མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གི་སྲིད་འཛིན་གྱིས་རྒྱ་གར་རྒྱ་ནག་གཞུང་ཚབ་ཆེན་མོ་ཨ་ཤོག་ཁན་ཌ་མཆོག་ལ་རྒྱ་དཀར་ནག་གི་འབྲེལ་ལམ་གལ་ཆེན་དུ་བཟུང་བཞིན་ཡོད་སྐོར་བསྒྲཊ་འདུག

ཟླ་འདིའི་ཚེས་ ༢༠ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཉེ་ལམ་གསར་དུ་བསྐོ་བཞག་བྱས་པའི་རྒྱ་ནག་རྒྱ་གར་གཞུང་ཚབ་ཆེན་མོ་ཨ་ཤོག་ཁན་ཌ་ (Ashok Kantha) མཆོག་གི་གཙོས་གཞུང་ཚབ་ཁག་ ༡༢ ཙམ་ལ་གཞུང་འབྲེལ་སྣེ་ལེན་གྱི་མཛད་སྒོ་ཞིག་སྐོང་ཚོགས་གནང་སྟེ། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལོ་རྒྱུས་ཐོག་གལ་ཆེ་ཤོས་ཤིག་ཏུ་བཟུང་གི་ཡོད་པ་མ་ཟད། ཞི་ཅིན་ཕིན་ཁོ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཚགས་ཚུད་ལམ་ལྷོང་ཡོང་བར་སྐུལ་འདེད་བྱེད་མཁན་གྱི་ཕོ་ཉ་ཡིན་སྐོར་བསྒྲགས་འདུག

དེ་ནི། ཞི་ཅིན་ཕིན་གྱིས་ཉེ་ལམ་རྒྱ་དམག་གིས་རྒྱ་གར་བྱང་ཤར་མངའ་སྡེ་ཁག་དང་ལ་དྭགས་ས་མཚམས་བཅས་སུ་བཙན་འཛུལ་འཇིགས་སྐུལ་བྱེད་བཞིན་ཡོད་པ་མ་ཟད། པ་ཀི་སི་ཐན་ལ་དཔུང་རོགས་བྱས་ཏེ་རྡུལ་ཕྲན་གློག་རྡུལ་མ་ལག་དང་གློག་ཁང་གསར་རྒྱག དེང་རབས་གོ་མཚོན་གྱི་ལག་ཆ་མང་པོ་བཙོང་བ་བཅས་ཀྱིས་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཤུགས་ཆེར་ཕྱིན་ཡོད་སྟབས། འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་ཡར་རྒྱས་ཡོང་ཆེད་བརྗོད་པ་ཞིག་ཡིན་འདུག

ཞི་ཅིན་ཕིན་གྱིས། “ ངས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ནི་ལོ་རྒྱུས་ཐོག་གལ་ཆེ་ཤོས་ཤིག་ཏུ་བཟུང་གི་ཡོད་པ་མ་ཟད། རང་ངོ་རང་ཤེས་དང་རང་འགན་རང་འཁུར་བྱས་ཏེ་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་ཡོང་ཐུབ་པ་བྱ་རྒྱུ་ཡིན” ཞེས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་གར་ནི་རྒྱ་ནག་འཕེལ་རྒྱས་ཡོང་ཐབས་ལ་མེད་དུ་མི་རུང་བའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་གར་དང་མཉམ་འབྲེལ་བྱས་ཏེ་འཛམ་གླིང་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ལོ་འདིའི་ལོ་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན། ༡༩༥༤ ལོར་རྒྱ་དཀར་ནག་གཉིས་བར་གྲོས་མཐུན་དོན་ཚན་ལྔ་ལ་མིང་རྟགས་བཀོད་དེ་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། རྒྱ་གར་ནང་གཟིགས་སྐོར་གནང་སྟེ་སྲིད་གཞུང་གསར་བའི་མགོ་ཁྲིད་དང་ཐུག་འཕྲད་ཀྱིས་ཚོང་འབྲེལ་དང་ས་མཚམས། མཉམ་ལས། ཁེ་ལས་གསར་འཛུགས། མ་འཇོག་བྱེད་ཕྱོགས་སོགས་ཀྱི་ཐད་གྲོས་མོལ་བྱ་རྒྱུ་ཡིན་འདུག

༢༠༡༤ ལོ་ནི་རྒྱ་དཀར་ནག་གཉིས་ཀྱི་མཛའ་འབྲེལ་མཐུན་ལམ་གྱི་ལོར་སྲུང་གཙི་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༨ ཉིན་རྒྱ་གར་འཆར་འགོད་ལྷན་ཁང་གི་འགན་འཛིན་གཞོན་པ་མོན་ཌེག་སིན་ (Montek Singh Ahluwalia) ལགས་རྒྱ་ནག་ཏུ་ཕྱིན་སྟེ་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལེ་ཁ་ཆང་གཉིས་ལ་ཐུག་ཕྲད་གནང་སྟེ། རྒྱ་དཀར་ནག་གཉིས་ཀྱི་ཐབས་ཇུས་དང་དཔལ་འབྱོར་གནད་དོན་ཐད་གྲོས་མོལ་གནང་ཡོད་པ་མ་ཟད། ༢༠༡༥ ལོའི་ནང་ཚུན་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་ཚོང་དོན་གྲོས་ཆོད་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་འདུག

ཟླ་ ༤ པའི་ཚེས་ ༡༨ ཉིན་ནས་དུས་ཡུན་ཟླ་གཉིས་ཙམ་རིང་རྒྱ་གར་ལ་རྒྱང་ལྟ་བྱེད་པ་ (Glimpses of India) ཞེས་པའི་མིང་བྱང་འོག རྒྱ་གར་གྱི་རིག་གཞུང་འགྲེམས་སྟོན་ཚོགས་ཆུང་ཞིག་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ཁྲོན་ཆིན (Chongqing)། ཁྲིན་ཏུའུ (Chengdu)། ཀོང་ཀྲིག (Guangzhou) ཧོང་ཀྲིག (Hangzhou)། ཧོང་ཀོང་། ཏ་ལེན (Dali)། ཁོན་མེན (Kunming)། ཧྲང་ཧེ (Shanghai)། ཝུ་རའོ་མུའུ་ཆི (Urumqi)། ལྷ་ས། ཆིན་ཏོ ( Qingdao) བཅས་གྲོང་ཁྱེར་ ༡༢ ནང་རྒྱ་གར་གྱི་གློག་བརྙན་དང་དེང་དུས་རི་མོའི་སྒྱུ་རྩལ། རིག་གཞུང་འཁྲབ་སྟོན། རྒྱ་གར་གྱི་སྙན་གྲགས་ཆེ་བའི་རྩོམ་པ་པོ་དག་གི་བརྩམས་ཆོས་སོགས་འགྲེམས་སྟོན་བྱ་འཆར་ཡོད་འདུག

རྒྱ་ནག་རྒྱ་གར་གཞུང་ཚབ་ཆེན་མོ་ཨ་ཤོག་ཁན་ཌ་ (Ashok Kantha) ལགས་ནི། རྒྱ་གར་གཞུང་གི་ལྷོ་ཤར་ཨེ་ཤ་ཡའི་གནད་དོན་སྐོར་གྱི་དྲུང་ཆེ་ཟུར་པ་ཡིན་པ་མ་ཟད། དེ་སྔོན་ཤི་རི་ལན་ཁའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་གནང་མྱོང་མཁན་ཞིག་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese