མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཕམ་ཐག་གཅོད་ཀྱི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་གྱི་མངའ་སྡེ་ ༡༢ ནང་གྲོས་ཚོགས་འོག་མའི་འཐུས་མི་ ༡༢༡ ཙམ་འོས་འདེམས་བྱས་ཏེ་གཞུང་འཛིན་ཚོགས་པ་སུ་ཆགས་ལ་རྒྱལ་ཕམ་གྱི་འགྲན་རྩོད་ཅིག་བྱས་ཡོད་འདུག རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་ལས་རིམ་དེ་ས་ཁུལ་ཁག་དགུ་ལ་དབྱེ་ཡོད་པ་ལས། ཁ་སང་ཚེས་ ༡༧ ཉིན་ས་ཁུལ་རིམ་པ་ལྔ་པ་ཀཱ་ཎཱ་ཀྲ་ཁཱ་དང་ར་ཇེ་སི་ཐན། མཱཧ་ར་ཤི་ཌ། ཡུ་པི་སོགས་མངའ་སྡེ་ ༡༢ ནང་མགོ་འཛུགས་བྱས་ཏེ། གྲོས་ཚོགས་འཐུས་མི་ ༡༢༡ ཙམ་འོས་འདེམས་བྱས་ཡོད་ཅིང་། ད་རེབ་ནི་གྲོས་ཚོགས་འཐུས་མི་མང་ཤོས་ཡོད་པའི་རྒྱལ་ཕམ་དབྱེ་འབྱེད་ཀྱི་འོས་བསྡུ་དེ་ཆགས་ཡོད་འདུག

འོས་བསྡུའི་ཁྲོད་ཀཱ་ཎཱ་ཀྲ་ཁཱ་མངའ་སྡེའི་འཐུས་མི་ ༢༨ དང་། ར་ཇེ་སི་ཐན་གྱི་འཐུས་མི་ ༢༠། མཱཧ་ར་ཤི་ཌ་ཡི་འཐུས་མི་ ༡༩། ཡུ་པི་ཡི་འཐུས་མི་ ༡༡། ཨོ་རི་སའི་འཐུས་མི་ ༡༡། མཱ་དྷེཡ་པར་དྷི་ཤི་ཡི་འཐུས་མི་ ༡༠། བྷེ་ཧར་གྱི་འཐུས་མི་ ༧། ཇར་ཁནཌི་ཡི་འཐུས་མི་ ༦། ནུབ་བྷང་གྷལ་གྱི་འཐུས་མི་ ༤། ཆཱ་དྷིསེ་གྷར་གྱི་འཐུས་མི་ ༣། ཇམ་མུ་དང་ཀཱ་ཤི་མེར་གྱི་འཐུས་མི་ ༡། མ་ནི་པུར་གྱི་གྲོས་ཚོགས་འཐུས་མི་ ༡ བཅས་འོས་འདེམས་བྱས་ཡོད་འདུག

ཀཱ་ཎཱ་ཀྲ་ཁཱའི་ནང་འོས་ཤོག་ལྡུག་མཁན་ས་ཡ་ ༤༦།༢ ཡོད་ཅིང་། དེ་དག་གིས་འོས་མི་ ༤༣༥ ལ་འོས་ཤོག་ཕང་སྟེ་འོས་འདེམས་བྱེད་བཞིན་ཡོད་འདུག་ལ། ཀོང་རེ་སི་ཚོགས་པའི་སྙན་གྲགས་ཆེ་བའི་འོས་མི་ཁག་ནི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སིདྷ་རམ་ (Siddaramaiah) ལགས་དང་། དབུས་གཞུང་གི་བློན་ཆེན་ཝུ་ར་པཱ་ (Veerappa Moily) ལགས། རྒྱ་གར་ཨེན་ཧྥོ་སི་ ( Infosy) ཁེ་ལས་ཀྱི་སྤྱི་ཁྱབ་གཞོན་པ་ཟུར་པ་ཎན་ཌིན་ (Nandan Nilekani) ལགས། བྷེ་ཇཱའེ་པི་ཚོགས་པའི་འོས་མི་ནི་བྷེ་ཨསེ་ (BS Yeddyurappa) ལགས་དང་། ཤེར་ཨ་མུ་ལུ་ (B Sreeramulu) ལགས་བཅས་གཉིས་ཡིན་འདུག

ར་ཇེ་སི་ཐན་ནང་འོས་ཤོག་བླུག་མཁན་ས་ཡ་ ༣༨ ཡོད་ཅིང་། དེ་དག་གིས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འོས་མི་ ༢༣༩ ལ་འོས་ཤོག་བླུག་སྟེ་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་བཞིན་ཡོད་པ་དང་། བྷེ་ཇཱའེ་པི་ཚོགས་པའི་འོས་མི་གཙོ་བོ་དྷུ་ཤི་ཡན་ཌི་སིན་ (Dushyant Singh) ལགས་དང་། ཇོ་ཤི་(C P Joshi)། ར་ཐོར་ (Rajyavardhan Singh Rathore) ལགས། ཀོང་རེ་སི་ཚོགས་པའི་འོས་མི་རྒྱ་གར་དབུས་གཞུང་གི་བློན་ཆེན་སཱ་ཆིན་ (Sachin Pilot) ལགས་དང་། ཀུ་མར་རི་(Chandresh Kumari)། ཇེ་ཌན་ཌ་ར་ (Jitendra Singh) ལགས་བཅས་ཡིན་འདུག

མཱཧ་ར་ཤི་ཌ་ནང་འོས་ཤོག་བླུག་མཁན་ས་ཡ་ ༣༢།༥ དང་། གྲོས་ཚོགས་འཐུས་མའི་འོས་མི་ ༣༥༨ ཡོད་འདུག་ལ། ཀོང་རེ་སི་ཚོགས་པའི་འོས་མི་གཙོ་གྲས་ནི་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་སུ་ཤེལ་ཀུ་མར་ (Sushilkumar Shinde) ལགས་དང་། མངའ་སྡེའི་བློན་ཆེན་ཟུར་པ་ཨ་ཤོག་ཆཱ་ཝན་ (Ashok Chavan) ལགས། བྷེ་ཇཱའེ་པི་ཚོགས་པའི་འོས་མི་གྷུ་པི་ཎ་ཌ་ (Gopinath Munde) ལགས་བཅས་ཡིན་འདུག

ཡུ་པི་ནང་འོས་ཤོག་ལྡུག་མཁན་ས་ཡ་ ༡༨ དང་། གྲོས་ཚོགས་འཐུས་མིའི་འོས་མི་ ༡༥༡ ཡོད་འདུག་ལ། ཀོང་རེ་ཚོགས་པའི་འོས་མི་གཙོ་བོ་ར་ཧུལ་གྷན་དྷི་ལགས་དང་། པིར་ཡང་གྷ་གྷན་དྷི་ལགས། བྷེ་ཇཱའེ་པི་ཚོགས་པའི་འོས་མི་ནི་མ་ནེ་ཁཱ་གྷན་དྷི་ (Maneka Gandhi) ལགས་བཅས་ཡིན་འདུག

བྷེ་ཧར་ནང་འོས་ཤོག་ལྡུག་མཁན་ས་ཡ་ ༣༥།༤༥ དང་། གྲོས་ཚོགས་འཐུས་མིའི་འོས་མི་ ༡༧༡ ཡོད་ཅིང་། བྷེ་ཇཱའེ་པི་འོས་མི་རྒྱ་གར་གྱི་ལྟད་མོ་འཁྲབ་མཁན་སིང་ཧཱ་ (Shatrughan Sinha) ལགས་དང་། སིན་ (RK Singh)། ཨ་ཤི་ཝ་ཎི་(Ashwini Choubey) ལགས། ཀོང་རེ་སི་ཚོགས་པའི་འོས་མི་གཙོ་བོ་ཨ་ཤི་ཤི་ (Ashish Ranjan Sinha) ལགས། ( RDJ) ཚོགས་པའི་འོས་མི་མངའ་སྡེའི་བློན་ཆེན་ཎི་དྷི་ཤི་ཀུ་མར་ལགས་བཅས་ཡིན་འདུག

དེ་བཞིན་ཨོ་རི་ས་མངའ་སྡེའི་འོས་མི་ཁག་ནི་ཤེར་ཁན་ཌི་ (Srikant Jena) ལགས་དང་། ཨར་ཇུན་ (Arjun Sethi ) ལགས། ཇེ་པན་ཌ་(Jay Panda) ལགས། ཇར་ཁནཌི་མངའ་སྡེ་ནས་ཁེ་ར་མུན་ཌི་ (Karia Munda) ལགས་དང་། ཨ་མི་དྷབ་ (Amitabh Chowdhury) ལགས། ཇཱ་ཡན་ཌི་ (Jayant Sinha) ལགས། ཇཱ་སི་ཝན་ཌི་སིན་ཧཱ་ (Jaswant Sinha)ལགས། སུབ་བྷོ་ཌ་ (Subodh Kant Sahay) ལགས། ཆཱ་དྷིསེ་གྷར་མངའ་སྡེ་ནས་ཨ་ཇེ་ཌི་(Ajit Jogi) ལགས་དང་། ཨ་བྷེ་ཤིག་ (Abhishek ) ལགས། མཱ་ཧ་ས་ཥམིན་ཌི་(Mahasamund) ལགས། ར་ཇི་ཎ་ཌི་གྷོན་ (Rajnadgaon) ལགས། ནུབ་བྷང་གྷལ་མངའ་སྡེ་ནས་བུ་ཆུང་བྷོ་དྷི་ཡ་ (Baiching Bhutia) ལགས། ཇམ་མུ་དང་ཀཱ་ཤི་མེར་མངའ་སྡེ་ནས་གྷོ་ལམ་ (Gulam Nabi Azad) ལགས་དང་། ཇེན་ཌན་དྷར་ (Jintender Singh) ལགས་བཅས་ཡིན་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། སྐབས་དྲུག་པའི་རྒྱ་གར་གཞུང་འཛིན་ཚོགས་པ་སུ་ཆགས་མིན་དེ་ཐེངས་འདིའི་འོས་བསྡུར་ཐུག་ཡོད་སྟབས། ཆབ་སྲིད་ཚོགས་པ་ཁག་གིས་ད་རེབ་ཀྱི་འོས་བསྡུའི་ཁྲོད་རྒྱལ་ཁ་འཐོབ་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད་ཟེར། རྒྱ་གར་གྱི་ཆབ་སྲིད་དབྱེ་ཞིབ་མཁས་ཅན་སཱ་ཌི་ཤི་ (Satish Misra) ལགས་ཀྱིས། “ རྒྱ་གར་ཀོང་རེ་སི་ཚོགས་པས་སྲིད་གཞུང་བཟུང་སྐབས། རྒྱ་གར་རྒྱལ་ཡོངས་ནང་ལྐོག་ཟ་རུལ་སུངས་ཀྱི་ཚབས་ཆེའི་དོན་རྐྱེན་བསྟུད་མར་ཐོན་ཏེ་མང་ཚོགས་ཀྱིས་ངོ་རྒོལ་མང་པོ་བྱུང་ཡོད་སྟབས། ཐེངས་འདིར་བྷེ་ཇཱའེ་པི་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུ་རེད།’’ ཅེས་བརྗོད་འདུག

དེ་རིང་གི་འོས་བསྡུའི་ནང་འོས་མི་ ༡༧༦༩ དང་། འོས་ཤོག་ལྡུག་མཁན་ས་ཡ་ ༡༩༥ ཙམ་བྱུང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༩ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese