མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་སྲིད་བློན་རྒྱ་ནག་ཏུ་སྐྱོད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་གྱི་སྲིད་བློན་རྒྱ་ནག་ནང་སྐོར་སྐྱོད་བྱས་ཏེ་རྒྱ་ནག་དང་ཚོང་དོན་དང་ཐབས་ཇུས་ཐད་ཀྱི་མཉམ་འབྲེལ་ལས་གཞི་མང་པོ་ཞིག་ལ་གྲོས་མཐུན་མིང་རྟགས་བཀོད་ཡོད་འདུག

ཟླ་འདིའི་ཚེས་ ༦ ཉིན་ནས་བཟུང་ཉིན་གསུམ་རིང་འཇར་མན་སྲིད་བློན་ལྕམ་ཨན་གྷི་ལ་མེར་གྷལ་(Angela Merkel ) མཆོག་གིས་སྣེ་འཁྲིད་པའི་ཚོང་དོན་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ནང་སྐོར་སྐྱོད་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་སོགས་ལ་ཐུག་འཕྲད་བྱས་ཏེ། རྒྱ་ནག་ནང་འཇར་མན་གྱི་རླངས་འཁོར་ཝོག་སེ་ཝ་གྷན་ (Volkswagen) གྱི་བཟོ་གྲྭ་གཉིས་གསར་འཛུགས་དང་། རྒྱ་ནག་གི་འགྲུལ་སྐྱེལ་གནམ་གྲུ་ ( Air China) དང་འཇར་མན་གྱི་འགྲུལ་སྐྱེལ་གནམ་གྲུ་ལུབ་ཋན་སཱ་ (Lufthansa) བར་མཉམ་ལས་བྱེད་ཕྱོགས། འཇར་མན་གྱི་གནམ་གྲུ་བཟོ་གྲྭ་ (Airbus) ཞེས་པས་རྒྱ་ནག་ལ་ཐད་འཕུར་གནམ་གྲུ་ ༡༢༣ ཙམ་བཙོང་རྒྱུ། རྒྱ་ནག་གི་དངུལ་ཁང་དང་འཇར་མན་གྱི་དངུལ་ཁང་ (Deutsche ) གཉིས་བར་གྱི་མཉམ་ལས་གྲོས་མཐུན། དེ་བཞིན། འཇར་མན་གྱི་བརྡ་འཕྲིན་ཚན་རྩལ་ཁེ་ལས་སཱི་མོན་སེ་ (Siemens) དང་རྒྱ་ནག་གི་ཁེ་ལས་བར་མཉམ་ལས་བྱ་རྒྱུ་བཅས་ཚོང་དོན་གྲོས་མཐུན་ཁག་དྲུག་ལ་མིང་རྟགས་བཀོད་ཡོད་པ་མ་ཟད། ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་དང་ཡུའུ་ཁི་རེན་གྱི་གནས་སྟངས། དྲ་རྒྱའི་བདེ་འཇགས་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག འདི་ནི་ལྕམ་ཨན་གྷི་ལ་མེར་གྷལ་རྒྱ་ནག་ལ་གཞུང་འབྲེལ་སྐོར་སྐྱོད་བྱས་པ་ཐེངས་ ༧ དེ་ཆགས་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། “འཇར་མན་སྲིད་བློན་ཨན་གྷི་ལ་མེར་གྷལ་རྒྱ་ནག་ནང་སྐོར་སྐྱོད་གནང་བ་དེས། རྒྱལ་སྤྱིའི་ཐོག་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་དང་ཆབ་སྲིད་འབྲེལ་ལམ་གོང་མཐོར་འགྲོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་གཏོང་རྒྱུ་ཡིན། “€ ཞེས་དང་། རྒྱ་ནག་སྲིད་བློན་ལི་ཁེ་ཆང་གིས། “རྒྱལ་སྤྱིའི་ཐོག་རྒྱ་ནག་དང་འཇར་མན་གྱི་འབྲེལ་ལམ་ནི་གལ་འགངས་ཆེ་ཤོས་ཀྱི་འབྲེལ་ལམ་ཞིག་ཆགས་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱིས་ཚོང་དོན་རྐྱང་པའི་འབྲེལ་ལམ་གཙིགས་འཛིན་མ་བྱས་པར་རྒྱལ་སྤྱིའི་དཀའ་རྙོག་ཁག་ལ་མཉམ་ལས་གདོང་ལེན་བྱ་རྒྱུ་ཡིན།“ཞེས་སོགས་བརྗོད་འདུག

འཇར་མན་སྲིད་བློན་ལྕམ་ཨན་གྷི་ལ་མེར་གྷལ་གྱིས། “œ འཇར་མན་གཞུང་གིས་རྒྱ་ནག་གཞུང་དང་ཚོང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཙམ་མ་ཟད། རྒྱ་ནག་གི་ཁེ་ལས་འཇར་མན་ནང་གསར་འཛུགས་བྱ་རྒྱུར་མཐུན་རྐྱེན་གང་མང་བསྐྲུན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་བཏང་སྟེ། རྒྱ་ནག་འཇར་མན་གྱི་མཐུན་གྲོགས་རྒྱལ་ཁབ་ཡག་ཤོས་ཤིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་ཡིན།” ཞེས་བརྗོད་འདུག

ཚེས་ ༦ ཉིན་འཇར་མན་སྲིད་བློན་རྒྱ་ནག་ཟི་ཁྲོན་གྲོང་ཁྱེར་ཁྲིན་ཏུའུ་རུ་སྐོར་སྐྱོད་བྱས་ཏེ་ས་གནས་དཔོན་རིགས་དང་ཐུག་འཕྲད་གྲོས་མོལ་བྱས་རྗེས། གྲོང་ཁྱེར་ནང་ཡོད་པའི་འཇར་མན་ཝོག་སེ་ཝ་གྷན་ (Volkswagen) རླངས་འཁོར་བཟོ་གྲྭར་ཕྱིན་ཏེ་བཟོ་གྲྭའི་འགན་འཛིན་དང་ཐུག་འཕྲད་བྱས་ཡོད་པ་དང་། དེའི་རྗེས་འཇར་མན་ནང་སློབ་སྦྱོང་དང་ལས་ཀ་བྱེད་མྱོང་མཁན་རྒྱ་རིགས་སློབ་དཔོན་ཀྲང་ཝན་ཆའོ་ཡིས་གསར་འཛུགས་བྱས་པའི་སྤྱི་ཚོགས་ཕན་བདེ་ཁང་ལ་ལྟ་སྐོར་གྲུབ་རྗེས། པེ་ཅིན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཚོང་དོན་གླེང་སྟེགས་ཚོགས་འདུ་ (China-Germany Economic and Trade Commission) ཞེས་པར་མཉམ་ཞུགས་བྱས་ཡོད་འདུག

འཇར་མན་སྲིད་བློན་ཨན་གྷི་ལ་མེར་གྷལ་རྒྱ་ནག་ནང་སྐོར་སྐྱོད་མ་བྱས་གོང་། འཇར་མན་ནང་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་ཚོས་ད་རེབ་སྲིད་བློན་རྒྱ་ནག་མགོ་ཁྲིད་ཚོར་ཐུག་འཕྲད་བྱེད་སྐབས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་ལ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱིས་ཕྱག་ཡིག་ཅིག་ཕུལ་ཏེ། ཤིན་ཅང་མི་རིགས་ཀྱི་དཀའ་ངལ་སྐོར་ལ་གོ་བསྡུར་གནང་དགོས་པའི་ཞུ་འབོད་བྱས་ཡོད་པ་དང་། ད་རེབ་སྲིད་བློན་རྒྱ་ནག་མགོ་ཁྲིད་ཚོ་དང་ཐུག་འཕྲད་སྐབས་གནད་དོན་དེ་དག་ཐོག་གླེང་སློང་བྱས་ཡོད་མེད་ཀྱི་གནས་ཚུལ་འཐོན་མི་འདུག་ཀྱང་། སྲིད་བློན་ཁོང་གིས་རྒྱ་ནག་ཆིན་ཧྭ་སློབ་ཆེན་ནང་སློབ་མ་ཚོར་གཏམ་བཤད་སྤེལ་སྐབས། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་སྐོར་མང་ཙམ་བཤད་ཡོད་ཀྱང་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་གང་ཡང་འཁོད་མི་འདུག

༢༠༠༧ ལོར་འཇར་མན་སྲིད་བློན་གྱིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་༧གོང་ས་མཆོག་དང་མཇལ་འཕྲད་གནང་བར་བརྟེན། རྒྱ་ནག་དང་འཇར་མན་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་ཀྱང་། ༢༠༠༨ ལོར་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་བྱུང་བ་དང་འབྲེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱུང་ཡོད་ཅིང་། སྲིད་འཛིན་དང་གནད་ཡོད་མི་སྣའི་བར་ཕན་ཚུན་འགྲོ་འོང་བྱེད་ཤུགས་ཆེ་རུ་ཕྱིན་ཏེ་ཚོང་དོན་དང་དམག་དོན་སྐོར་ལ་གྲོས་མཐུན་མང་པོ་བཞག་སྟེ། ལོ་རེར་ཉུང་མཐར་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་གིས་ཚོང་འབྲེལ་བྱས་ཡོད་འདུག

༢༠༠༨ ལོར་ཨ་སྒོར་ཐེར་འབུམ་ ༡༠༣།༨༩ དང་།

༢༠༠༩ ལོར་ཨ་སྒོར་ཐེར་འབུམ་ ༡༢༡།༧༡།

༢༠༡༠ ལོར་ཨ་སྒོར་ཐེར་འབུམ་ ༡༢༨།༤༥༩།

༢༠༡༡ ལོར་ཨ་སྒོར་ཐེར་འབུམ་ ༡༣༢།༠༦།

༢༠༡༢ ལོར་ཨ་སྒོར་ཐེར་འབུམ་ ༡༤༠།༡༨།

༢༠༡༣ ལོར་ཡུ་སྒོར་ ( Euro ) ཐེར་འབུམ་ ༡༤༠།༤

༢༠༡༣ ནས་ ༢༠༡༤ ལོའི་ཟླ་ ༦ བར་ཨ་སྒོར་ཐེར་འབུམ་ ༡༨༠ ཙམ་གྱི་ཚོང་འབྲེལ་བྱས་ཡོད་པ་མ་ཟད། ༢༠༡༥ ལོར་ཨ་སྒོར་ཐེར་འབུམ་ ༢༡༥ ལྷག་གི་ཚོང་འབྲེལ་བྱ་རྒྱུའི་འཆར་གཞི་ཡོད་འདུག ད་ལྟ་འཇར་མན་རྒྱ་ནག་ལ་ཚོང་འབྲེལ་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཨང་ ༣ དེ་ཆགས་ཡོད་འདུག

རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་ཟླ་འདིའི་ཚེས་ ༣ ཉིན་ལྷོ་ཀོ་རི་ཡར་སྐོར་སྐྱོད་མ་བྱས་གོང་། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་གཏན་འབེབས་བྱས་པའི་རྒྱལ་ཁབ་གཞན་ལ་དམག་མི་གཏོང་མི་ཆོག་པའི་རྩ་ཁྲིམས་ལ་བཅོས་བསྒྱུར་བཏང་སྟེ། ཉི་ཧོང་གཞུང་གིས་རྒྱལ་སྤྱིའི་བདེ་འཇགས་ཆེད་རྒྱལ་ཁབ་གཞན་ནང་ཉི་ཧོང་གི་དམག་མི་གཏོང་རྒྱུ་ཡིན་སྐོར་བསྒྲགས་དང་། རྒྱ་ནག་གཞུང་གིས་འཇར་མན་སྲིད་བློན་རྒྱ་ནག་ནང་སྐོར་སྐྱོད་བྱས་བ་དང་བསྟུན་ཏེ་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གིས་ ༡༩༣༧ ལོའི་རྒྱ་ནག་དང་ཉི་ཧོང་དམག་འཐབ་སྐབས་ཀྱི་མཱར་ཁཱོ་པོ་ལོ་ (Marco Polo Bridge) ཟམ་ཆེན་གྱི་དོན་རྐྱེན་བྱུང་སྟེ། ལོ་ ༧༧ འཁོར་བའི་དུས་དྲན་སྲུང་བརྩི་དང་ཞི་ཅིན་ཕིན་གྱིས་གཏམ་བཤད་སོགས་སྤེལ་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིས་ཉེ་ལམ་འཇར་མན་དང་རྒྱ་ནག་གི་འབྲེལ་ལམ་ཇེ་བཟང་དུ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་ཨ་རིར་དཔལ་འབྱོར་དང་ཐབས་ཇུས་སོགས་ཀྱི་ཐོག་ནས་གྱོང་གུད་ཕོག་རྒྱུ་ཡིན་པའི་སེམས་འཚབ་ཐོག འདས་ལོའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇར་མན་སྲིད་བློན་ལྕམ་སྐུ་ཨན་གྷི་ལ་མེར་གྷལ་མཆོག་གི་ཁ་པར་ལྐོག་ཉན་བྱས་པའི་གནས་ཚུལ་དང་། ཉེ་ལམ་ཨ་རིའི་དོགས་ཡོད་སོ་ཉུལ་བ་ཞིག་གིས་འཇར་མན་གྱི་གསང་བའི་ཡིག་ཆ་ ༢༠༠ ལྷག་རྐུ་འཁྱེར་དང་འབྲེལ་ཨ་སྒོར་ ༣༤༠༠༠ ཙམ་ལ་ཕྱིར་ཚོང་བྱས་པ་སོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་བཅས་ལ་ཞིབ་འཇུག་བྱས་ཏེ། མ་འོངས་པར་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་བྱ་ངེས་ཡིན་སྐོར་བརྗོད་འདུག

རྒྱ་ནག་ཤིན་ཧྭ་གསར་འགྱུར་ནང་། “ད་ལྟ་རྒྱལ་སྤྱིའི་ཐོག་རྒྱ་ནག་དང་འཇར་མན་གྱི་འབྲེལ་ལམ་ཚད་གཞི་མཐོ་ཤོས་ཤིག་ཏུ་བསླེབས་ཡོད་།“€ ཅེས་འཁོད་འདུག

རྒྱལ་སྤྱིའི་གནད་དོན་ཆེད་མཁས་པ་ཇོན་རེག་སི་ཌོན་ལགས་ཀྱིས། “œད་ལྟ་རྒྱ་ནག་དང་འཇར་མན་གྱི་འབྲེལ་ལམ་སྔར་ལྷག་བཟང་དུ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོང་དོན་གསང་བ་མང་པོ་ཞིག་རྐུ་འཁྱེར་བྱེད་བཞིན་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སླར་ཇེ་སྡུག་ཏུ་འགྲོ་ངེས་ཡིན།“ཞེས་བརྗོད་འདུག

དེ་རིང་སྔ་དྲོ་འཇར་མན་སྲིད་བློན་གྱིས་པེ་ཅིན་མི་རིགས་སློབ་ཆེན་ནང་གཟིགས་སྐོར་དང་འབྲེལ་སློབ་ཕྲུག་ཚོར་གཏམ་བཤད་གནང་རྗེས་འཇར་མན་ལ་ཕྱིར་ལོག་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese