མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆོད་འབུལ་ཞིག་གི་རྙོག་གླེང་།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ངོ་རྒོལ་ལ་མ་ལྟོས་པར་དམག་ཆེན་གཉིས་པའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་དམག་མི་ཚོའི་རྗེས་དྲན་ལྷ་ཁང་ལ་མཆོད་འབུལ་དུ་སྐྱོད་ཡོད།

ཁ་སང་རྒྱ་ནག་རྒྱལ་ཡོངས་ནང་མའོ་ཙེ་ཏུང་གི་སྐྱེས་སྐར་ཐེངས་ ༡༢༠ པ་སྲུང་གཙི་གཟབ་རྒྱས་བྱེད་བཞིན་པའི་སྐབས། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ལགས་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་ཉི་ཧོང་གི་དམག་མི་ཚོའི་རྗེས་དྲན་མཆོད་འབུལ་ལྷ་ཁང་ཡཱ་སུ་ཁཱོ་ཎེ་ (Yasukuni shrine)ཞེས་པའི་ནང་ཆེས་མཐོའི་མཆོད་འབུལ་དུ་བསྐྱོད་ཡོད་ཅིང་། གནས་ཚུལ་དེས་རྒྱ་ནག་དང་ལྷོ་ཀོ་རི་ཡ་གཉིས་ཁོང་ཁྲོ་ཆེན་པོ་བསླངས་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅིན་ཀང་( Qin Gang)གིས། ཐེངས་འདིའི་ཤིང་ཛོ་ཨ་བྷེ་ཡི་བྱེད་སྟངས་དེས་ཀྲུང་གོའི་རྒྱལ་ཁབ་དང་དམག་ཆེན་གཉིས་པའི་ནང་གནོད་འཚེ་ཕོག་མཁན་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མི་མང་ཚོའི་བརྩེ་སེམས་ལ་རྡོག་བརྫིས་བཏང་ཞིག་ཡིན་པ་དང་། གལ་ཏེ་གནས་ཚུལ་དེར་རྐྱེན་བྱས་ཏེ་མ་འོངས་པར་རྒྱལ་ཁབ་གཉིས་བར་བསམ་ཡུལ་ལས་འདས་པའི་གནས་ཚུལ་འདྲ་ལྷག་ཚེ་ཉི་ཧོང་གིས་འགན་འཁུར་དགོས་སྐོར་བརྗོད་འདུག

ལྷོ་ཀོ་རེ་ཡཱའི་རིག་གཞུང་བློན་ཆེན་ཡོ་ཅིན་ཡུང་ ( Yoo Jin Ryong)གིས། ཉི་ཧོང་སྲིད་བློན་གྱི་བྱེད་སྟངས་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ངན་པ་བཞག་ཡོད་པ་མ་ཟད། དེ་ནི་ལོ་རྒྱུས་ཀྱི་བདེན་དོན་ལ་ངོས་ཟིན་གསལ་བོ་བྱུང་མེད་པའི་བྱེད་སྟངས་ཤིག་ཡིན་ཚུལ་བརྗོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁཱེ་རེ་དང་། ཉི་ཧོང་ནང་ཡོད་པའི་ཨ་རིའི་གཞུང་ཚབ་སོགས་ཀྱིས་ཀྱང་ལྷོ་ཤར་ཨེ་ཤ་ཡའི་བདེ་འཇགས་ལ་དགོངས་པ་མ་བཞེས་པ་ཞིག་ཡིན་སྟབས་ཨ་རིར་བློ་ཕམ་བྱུང་སྐོར་བརྗོད་ཡོད་པ་དང་། ཉི་ཧོང་རང་གི་དམངས་གཙོ་ཚོགས་པ་དང་དྲང་བདེན་ཚོགས་པ། དམར་ཤོག་ཚོགས་པ། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཚོགས་པ། ལྗང་ཁུ་ཚོགས་པ། མི་དམངས་ཚོགས་པ་སོགས་ཀྱིས་ཀྱང་སྲིད་བློན་ཨ་བྷེ་ཡི་བྱེད་སྟངས་དེ་ནི། རྒྱལ་ཁབ་དང་མི་མང་གི་ཁེ་ཕན་དང་། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་ལམ་ལ་འགན་མ་འཁུར་པའི་བྱ་སྤྱོད་ཅིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

འོན་ཀྱང་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ལགས་ཀྱིས། ངས་དེ་རིང་སྲིད་དབང་བཟུང་སྟེ་ལོ་ངོ་གཅིག་འཁོར་བ་དང་བསྟུན་ཏེ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་དང་། འབྱུང་འགྱུར་དམག་འཐབ་ནང་མང་ཚོགས་ལ་སྡུག་བསྔལ་མི་ཡོང་བའི་ཆེད་དམ་བཅའ་ཞུ་བར་ཕྱིན་པ་ལས། རྒྱ་ནག་དང་ཀོ་རེ་ཡཱའི་མང་ཚོགས་ཀྱི་སེམས་ལ་ཕོག་ཐུག་འགྲོ་དགོས་པའི་གནས་ཚུལ་ཞིག་མིན་སྐོར་བརྗོད་འདུག  ཐེངས་འདིའི་མཆོད་འབུལ་དེ་ནི་ ༢༠༠༦ ལོའི་རྗེས་ལ་ཉི་ཧོང་གི་སྲིད་བློན་ཞིག་གིས་ལྷ་ཁང་དེར་མཆོད་འབུལ་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་ཐེངས་འདིར་དམག་འཁྲུག་ཁྲོད་ཀྱི་ཉེས་ཅན་ཚོར་མཆོད་འབུལ་བྱས་པ་དེས་རྒྱ་ནག་དང་ཀོ་རེ་ཡཱ་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་དང་ཉི་ཧོང་གིས་རྩོད་གླེང་བྱེད་པའི་ཞི་བདེ་རྒྱ་མཚོ་མངའ་ཁུལ་སིན་ཁཱ་ཁུ་(Senkaku)མཚོ་གླིང་གི་རྩོད་རྙོག་ཐད་མེ་འབར་བའི་སྒང་ལ་ཤིང་བསྣན་པ་ལྟར་ཆགས་ཡོད་སྐོར་བརྗོད་འདུག

ཉི་ཧོང་གི་མེས་པོའི་རྗེས་དྲན་མཆོད་འབུལ་ལྷ་ཁང་ཡཱ་སུ་ཁཱོ་ཎེ་ (Yasukuni shrine) ཞེས་པ་དེ་ནི་ཐོག་མ་ ༡༨༦༩ ལོར་ཉི་ཧོང་གི་རྒྱལ་པོ་མེ་ཇེ་( Meiji)ལགས་ཀྱིས་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དག་ལ་རྗེས་དྲན་ཞུ་ཆེད་གསར་བཞེངས་བྱས་པ་ཞིག་ཡིན་ཡང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཉི་ཧོང་གཞུང་གིས་མཆོད་ཁང་དེ་དམག་འཁྲུག་ཁྲོད་འདས་གྲོངས་སུ་ཕྱིན་པའི་སྲིད་བློན་ཨེ་ཌི་ཁཱེ་ ( Hideki Tojo) སོགས་གནད་ཡོད་མི་སྣ་ ༡༣ དང་། དམག་མི་དཀྱུས་མ་ས་ཡ་ ༢།༥ ཙམ་ལ་ཆེ་བསྟོད་རྗེས་དྲན་མཆོད་ཁང་གི་ངོ་བོར་བསྐྱར་བཞེངས་བྱས་ཡོད་སྟབས། རྒྱ་ནག་དང་ཀོ་རེ་ཡཱའི་གཞུང་དམངས་ཀྱིས་དེ་ནི་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་དམག་མིས་རྒྱ་ནག་དང་ཀོ་རེ་ཡའི་མི་མང་ས་ཡ་མང་པོ་དམར་གསོད་བཏང་བའི་དམྱལ་བ་མི་ཡུལ་དུ་མྱོང་ས་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༧ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese