་སྲིད་སྐོར་རྗོད་བཞིན་ཡོད་པ་དང་། ཨ་རིས་གཞུང་གིས་རྒྱ་ནག་གིས་ཉེ་ཆར་ཞི་བདེའི་རྒྱ་མཚོའི་མཚོ་གླིང་མཁའ་དབྱིངས་ཐིག་ཚད་ཅིག་ཁྱབ་བསྒྲགས་བྱས་པ་དེ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁཱེ་རི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཧྥི་ལི་ཕིན་དང་ཝེ་ཋི་ནམ་བཅས་སུ་གཟིགས་སྐོར་གྱིས་ཨ་སྒོར་ས་ཡ་ ༧༠ ཙམ་སྤྲད་དེ་ཞི་བདེའི་རྒྱ་མཚོའི་བདག་དབང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་སྐུལ་འདེད་དང་། རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོ་དང་རྒྱ་ནག་རྒྱ་མཚོའི་ལྷོ་ཕྱོགས་ཁུལ་གྱི་བདག་དབང་རྩོད་གླེང་བྱེད་ཀྱི་ཡོད་པ་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་སྐོར་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཐབས་ཇུས་ལྟེ་གནས་ཁང་གི་ཞིབ་འཇུག་པ་རེག་ཧྥེ་ཤཱར་ལགས་ཀྱིས། ཨ་རིའི་དམག་དོན་གྲུ་གཟིངས་ཁག་གིས་རྒྱ་ནག་རྒྱ་མཚོའི་ལྷོ་དང་ཤར་ཕྱོགས་ཁུལ་དུ་སྲིད་བྱུས་ལངས་ཕྱོགས་གང་འདྲ་འཛིན་གྱི་ཡོད་མེད་ཐད་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གིས་དེར་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་ཚུལ་དང་། ཨ་རྒྱ་གཉིས་བར་ཐོན་པའི་ཙི་ཙི་དང་ཞི་མིའི་འཐབ་རྩོད་དེ་མ་འོངས་པར་མུ་མཐུད་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ལྷོ་ཤར་ཨེ་ཤ་ཡའི་སྲིད་བྱུས་ཆེད་མཁས་པ་ཁོར་ཎིན་ ( Richard Cronin) ལགས་ཀྱིས། གལ་ཏེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་རྙོག་ཐོག་གྲོས་མོལ་བརྒྱུད་དེ་སེལ་ཐབས་མ་བྱས་ཚེ། ཕྱོགས་གཉིས་བར་དམག་འཁྲུག་འབྱུང་སྲིད་སྐོར་དང་། ཉི་ཧོང་གི་དོ་དམ་འོག་ཡོད་པའི་ཞི་བདེ་རྒྱ་མཚོའི་མཚོ་གླིང་ཐོག་རྒྱ་ནག་གིས་མཁའ་དབྱིངས་ས་ཐིག་བཟོས་པ་དེ་ནི། རྒྱ་ནག་གིས་ཨ་རིའི་དམག་དོན་མཚོ་གྲུ་ཁག་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནས་ཕྱིར་འཕུད་གཏོང་ཆེད་དང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རིའི་ཤུགས་རྐྱེན་ལ་ཚོད་འཛིན་བྱ་ཆེད་ཡིན་སྐོར་སོགས་བརྗོད་འདུག



འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༧ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 6

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    གསེར་འབྲུག་སྡེར་ལྔས་གསུངས་པར་བདེན་ཆ་ཆེ། ད་དུང་ཁ་སྣོན་ཙམ་གྱི་ཚུལ་དུ་གླང་དར་དང་། ཨོ་རྒྱན་ལྷན་རྒྱས་གཉིས་ཀྱི་དགོངས་དཔྱད་ཀྱི་སླད་དུ། སྤྱིར་ན་ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཉིས་བརྒྱ་ཙམ་གྱི་ཁྲོད་དུ་རྒྱ་ནག་རྒྱལ་ཁབ་ཀྱི་དཔལ་འབྱོར་ནི་ཨང་རིམ་གཉིས་པའི་ཡང་རྩེར་སོན་ཡོད་པ་ནི་དོན་དངོས་ཀྱང་། དེའི་ཕྲག་སྟེང་གི་ཨང་རིམ་དང་པོ་དེ་ནི་ཨ་རི་རྒྱལ་ཁབ་ཡིན་པ་དེའང་དོན་དངོས་ཀྱི་གནས་བབ་ཅིག་ཏུ་ཀུན་ནས་གྲགས་ཏུ་ཡོད་པ་འདི་རེད། དེ་ནི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྱི་ཧེ་བག་ཙམ་རེད། དོན་དངོས་གཞན་ཞིག་ལ་རྒྱ་ནག་ནི་རྒྱལ་ཁབ་དང་གུང་ཁྲན་ཏང་ཡོན་རྣམས་ཕྱུག་བདག་ཏུ་གྱུར་ནས་ཡོད་མོད། རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གཉིས་ནི་སྤྱི་ཡོངས་ཀྱི་ཆ་ནས་ད་དུང་འབྱོར་འབྲིང་ཉུང་ངུ་དང་། གཙོ་བོ་སྐྱོ་བའི་འབྱོར་འབྲིང་དང་འབྱོར་མེད་ཉམ་ཐག་གི་ཁོངས་སུ་གཏོགས་ནས་ཡོད་པ་དང་། ཨ་རི་ནི་རྒྱལ་ཁབ་ཕྱུག་བདག་ཡིན་པ་ཙམ་དུ་མ་ཟད། མི་དམངས་ཀྱང་ཕྱུག་བདག་དང་། གཙོ་བོ་འབྱོར་འབྲིང་། ཆེས་ཉུང་ངུའི་ཉམ་ཐག་བཅས་སོགས་ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་གྱི་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དེའང་དོན་དངོས་ཀྱི་གནས་སུ་གྱུར་ནས་ཡོད།
    ད་ལྟའི་གནས་བབ་ལ་གཞིགས་ཏེ་དཔྱད་ཞིབ་མཁན་ཕལ་གྱིས་བརྗོད་གསལ། ད་དུང་མ་མཐའ་ཡང་ལོ་ངོ་ ༡༥ ནས་ ༢༠ བར་འདི་ལྟར་གནས་ངེས་ཡིན་སྐོར་བརྗོད་བཞིན་ཡོད།
    ད་དུང་འཕྲུལ་དམག་དང་། གནམ་དམག མཚོ་དམག་བཅས་ཀྱི་ཐད་ནས་ཀྱང་ད་ལྟའི་ཆར་ཨ་རི་སྒང་དུ་རྒྱལ་ཁབ་གཅིག་ཀྱང་མེད་པར་མཁས་དབང་རྣམ་པས་མགྲིན་དབྱངས་གཅིག་མཐུན་རེད་འདུག་ན། ཁྱོད་གཉིས་ཀྱིས་གནས་སྟངས་དེ་དག་མཁྱེན་པར་མཛོད་ཅིག

    Reply
  2. pema karpo says:
    ལོ་ 12 སྔོན།

    གླང་དར་དང་ཨོ་རྒྱན་གཉིས་ལ་ཞུ་རྒྱུ་
    གསེར་འབྲུག་སྡེར་ལྔས་དགོངས་འཆར་དེ་ག་འདྲེ་འདུག་??????????????????????

    Reply
  3. pema karpo says:
    ལོ་ 12 སྔོན།

    གསེར་འབྲུག་སྡེར་ལྔ ། མཆན་ལ་གོ་རྒྱུ་འདུག་ག་

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    མཆན་པ་ཏང་ཁྱི་འདི་གཉིས་ཀྱི་ཅི་ཞིག་བཤད་ཀྱིན་ཡོད་པ་རེད། ཨ་རིས་རྒྱ་ནག་ལ་ཞེད་སྣང་སྐྱེ་ཡི་མེད་པ་རེད་ལ་ཞི་བདེ་རྒྱ་མཚོའི་ཐོག་དབང་ཤུགས་ངེས་ཅན་བཟུངས་ཡོད་པ་རེད། ད་དུང་མཚོ་གླིང་བདག་དབང་ཐད་ཨ་རིས་ཐེ་བྱུས་བྱེད་སྟངས་ལ་བལྟས་ན་ཨ་རི་རྒྱ་ནག་ལ་ཞེད་པ་ཞིག་ཨེ་རེད། དེ་འདྲའི་ཞེད་སྣང་ཡོད་ན་ཐེ་བྱུས་རྩ་བ་ནས་བྱེད་ནུས་ཀྱི་མ་རེད། རྒྱ་ནག་གི་དཔལ་འབྱོར་ནི་གཞུང་དང་མི་དམངས་ཀྱི་དཔལ་འབྱོར་གཉིས་གནམ་སའི་བར་ཁྱད་ཤོར་ཡོད་པ་རེད། གཞུང་གི་དཔལ་འབྱོར་གྱི་མ་རྩ་ཨ་སྒོར་ཐོག་བཞག་ཡོད་པ་རེད། ད་ཆ་ཨ་སྒོར་ཛ་གནས་མར་ཤུགས་ཆེ་ཆགས་པར་བརྟེན་རྒྱ་ནག་ལ་གྱོང་རྒུད་ཤུགས་ཆེ་བྱུང་བས་སྐད་ངན་ཤོར་དང་ཤོར་མུས་རེད། དེ་མིན་ཚང་མ་འུར་སྒྲས་ཁེངས་པ་མ་གཏོག་ཐེ་ཝན་ཙམ་ཡང་བཅིངས་གྲོལ་གཏོང་མི་ཐུབ་པ་འདིས་གསལ་བསྟོན་བྱས་པ་རེད། གལ་ཏེ་རྒྱ་ནག་ཨ་རིར་ཁ་གཏད་བཅོག་ནུས་པ་ཞིག་ཡོད་ན་ཐེ་ཝན་བཅིངས་གྲོལ་བཏང་ཚར་ཡོད་རྒྱུ་རེད་ལ། ཞི་བདེ་རྒྱ་མཚོའི་མཚོ་གླིང་བདག་དབང་སྔ་ས་ས་ནས་ཚུར་བླངས་ཡོད་ཚོད་ཡིན།

    Reply
  5. གླང་དར་མ། says:
    ལོ་ 12 སྔོན།

    རྒྱ་ནག་གི་དམག་སྟོབས་ཤུགས་ཆེན་པོ་རྒྱས་བཞིན་ཡོད་སྟབས་ཨ་རིའི་སྣང་བར་མ་སོང་ནས་སྡུག་སྐད་ཤོར་གི་ཡོད་པ་རེད། ཨ་རི་རྒྱ་ནག་ལ་ཞེད་སྣང་སྐྱེ་བཞིན་ཡོད་པ་རེེད། ཡིན་ནའང་ཐབས་ཡོད་པ་མ་རེད་རྒྱ་ནག་གི་ཕྱི་ལོགས་སུ་མཐོང་བའི་དམག་སྟོབས་དེ་ལས་ལྷག་གི་ནང་ཁུལ་དུ་དམག་མིའི་སྟོབས་ཤུགས་དང་མཆོན་ཆ་གསོག་འཇོག་བྱས་ཡོད་པ་རེད།

    Reply
  6. ཨོ་རྒྱན། says:
    ལོ་ 12 སྔོན།

    ད་ནི་ཕལ་ཆེར་ཨ་རིའི་རྒྱ་ནག་ལ་བརླག་འཁེལ་ཐུབ་པ་མ་རེད་བསམ་གྱི་འདུག དཔལ་འབྱོར་དང་དམག་སྟོབས། ཤེས་ཡོན་སོགས་ཕྱོགས་གང་ཐད་ནས་དཀའ་ལས་ཁག་པོ་ཆགས་ཚར་པ་རེད།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese