མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་སྲིད་བློན་གྱི་རྐུབ་སྟེགས་སུ་ལ་འཐོབ་སྲིད།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱ་གར་གྱི་སྲིད་བློན་འོས་མིའི་སྐོར་ལ་བསམ་ཤོག་བསྡུས་པ་བརྒྱུད་བྷེ་ཇཱའེ་པི་ཚོགས་པའི་འོས་མི་སྐུ་ཞབས་ཎ་རིན་ཌ་མུ་དྷིར་འོས་ཚད་མཐོ་ཤོས་རག་ཡོད་འདུག

ཁ་སང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྡི་ལིའི་མང་ཚོགས་ཚོས་བསམ་ཤོག་འཕངས་པ་བརྒྱུད་མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པ་( AamAadmi Party)ཞེས་པས་འདི་ལོའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོའི་ཁྲོད་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད་དང་། ཐེངས་འདིའི་སྲིད་བློན་འོས་མིའི་ཁྲོད་བྷེ་ཇཱའེ་པི་ཚོགས་པའི་འོས་མི་སྐུ་ཞབས་ཎ་རིན་ཌ་མུ་དྷི་ ( NarendraModi ) ལགས་སུ་བསམ་ཤོག་མང་ཤོས་ཨང་དང་པོ་དང་། མི་སེར་དཀྱུས་མའི་ཚོགས་པའི་སྲིད་བློན་འོས་མི་ཨར་ཝུན་ཁེ་ཅེ་རེ་ཝལ་( ArvindKejiriwal)ལགས་ཨང་གཉིས་པ། ཀོང་རེ་སེའི་ཚོགས་པའི་སྲིད་བློན་འོས་མི་ར་ཧུལ་གྷན་དྷི་(Rahul Gandhi)ལགས་ཨང་གསུམ་པ་བཅས་ཐོབ་ཡོད་འདུག

དུས་བབ་གསར་ཁང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་ ༨ དེ། ལྡི་ལི་ ( Delhi )དང་མོམ་བྷེ། ( Mumbai)། ཀཱ་ལི་ཀཱ་ཐཱ ( Kolkata)། མ་ངྷི་ར་སི ( Madras)། བྷིང་ལོར ( Bangalore )། ཧེ་དྷར་པཱ་ཐཱ ( Hyderabad)། པུ་ཎེ ( Pune)། ཨ་མི་ཌ་ལྦ་ཐཱ ( Ahmeddabad)སོགས་ཀྱི་མི་མང་རང་ལོ་ ༡༨ ནས་ ༤༥ བར་གྱི་མང་ཚོགས་ ༢༠༡༥ ཙམ་ལ་བསམ་ཤོག་བསྡུས་པ་ལྟར་ན། ཁག་ཅིག་གིས་སེར་དཀྱུས་མའི་ཚོགས་པར་འོས་བསྡུ་ཆེན་མོའི་ཁྲོད་གྲོས་ཚོགས་འཐུས་མིའི་རྐུབ་སྟེགས་ ༢༦ ནས་ ༥༠ བར་ཐོབ་རྒྱུ་དང་། མང་ཚོགས་བརྒྱ་ཆ་ ༢༦ ཙམ་གྱིས་རྐུབ་སྟེགས་ ༥༡ ནས་ ༡༠༠ བར་ཐོབ་རྒྱུ་ཡིན་པ། བརྒྱ་ཆ་ ༡༡ ཙམ་གྱིས་འཐུས་མི་ ༡༠༠ ལྷག་གྱི་རྐུབ་སྟེགས་ཐོབ་རྒྱུ་ཡིན་པ་བཅས་ཀྱི་ཚོད་དཔག་བྱས་ཡོད་པ་དང་། ཁྱོན་ཡོངས་ནས་ཐེངས་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་མི་འབོར་བཞི་ཆའི་ ༣ ཙམ་གྱིས་མི་སེར་དཀྱུས་མའི་ཚོགས་པར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་མང་མོས་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་འདུག  
ཐེངས་འདིའི་སྲིད་བློན་འོས་མིའི་སྐོར་ལ་བྷེ་ཇཱའི་པི་ཚོགས་པའི་སྲིད་བློན་འོས་མི་སྐུ་ཞབས་ཎ་རིན་ཌ་མུ་དྷི་ལགས་ལ་མང་ཚོགས་བརྒྱ་ཆ་ ༥༤ དང་། མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པའི་འོས་མི་ཨར་ཝུན་ཁེ་ཅེ་རེ་ཝལ་ལགས་སུ་བརྒྱ་ཆ་ ༢༥། ཀོང་རེ་སེ་ཚོགས་པའི་འོས་མི་ར་ཧུལ་གྷན་དྷིར་ལགས་སུ་བརྒྱ་ཆ་ ༡༤ བཅས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་སྟབས། བྷེ་ཇཱའི་པིའི་སྲིད་བློན་འོས་མིར་བརྒྱ་ཆ་མཐོ་ཤོས་ཐོབ་ཡོད་ཀྱང་། མ་ངྷ་ར་སི་དང་མོམ་བྷེ་གཉིས་ནང་མི་སེར་དཀྱུས་མའི་ཚོགས་པའི་སྲིད་བློན་འོས་མིར་བརྒྱ་ཆ་མང་ཤོས་ཐོབ་ཡོད་འདུག

ཐེངས་འདིའི་འོས་བསྡུ་ཆེན་མོའི་ཁྲོད་མི་སེར་དཀྱུས་མའི་ཚོགས་པས་བྷེ་ཇཱའི་པི་དང་ཀོང་རེ་སེ་ཚོགས་པ་གཉིས་ཕམ་ཉེས་ཆེན་པོ་གཏོང་རྒྱུ་ཡིན་སྐོར་དང་། ལྷག་པར་དུ་ཏཱ་མིལ་ཎ་ངྷའོ་ས་ཁུལ་ནང་དབང་ཤུགས་ཆེན་པོ་ཡོད་པའི་ཌི་ཨེམ་ཁེ་ ( DKM)དང་ཨལ་ཨའེ་ཌི་ཨེམ་ཁེ་ ( AIADMK) ཚོགས་པ་གཉིས་ལ་འོས་བསྡུའི་ཁྲོད་བརྒྱ་ཆ་ ༤༤ ཙམ་གྱིས་ཕམ་ཉེས་ཕོག་རྒྱུ་ཡིན་སྐོར་བསྒྲགས་འདུག
ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ནང་མང་ཚོགས་ཚོས་མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པར་དོ་སྣང་ཆེན་པོ་བྱེད་དགོས་དོན་གང་ཡིན་སྐོར་ལ་རྒྱུས་ལོན་བྱས་པར། མང་ཚོགས་བརྒྱ་ཆ་ ༤༠ ཙམ་གྱིས་མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པས་ཉམ་ཐག་གི་དཀའ་ངལ་མང་པོ་ཞིག་ལ་ལྷག་བསམ་རྣམ་དག་ཐོག་བཅོས་བསྒྱུར་གཏོང་གི་ཡོད་སྐོར་དང་། མང་ཚོགས་བརྒྱ་ཆ་ ༣༥ ཙམ་གྱིས་ཚོགས་པ་འདིའི་མགོ་ཁྲིད་ཚོ་གཞུང་དྲང་ཡིན་ཡིན་སྐོར། བརྒྱ་ཆ་ ༢༤ ཙམ་གྱིས་ཚོགས་པ་འདིས་མང་ཚོགས་ཀྱི་མངོན་འདོད་ལྟར་གཞུང་འཛིན་སྐྱོང་བྱ་འཆར་ཡོད་པ། མང་ཚོགས་ ༤༤ ཙམ་གྱིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དག་ཉུང་དུ་གཏོང་ཐུབ་སྐོར། མང་ཚོགས་བརྒྱ་ཆ་ ༢༩ ཙམ་གྱིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དག་རྩ་མེད་བཟོ་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད་འདུག

མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པས་སྣེ་ཁྲིད་པའི་ལྡི་ལི་ས་གནས་སྲིད་གཞུང་ལ་མང་ཚོགས་བརྒྱ་ཆ་ ༧༠ ཙམ་གྱིས་གདེང་འཇོག་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ་ལྡི་ལིའི་མང་ཚོགས་བརྒྱ་ཆ་ ༨༣ ཙམ་གྱིས་ཆ་འཇོག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཡོངས་ནང་མང་ཚོགས་བརྒྱ་ཆ་ ༦༠ ཙམ་གྱིས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། རིན་མེད་ཆུ་སྤྲོད་པ་དང་གློག་རིན་ཆག་ཡངས་གཏོང་བའི་སྲིད་ཇུས་དག་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ལ་འགན་ཁུར་མ་བླངས་པའི་བྱ་ཐབས་ཤིག་ཡིན་སྐོར་སྐྱོན་བརྗོད་ཀྱང་ཕོག་གི་ཡོད་འདུག འོན་ཀྱང་། མང་ཚོགས་བརྒྱ་ཆ་ ༦༠ ཙམ་གྱིས་སྲིད་ཇུས་དེས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་ཕན་ཐོགས་ཡོད་སྐོར་དང་། གཞན་བརྒྱ་ཆ་ ༢༧ ཙམ་གྱིས་དཔལ་འབྱོར་འཕེལ་རྒྱས་ཐོག་དོ་ཕོག་འགྲོ་རྒྱུ་ཡིན་སྐོར་བཅས་བསྒྲགས་འདུག

མང་ཚོགས་ཚོས་མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པར་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་བྱས་ན། ཁོ་ཚོས་ཆབ་སྲིད་ཚོགས་པར་དཔལ་འབྱོར་ཐོག་རོགས་རམ་དང་འོས་བསྡུའི་ཆེད་ཁྱབ་བསྒྲགས་བྱེད་མིན་སྐོར་ལ་མང་ཚོགས་བརྒྱ་ཆ་ ༤༧ ཙམ་གྱིས་དཔལ་འབྱོར་ཐོག་མཐུན་རྐྱེན་སྦྱོར་གྱི་མིན་སྐོར་དང་། བརྒྱ་ཆ་ ༤༡ ཙམ་གྱིས་རོགས་རམ་བྱེད་ཀྱི་ཡིན་སྐོར་རྗོད་བཞིན་ཡོད་ཀྱང་། མང་ཚོགས་བརྒྱ་ཆ་ ༤༧ ཙམ་གྱིས་ཆབ་སྲིད་ཚོགས་པ་ཁྱབ་བསྒྲགས་དང་། བརྒྱ་ཆ་ ༤༢ ཙམ་གྱིས་དུས་ཚོད་བཏང་སྟེ་ཁྱབ་བསྒྲགས་བྱེད་ཀྱི་མིན་སྐོར་བརྗོད་འདུག འགའ་ཞིག་གིས་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་མི་སེར་དཀྱུས་མའི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་དགོས་ན་ལྡི་ལི་ས་གནས་སྲིད་གཞུང་ཇི་ལྟར་འཛིན་མིན་ལ་རག་ལས་ཡོད་སྐོར་སོགས་རྗོད་བཞིན་ཡོད་འདུག

ད་ལྟ་ཆབ་སྲིད་ཚོགས་པ་ཁག་གིས་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་ཆེད་འོས་མི་ཁྱབ་བསྒྲགས་དང་དཔལ་འབྱོར་མཁོ་སྒྲུབ། མང་ཚོགས་སྐུལ་སློང་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese