མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་དང་ཨུ་རུ་སུའི་བར་གྱི་ཡུའུ་ཁུ་རཱེན།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུའི་བཙན་འཛུལ་འོག་ཡུན་རིང་དཀའ་སྡུག་མྱངས་རྗེས་རང་བཙན་ཐོབ་པའི་ཡུའུ་ཁུ་རཱེན་རྒྱལ་ཁབ་ནང་སླར་ཡང་ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སུའི་ཤུགས་རྐྱེན་བསླེབས་ཏེ་རྙོག་ཟིང་ཆེན་པོ་ཆགས་ཡོད།

ཟླ་འགའི་གོང་ནས་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཡུའུ་ཁུ་རཱེན་ནང་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ། ད་ལྟའི་ཨུ་རུ་སུའི་ཤུགས་རྐྱེན་འོག་གི་སྲིད་གཞུང་བརྗེ་བོ་རྒྱག་དགོས་པ་དང་། ཡུ་རོབ་མཐུན་ཚོགས་དང་མཉམ་འབྲེལ་གྱིས་དཔལ་འབྱོར་ཚོང་འབྲེལ་བྱེད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་པ་དང་། ཟླ་འདིའི་ཚེས་ ༢༡ ཉིན་རྒྱལ་ས་ཁཱད་ཧྥིའི་ནང་མི་མང་སྟོང་ཕྲག་མང་པོས་གཞུང་ལ་ངོ་རྒོལ་བྱས་མཐར། སྲིད་གཞུང་གིས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་བཏང་སྟེ་དྲག་གནོན་བྱས་ཏེ་མི་ ༨༨ དམར་གསོད་དང་། གཞན་མང་པོ་འཛིན་བཟུང་བྱས་ཡོད་འདུག

ཛ་དྲག་གི་གནས་ཚུལ་དེ་བྱུང་མ་ཐག་ཚེས་ ༢༢ ཉིན་ཡུའུ་ཁུ་རཱེན་གྲོས་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྐོངས་ཏེ། ད་ལྟའི་གཞུང་འཛིན་ཚོགས་པ་རྩིས་མེད་དང་སྲིད་འཛིན་ཡཱ་ཎོ་ཁོ་བེ་ཆི་ (Viktor Yanukovych)སྲིད་འཛིན་ལས་ཕྱིར་འཕུད། དེ་སྔོན་གཞུང་དངུལ་ལྐོག་ཟ་དང་དབང་ཆ་སྒེར་སྤྱོད་བྱས་པའི་མིང་ཐོག་ནས་བཙོན་འཇུག་བྱས་ཡོད་པའི་ལྕམ་ཊི་མོ་ཤན་ཁོ་ (Yulia Tymoshenkko) ལགས་ཀློད་གྲོལ། བར་བརྒལ་སྲིད་གཞུང་གསར་འཛུགས་ཀྱིས་ད་ལྟའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཊོར་ཆི་ཎོ་བེ་ (Oleksandr Turchynov)ལགས་བར་བརྒལ་གཞུང་གི་སྲིད་བློན་དུ་བསྐོ་བཞག་བཅས་བྱས་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་རྒྱལ་ཡོངས་འོས་བསྡུ་བྱས་ཏེ་སྲིད་འཛིན་གསར་པ་བསྐོ་བཞག་བྱ་རྒྱུའི་ཐག་གཅོད་སོགས་བྱས་ཡོད་འདུག

ཡུའུ་ཁུ་རཱེན་ནང་ཨ་རི་དང་ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྗེས་སུ་འབྲང་མཁན་རིགས་ཤིག་དང་། ཨུ་རུ་སུ་དང་རྒྱ་ནག་སོགས་ཤར་ཕྱོགས་ཀྱི་རྗེས་སུ་འབྲང་མཁན་བཅས་ཤོག་ཁག་གཉིས་ཆགས་ཡོད་སྟབས།སྲིད་འཛིན་ཕྱིར་འཕུད་གསལ་བསྒྲགས་བྱས་མ་ཐག ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྗེས་སུ་འབྲང་མཁན་མི་མང་གིས་དགའ་བསུ་ཆེན་པོ་བྱས་ཏེ་གྲོང་ཁྱེར་ཁག་ནང་གི་ལེ་ཉིན་དྲན་གསོའི་རྡོ་རིང་གཏོར་བཤིག་བཏང་ཡོད་པ་དང་། ཤར་ཕྱོགས་ཨུ་རུ་སུའི་རྗེས་འབྲང་བ་ཚོས་ཡུའུ་ཁུ་རཱེན་རྒྱལ་དར་ཕབ་ནས་ཨུ་རུ་སུའི་རྒྱལ་དར་སྒྲེང་བ་སོགས་བྱས་ཏེ་ཡུའུ་ཁེ་རཱེན་རྒྱལ་ཁབ་དེ་དུམ་བུ་གཉིས་ཆགས་རྒྱུའི་ཉེན་ཁར་ཐུག་ཡོད།

གསར་དུ་བསྐོ་བཞག་བྱས་པའི་བར་བརྒལ་གཞུང་གི་སྲིད་འཛིན་ཊོར་ཆི་ཎོ་བེ་མཆོག་གིས་ཚེས་ ༢༣ ཉིན་རྒྱལ་ཡོངས་བརྙན་འཕྲིན་དང་རླུང་འཕྲིན་ཁག་བརྒྱུད་དེ་མི་མང་ལ་གཏམ་བཤད་སྤེལ་བའི་ནང་། རྒྱལ་ཁབ་ཀྱི་ཞི་བདེ་བརྟན་བརླིང་གཙོར་བཟུང་ཐོག་མི་མང་གི་མངོན་འདོད་ལྟར། ཡུ་རོབ་མཐུན་ཚོགས་དང་མཉམ་དུ་དཔལ་འབྱོར་རོགས་སྐྱོར་གྲོས་མོལ་བྱེད་པར་མོས་མཐུན་དང་། ནུབ་ཕྱོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཡུའུ་ཁུ་རཱེན་དཔལ་འབྱོར་ཉམས་རྒུད་བསྐྱར་གསོ་ལ་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

ཡུའུ་ཁུ་རཱེན་ཆབ་སྲིད་གཡོ་ཁྱོམ་དང་བསྟུན་ཏེ་དཔལ་འབྱོར་ཉམས་རྒུད་ཤུགས་ཆེན་བྱུང་སྟེ། ད་ལྟའི་ཆར་གཞུང་ལ་ཨ་སྒོར་ཐེར་འབུམ་ ༣༥ ལྷག་གི་གྱོང་ཕོག་ཡོད་སྟབས། རྒྱལ་སྤྱིའི་དངུལ་ཁང་གིས་ཨ་སྒོར་ཐེར་འབུམ་ ༡༥ ལྷག་གི་རོགས་སྐྱོར་ཁས་ལེན་བྱས་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་དང་ཨ་རི།དབྱིན་ཡུལ། ཧྥ་རན་སི། འཇར་མན་སོགས་ཀྱིས་ཀྱང་རོགས་སྐྱོར་བྱ་འཆར་ཡོད་འདུག

ཨུ་རུ་སུ་གཞུང་གིས་སྲིད་འཛིན་ཡཱ་ཎོ་ཁོ་བེ་ཆི་ལ་རྒྱབ་སྐྱོར་བྱེད་ཆེད་ཡུའུ་ཁུ་རཱེན་གྱི་ཤར་ལྷོ་ཕྱོགས་གྲོང་ཁྱེར་ཁག་ནང་དམག་དཔུང་གཏོང་རྒྱུར་གྲ་སྒྲིག་བྱས་ཡོད་ཀྱང་། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་བྱེད་སྟངས་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་སྟབས། ཚེས་ ༢༤ ཉིན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་བེ་རོབ་བེ་ (Sergei Lavrov)ཡིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། “ཨུ་རུ་སུས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་ལངས་ཕྱོགས་རྒྱུན་སྐྱོང་བྱེད་རྒྱུ་ཡིན་” ཞེས་བརྗོད་ཡོད།

ཚེས་ ༢༥ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་དང་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཧེད་གྷོ་ (William Hague ) ལགས་གཉིས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡུའུ་ཁུ་རེ་ཡཱའི་གནད་དོན་ཐོག་གྲོས་མོལ་བྱས་རྗེས། ཇོན་ཁད་རེ་ཡིས།  “ ཡུའུ་ཁུ་རེ་ཡཱའི་གནད་དོན་དེ་ནུབ་ཕྱོགས་དང་ཤར་ཕྱོགས་གཉིས་བར་ཁ་གཏད་གཅོག་དགོས་པ་ཞིག་མིན་ལ། ལྷག་པར་དུ་ཨ་རི་དང་ཨུ་རུ་སུ་གཉིས་བར་གྱི་གནད་དོན་ཞིག་ཀྱང་མིན། དེ་ནི་ཡུའུ་ཁུ་རཱེན་མི་མང་གི་མ་འོངས་བའི་འདམ་ག་ཞིག་ཡིན་སྟབས། ང་ཚོས་ཨུ་རུ་སུ་དང་རྒྱལ་ཁབ་གཞན་དག་དང་མཉམ་དུ་ལས་ཀ་བྱེད་རྒྱུ་ཡིན་” ཞེས་གསར་འགོད་པར་བརྗོད་འདུག

ཚེས་༢༦ཉིན། ཨུ་རུ་སུའི་སྲིད་འཛིན་པོ་ཊིན་གྱི་བཀའ་ཁྱབ་འོག ཨུ་རུ་སུའི་བདེ་སྲུང་བློན་ཆེན་ཤོད་གྷོ་ (Sergei Shoigu) ལགས་ཀྱིས། ཡུའུ་ཁུ་རཱེན་གྱི་སྲིད་དོན་དཀའ་རྙོག་གིས་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་མིང་ཐོག་ནས། ཡུའུ་ཁུ་རེ་ཡཱའི་ལྷོ་ཕྱོགས་ཁུ་རེ་མྰེ་ (Crimea) གཙོས་ས་མཚམས་འགར་ཨུ་རུ་སུའི་དམག་དཔུང་གིས་དམག་སྦྱོང་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། དེ་མ་ཐག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བདེ་སྲུང་བློན་ཆེན་ཚོས་ཀྱང་ཛ་དྲག་ཚོགས་འདུ་བསྡུས་ཡོད་པ་དང་། ནུབ་ཕྱོགས་མཉམ་འབྲེལ་དམག་དཔུང་(NATO)གི་སྤྱི་ཁྱབ་དྲུང་ཆེ་ཡིས་གསར་འགོད་པར།འཛམ་གླིང་རྒྱལ་ཁབ་ཚང་མས་ཡུའུ་ཁུ་རཱེན་གྱི་བདག་དབང་དང་རང་བཙན། རྒྱལ་ཁོངས་གཅིག་འགྱུར་ལ་གུས་བརྩི་བྱེད་པར་ཡིད་ཆེས་བྱེད་ཀྱི་ཡོད། གལ་སྲིད། རྒྱལ་ཁབ་སུས་གནད་དོན་དེར་རྡོག་རོལ་བཏང་ན་གདོང་ལེན་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

བར་བརྒལ་གཞུང་གིས་ཚེས་ ༢༤ ཉིན། དེ་སྔའི་སྲིད་འཛིན་ཡཱ་ཎོ་ཁོ་བེ་ཆི་ཡིས་ཕྱོགས་འགལ་ཚོགས་པའི་ངོ་རྒོལ་བ་ ༨༠ ལྷག་དམར་གསོད་བཏང་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བཀའ་རྒྱ་བཏང་ཡོད་ཀྱང་། ཁོ་བེ་ཆི་ཕྱིར་འཕུད་བཏང་རྗེས་ཁོ་གར་སོང་ཆ་མེད་ཆགས་ཡོད་འདུག བར་བརྒལ་གཞུང་གིས་ཁོ་རྒྱལ་ཁབ་གཞན་ནང་བྲོས་བྱོལ་དུ་ཕྱིན་མེད་པར་ཁུ་རེ་མྰེ་ (Crimea)ནང་སྦས་སྐུང་བྱས་ཡོད་ཚུལ་བརྗོད་ཀྱང་། ཨུ་རུ་སུའི་(RBK)གསར་ཤོག་གིས། ཟླ་འདིའི་ཚེས་ ༢༥ ཉིན་གྱི་དགུང་དྲོར་ཨུ་རུ་སུའི་རྒྱལ་ས་མོ་སུ་ཁོ་(Moscow)ཡི་དམིགས་བསལ་སྡོད་གནས་ཤིག་ཏུ་མི་ཞིག་གིས་མཐོང་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ།ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

སྐར་མ ༨ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

སྐར་མ ༢༦ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese