མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབའ་བ་ཕུན་ཚོཊ་དབང་རྒྱལ་ལ་ཆེད་གཉེར་ཞིབ་འཇུག་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

འབའ་ཕུན་ཚོཊ་དབང་རྒྱལ་ཐོག་མར་ལྷ་སར་ཡོང་སྟེ་སྡེ་བ་གཞུང་གི་སྐུ་དྲག་དང་དབང་ཆ་ཡོད་མཁན་ཚོར་འབྲེལ་བྱས་ནས་བོད་ནང་གསར་བརྗེ་ལས་འགུལ་སྤེལ་ཡང་ལམ་ལྷོང་མ་བྱུང་སྟབས། ཕྱིའི་རྒྱབ་བརྟེན་གུང་ཁྲན་དམག་མི་བོད་ནང་བཅོས་བསྒྱུར་བྱེད་པར་འཁྲིད་ཡོང་བ་རེད་ཟེར།

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༠༠ སྟེང་། ངྷ་ས་མེག་གྷན་ཉིན་སློབ་ཚོཊ་ཁང་དུ་ས་རཱ་མཐོ་སློབ་ཀྱི་དང་བླངས་སློབ་མ་ཁག་ཅིག་གི་གོ་སྒྲིག་འོག ༼མི་རིཊ་ཀྱི་དཔའ་བོ་ཕུན་ཚོཊ་དབང་རྒྱལ་ལ་མྱ་ངན་རྗེས་དྲན་བགྲོ་གླེང་༽ཞེས་པ་ཞིག་གོ་སྒྲིག་གནང་སོང་ལ། བགྲོ་གླེང་གི་གདན་ཞུ་སྐུ་མགྲོན་དུ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་དང་རང་དབང་ཉམས་ཞིབ་པ་ཨ་ཚོགས་ཀླུ་མཁར་བྱམས་ལཊ། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལཊ་བཅས་དང་། དེ་བཞིན་ངྷ་ས་ཁུལ་གྱི་སེར་སྐྱ་མང་ཚོཊ་བཅས་མི་ ༡༠༠ ཙམ་འཛོམས་སོང་།  བགྲོ་གླེང་ཐོག་འབའ་བ་ཕུན་ཚོཊ་དབང་རྒྱལ་མཆོག་གི་ནང་མིར་ཐུཊ་གསོའི་འཚམས་འདྲི་དང་སྐར་མ་གཅིག་རིང་ངག་བཅད་མྱ་ངན། གོ་སྒྲིག་པས་དམ་པ་ཁོང་གི་མི་ཚེ་ལོ་རྒྱུས་དང་བགྲོ་གླེང་གོ་སྒྲིག་གནང་བའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་རྗེས། བགྲོ་གླེང་བ་གསུམ་གྱིས་དམར་ཤོག་རིང་ལུགས་དང་འབྲེལ་བའི་བོད་མི་གསར་བརྗེ་བ་ཕུན་ཚོགས་རྒྱལ་གླེང་བ་ཞེས་པ་དང་། བོད་ཀྱི་བདེན་པའི་འཐབ་རྩོད་དང་འབྲེལ་བའི་ཕུན་དབང་རྒྱལ་གླེང་བ། བོད་ཀྱི་ཉེ་རབས་ལོ་རྒྱུས་དང་འབྲེལ་བའི་ཕུན་ཚོཊ་དབང་རྒྱལ་གླེང་བ་བཅས་བརྗོད་གཞི་གསུམ་གྱི་ཐོག་གཏམ་བཤད་དང་མཇུག་ཏུ་དྲི་བ་དྲི་ལན་བཅས་གནང་སོང་།

སྐབས་དེར་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་ཀྱིས་དམར་ཤོག་རིང་ལུཊ་དང་འབྲེལ་བའི་བོད་མི་གསར་བརྗེ་བ་ཕུན་ཚོཊ་དབང་རྒྱལ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ༡༩༠༤ ལོར་འབའ་བར་མི་མང་ཡར་ལངས་བྱས་ཏེ་རྒྱ་ནག་མན་ཇུའི་ཨམ་བན་ལས་རོཊ་དང་དམག་མི་ཚང་མ་བསད་པ་དང་། མན་ཇུས་དམག་མི་བཏང་སྟེ་འབའ་བའི་མི་མང་པོ་དམར་གསོད་བཏང་བའི་ཁོར་ཡུག་ནང་འབའ་བ་ཕུན་ཚོཊ་དབང་རྒྱལ་སྐྱེས་པ་དང་། ཕྱིའི་མི་རིཊ་ཀྱིས་སོ་སོའི་ལུང་པར་བཙན་གནོན་བྱེད་བཞིན་པའི་གནས་སྟངས་ལས་སྐྱོབ་ཆེད་ཁོང་རྒྱ་ནག་ནང་སོང་སྟེ་མ་ཁེ་སི་ལེ་ཉིན་རིང་ལུཊ་ཀྱི་མི་རིཊ་ལྟ་གྲུབ་དང་རྒྱལ་ཁབ་སྐྱོང་བའི་ཕྱི་སྲིད་རིང་ལུཊ་བཅས་ལ་སློབ་སྦྱོང་རིམ་པ་གནང་སྟེ། བོད་རྒྱལ་ཁབ་དང་མི་རིཊ་ལ་འདྲ་མཉམ་དང་གཉའ་གནོན་མེད་པའི་སྒྲིག་འཛུཊ་ཤིག་འཛུཊ་ཆེད། ༡༩༣༩ ལོར་ཁྲོན་ཆིན་དུ་ཚོཊ་འདུ་ཤིག་གི་སྐབས་ཆོལ་ཁ་གསུམ་གྱི་གཞོན་སྐྱེས་མཉམ་འཛོམས་ཀྱི་ཚོགས་པ་བཙུགས་པ་དང་། མཐའ་མར་ཁོང་རང་ལྷ་སར་བསླེབས་ནས་བཀའ་བློན་དང་སྐུ་དྲག གནད་ཡོད་མི་སྣ་བཅས་ལ་ཐུག་འཕྲད་ཀྱིས་ཁོང་ཚོའི་བསམ་བློ་ལ་འགྱུར་བ་གཏོང་བར་འབད་བརྩོན་གནང་ནས་བོད་སྤྱི་ཡོངས་ལ་འགྱུར་བ་གཏོང་རྒྱུའི་ལས་འགུལ་སྤེལ་ཆེད་ལྷ་སར་དགེ་རྒན་བྱས་པ་དང། དེ་དུས་ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་བོད་ལ་གདན་འདྲེན་ཞུས་ཚེ། བོད་ལ་ཕན་ཐོགས་པའི་བསམ་བློ་འཁུར་ནས་ཡོང་བ་དང་། སེམས་ནང་གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་ཀྱིས་བོད་ལ་བདེ་སྐྱིད་ཅིག་བསྐྲུན་རྒྱུ་བསམ་ཡང་གྲུབ་འབྲས་མ་བྱུང་སྟབས། ཕྱིའི་སྟོབས་ཤུགས་ལ་བརྟེན་ནས་བོད་ནང་ལ་འགྱུར་བ་གཏོང་བའི་ལམ་ཁ་ཞིག་ཆགས་ཡོད་ཀྱང་། རྒྱ་མིའི་གཡོ་སྒྱུའི་སྲིད་བྱུས་གསལ་རུ་ཕྱིན་པ་དང་།  ༡༩༥༦ ལོའི་ཆིན་ཏོ་མི་རིགས་ཚོགས་འདུ་སྐབས་མི་རིགས་ལྟ་བ་དང་རྒྱ་ནག་མི་རིགས་ཆེན་པོ་གཉིས་བར་རྩོད་པ་ཆེན་པོ་བྱུང་སྟབས། རྒྱ་མིས་ཁོང་གི་ལངས་ཕྱོཊ་གསལ་བོ་ཤེས་ཏེ་ཁོང་མུ་མཐུད་བོད་ནང་བསྡད་ན་ཉེན་ཁ་ཆེན་པོར་ཡོད་པ་ཤེས་ནས་པེ་ཅིན་དུ་བོས་ནས་ལོ་ ༡༨ རིང་བཙོན་འཇུག་བྱས་ཡོད་སྐོར་སོཊ་བརྗོད་སོང་།

ཡང་ཁོང་གིས།  “ མི་རིཊ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཆོག་པ་མ་ཁུ་སི་ལེ་ཉིན་རིང་ལུཊ་ཀྱི་ལྟ་གྲུབ་ངོ་མ་རེད། གལ་སྲིད། མི་སུ་ཞིག་གིས་མི་རིཊ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་ངོས་ལེན་མེད་ཚེ། དམར་ཤོག་རིང་ལུགས་ཚད་དང་ལྡན་པ་ཞིག་མིན་ཞེས་ལེ་ཉིན་རིང་ལུཊ་ནང་བཤད་ཡོད། ཕུན་ཚོཊ་དབང་རྒྱལ་ལཊ་ཀྱིས་ཕྱི་རྒྱལ་མི་རིགས་བཙན་གནོན་བྱེད་མཁན་ཚོ་ཕྱིར་འབུད་གཏོང་ཆོག་པའི་ལངས་ཕྱོཊ་སྲིད་བྱུས་བོད་ནང་ལ་འཁྱེར་ཡོང་བར་ཁོང་བཙོན་ཁང་འགྲོ་དགོས་པའི་ནག་ཉེས་ཆེ་ཤོས་ཡིན། ཡིན་ནའང་། ཁོང་ཀློད་གྲོལ་བཏང་རྗེས།  ༡༩༨༢ ལོར་རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་སྐབས་མི་རིཊ་རྩ་ཁྲིམས་སྐོར་ལ་རྩོད་ལེན་བྱེད་མཁན་གཙོ་བོ་ཁོང་རང་ཆཊ་བསྡད་ཡོད། ཁོང་གིས་མ་ཁེ་སིའི་མི་རིཊ་རིང་ལུགས་ཀྱི་ལྟ་གྲུབ་གཙོ་བོ་མི་རིཊ་འདྲ་མཉམ་རེད། མི་རིཊ་འདྲ་མཉམ་མེད་ན་མི་རིཊ་མཐུན་སྒྲིལ་རྩ་བ་ཉིད་ནས་ཡོང་རྒྱུ་མེད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་མི་རིཊ་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོཊ་རམ་བྱེད་པའི་སྤྱི་ཚོཊ་རིང་ལུཊ་ཀྱི་སྲིད་བྱུས་འཛུཊ་ཐུབ་པ་བྱུང་ཡོད་ལ། ད་ལྟའི་བར་ཁོང་གིས་རྒྱ་ནག་ནང་མི་རིཊ་འདྲ་མཉམ་བརྩད་ཡོད།” ཅེས་བརྗོད་སོང་།

རང་དབང་ཉམས་ཞིབ་པ་ཨ་ཚོཊ་ཀླུ་མཁར་བྱམས་ལཊ་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་དང་འབྲེལ་བའི་ཕུན་ཚོཊ་དབང་རྒྱལ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ༧གོང་ས་མཆོག་གིས་འབའ་བ་ཕུན་ཚོཊ་དབང་རྒྱལ་ལ་མི་རིཊ་ཀྱི་དཔའ་བ་ཞེས་པའི་མཚན་གསོལ་གནང་བ་ལྟར། མི་རིཊ་ཀྱི་དཔའ་བོ་ཡིན་ཐག་ཆོད་རེད། ཡིན་ནའང་། མི་རིགས་ཀྱི་དཔའ་བོ་ཞེས་པར་མི་འདྲ་བ་ཁ་ཤས་ཤིག་ཡོད་པ་དང་། ཁོང་གི་མི་ཚེ་གཅིག་ལ་འབད་བརྩོན་བྱས་ཀྱང་དམིགས་ཡུལ་མ་གྲུབ་སྟབས། ཁོང་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་ན་སྐྱོ་གར་གྱི་དཔའ་བོ་ཞིག་ལ་ངོས་འཛིན་དགོས་ཀྱི་ཡོད། སྤྱིར་བཏང་དཔའ་བོ་ཡིན་ན་སྐུ་ཚེ་ཐུང་ན་ཡག་པོ་ཡོད། སྐུ་ཚེ་རིང་པོར་བཞུགས་ན་མཐའ་མར་འཆོལ་འགྲོ་བའི་ཉེན་ཁ་ཡོད་ཀྱང་། འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་སྐུ་ཚེ་སྨད་ལས་སྐུ་ཚེ་སྟོད་ལ་བློ་ཁོག་ཆེ་རུ་ཆེ་རུ་ཕྱིན་པ་དང་། མཛད་རྗེས་དང་ཤེས་རྒྱ་ཕྱོགས་གང་ཐད་ནས་མངོན་ཡོང་ཡོད་པས་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་པར་བཤད་ཆོག ན་གཞོན་ཚོས་འབའ་བ་ཁོང་ལ་སློབ་སྦྱོང་བྱེད་སྐབས་བོད་ཀྱི་ཉེ་རབས་ལོ་རྒྱུས་དང་རྩོད་སྒྲུབ་རིག་པ། མ་ཁེ་སི་ལེ་ཉིན་གྱི་མི་རིགས་རིང་ལུགས་བཅས་ཀྱི་ཁྱབ་ཁོངས་ཆ་ཚང་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཁོང་གི་མི་ཚེའི་ལོ་རྒྱུས་ཕྱོགས་སྣ་ཚོགས་ལ་འབྲེལ་ཡོད་པར་བརྟེན། ཁོང་ལ་ཆེད་གཉེར་ཞིབ་འཇུག་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

ཡང་ཁོང་གིས། “ འབའ་བ་ཕུན་ཚོཊ་དབང་རྒྱལ་སྐུ་གཤེཊ་ཚར་དུས་ང་ཚོས་ངོས་འཛིན་སྣ་ཚོགས་ཤིག་བྱེད་ཀྱིན་འདུག ༧གོང་ས་མཆོག་གིས་འབའ་བ་ལ་གདེང་འཇོག་གནང་བའི་ཚད་ཧ་ཅང་མཐོན་པོ་རེད། ༧གོང་ས་མཆོག་གི་བཀའ་སློབ་ནང་ཁོང་རྒྱ་མིའི་སྐུ་ཚབ་ཀྲང་ཅིན་ཝུའུ་དང་མཉམ་དུ་ལྷ་སར་ཡོང་སྐབས། ཁོང་གིས་བོད་ལྭ་གྱོན་པ་མ་ཟད། ང་ལ་ཕྱག་འཚལ་བ་རེད་ཅེས་གསུང་བ་དེ་༧གོང་ས་མཆོག་གིས་གདེང་འཇོག་གནང་སྟངས་ཤིག་རེད། ཡིན་ནའང་། དེའི་སྐོར་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་བལྟས་ཡོང་དུས། སྐབས་དེར། མའོ་ཙེ་ཏུང་གིས་ཀྲང་ཅིན་ཝུའུ་ལ་ཁྱོད་ཀྱིས་ཏཱ་ལའི་བླ་མར་ཕྱག་འཚལ་རོགས་རྗོད་སྐབས། ཀྲང་གིས་ང་གུང་ཁྲན་ཏང་ཡོན་ཞིག་གིས་ཕྱག་འཚལ་ན་མི་འགྲིག་པར་བཤད་པ་དང་། ཁོ་རང་ལྷ་སར་བསླེབས་ནས་ཀྱང་མའོ་ཡི་བཀའ་བཀོད་ལྟར་ཕྱག་འཚལ་རྒྱུ་ཁས་ལེན་མ་བྱས་པར་འབའ་བ་ལ་ཀྲང་ཅིན་ཝུའུ་ཡི་ཚབ་བྱས་ནས་ཕྱག་འཚལ་བཅུག་པའི་སྐད་ཆ་ཡོད་པ་རེད། དེ་བཞིན། སྐབས་དེར་ཁོས་བོད་ལྭ་གྱོན་པའི་གནས་ཚུལ་དེ་ཡང་འདྲ་བོ་ཡོད་ཀྱང་། བོད་མི་ཚོས་རྒྱ་མིའི་དབང་བསྒྱུར་དང་ལེན་བྱས་པ་ཡིན་ན། ཁོ་ཚོས་བོད་མིའི་ཆོས་དང་རིག་གཞུང་ལ་གུས་ཞབས་བྱེད་ཀྱི་ཡིན་པའི་སྐད་ཆ་དེ་འདྲ་བཤད་སྟབས། འབའ་བས་བོད་ཀྱི་ལྭ་བ་གྱོན་ཟེར་བ་དེ་ཡང་གུང་ཁྲན་ཏང་གིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་ལས་འབའ་བས་དགའ་མོས་ཐོག་ནས་གྱོན་ཡོད་མེད་བཤད་ཁག་པོ་རེད། ༧གོང་ས་མཆོག་སྐུ་སྒེར་ལ་མཚོན་ན་འབའ་བ་སྐུ་དྲིན་ཆེན་པོ་ཡིན་སྟབས། ཁོང་གིས་གསུང་འཕྲིན་དུས་ཐོག་བསྩལ་བ་དྲིན་ཆེན་ལ་དྲིན་ལན་གནང་སྟངས་ཤིག་རེད་བསམ་ཀྱི་ཡོད། ༧གོང་ས་མཆོག་གིས་དེ་སྔ་ནས་ང་རང་ནང་པ་ཕྱེད་ཀ་དང་དམར་ཤོག་ཕྱེད་ཀ་ཡིན་གསུངས་ཡོད། ༧གོང་ས་མཆོག་དམར་ཤོག་ཕྱེད་ཀ་བཟོ་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་རེད། ” ཅེས་བརྗོད་སོང་།

ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟབས་ལགས་ཀྱིས་བོད་ཀྱི་ཉེ་རབས་ལོ་རྒྱུས་དང་འབྲེལ་བའི་ཕུན་ཚོགས་དབང་རྒྱལ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ༡༩༡༤ ལོ་ནས་བཟུང་དེ་སྔོན་ཡུ་རོབ་ནང་དེང་དུས་སློབ་སྦྱོང་ཆེད་བསྐྱོད་མཁན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་མགོ་ཁྲིད་ནས་སྐབས་དེའི་བོད་གཞུང་ལ་གསར་བརྗེ་བྱེད་སྐབས། ཁོང་གི་རང་གཤིས་ལ་ལྟ་སྟངས་ཡོད་པ་དང་ཚོགས་པའི་ནང་ནང་རུལ་བ་བྱུང་ནས་ཁོང་གི་གསར་བརྗེ་ལ་ཕམ་ཉེས་བྱུང་བ་རེད། དེའི་རྗེས་ཀ་ལོན་སྦུག་ཏུ་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཅེས་པའི་ཚོགས་པ་ཞིག་བཙུགས་ཀྱང་། ཚོགས་མིའི་སྦོམ་མདའ་རབ་དགས་གོ་མིན་ཏང་གི་དངུལ་བཟས་པའི་གནས་ཚུལ་ལྷག་པ་དང་ཚོགས་མི་རྣམས་བོད་གཞུང་གིས་ཕྱིར་འབུད་བྱས་པ་རྐྱང་ཡིན་སྟབས། བོད་གཞུང་དང་བོད་མིས་ཁས་ལེན་བྱེད་ཐབས་མེད་པས་ལམ་ལྷོང་བྱུང་མེད། དེའི་རྗེས་ཕུན་ཚོཊ་དབང་རྒྱལ་གྱིས་བོད་རིགས་དམར་ཤོག་ཚོགས་པ་བཙུགས་ཏེ། བོད་ནང་གསར་བརྗེ་ལས་འགུལ་སྤེལ་དུས། ཁོང་རང་འབྲི་ཆུ་ཤར་བརྒྱུད་ཀྱི་མི་ཞིག་ཡིན་པ་དང་། ཁོང་གིས་གསར་བརྗེའི་ནང་རྒྱ་ནག་དམར་ཤོག་འཁྲིད་ཡོད་པས་ལས་འགུལ་ཕམ་ཉེས་བྱུང་ཡོད་ཚུལ་སོགས་བརྗོད་དེ། བོད་ཡོངས་སུ་གྲུབ་པའི་གསར་བརྗེ་བཙན་བྱོལ་ནང་བསླེབས་རྗེས་གཞི་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཐུགས་རེའི་ནང་ཡོད་པ་བཞིན། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོས་སྐུ་ལས་མང་པོ་བསྐྱོན་ནས་མང་གཙོ་ཀ་བ་གསུམ་གྱི་གཞུང་ཞིག་གསར་འཛུཊ་ཐུབ་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. ཡུལ་གྱར་བའི་མི་ཚེ། says:
    ལོ་ 11 སྔོན།

    བོད་ནང་རྒྱ་མི་དང་པོ་འཁྲིད་མཁན་གྱིས་དཔའ་བོ་རེད་

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    གོ་སྒྲིག་གནང་མཁན་གྱི་དགོངས་པ་ཡག་པོ་ཁྱེར་ཡོད་ན་ཡང་། ཕུན་དབང་གླེང་མཁན་གྱི་མི་འདི་འདྲ་རྐྱང་རྐྱང་རེད་བྱ། ཁོང་ཚོས་བཤད་པ་ཡོད་ཚད་རྣ་ཐོས་གོ་བརྒྱུད་ཙམ་ལས་དོན་དངོས་ཀྱི་ཕུན་དབང་རྩ་བ་ནས་གླེང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese