མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་པའི་ལྷན་ཚོཊ་ལ་དེབ་སྐྱེལ་མེད་པའི་སྨན་པ་ཚོར་རྒྱབ་གཉེར་མ་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྨན་པའི་ལྷན་ཚོགས་ཀྱིས་ཚོགས་འདུ་བསྡུས་ཏེ་སྨན་པ་དཀའ་བཅུ་པ་ཚད་ལྡན་མ་ཐོན་བར་སྨན་པར་ངོས་ལེན་དེབ་སྐྱེལ་མི་བྱེད་པ་དང་། བོད་ཀྱི་གསོ་རིག་ལག་ལེན་བསྟར་མཁན་སུ་ཡིན་ཡང་སྨན་པའི་ལྷན་ཚོགས་ཀྱི་ངོས་ལེན་མེད་ན། ས་གནས་བདེ་དོན་དང་གཞིས་མགོ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་སོགས་ཀྱིས་རྒྱབ་གཉེར་མཐུན་སྦྱོར་མི་གནང་རྒྱུར་སྙན་ཞུ་རྒྱག་རྒྱུའི་གྲོས་ཆོད་བཞག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༢ པ་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་གངས་ལྷ་མོ་ལགས་དང་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། དེ་བཞིན། སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་ངག་དབང་བཟོད་པ་ལགས་ཀྱི་གཙོས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་བཅས་མི་ ༡༢ ཙམ་ལྷན་འཛོམས་ཐོག གསོ་བ་རིག་པའི་སྨན་རམས་པའི་སློབ་གཉེར་རྩ་འཛིན་སྒྲིག་གཞི་དང་། སློབ་ཚན་བཀོད་སྒྲིག་ཅེས་པའི་བརྗོད་གཞིའི་འོག ཉིན་གཉིས་རིང་གྲོས་བསྡུར་གནང་ཡོད་པ་དང་། ཁ་སང་ཕྱི་དྲོར་སྨན་པའི་ལྷན་ཚོགས་ཀྱི་ལས་ཁུངས་ནང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་། བླ་སྨན་པ་ཚེ་དབང་རྟ་མགྲིན་རྣམ་གཉིས་ཀྱི་གཙོས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ ་དང་རྒྱུན་ལས་རྣམ་པ་བཅས་འཛོམས་ཏེ་ཚོགས་འདུ་མཇུག་བསྡོམས་གནང་སོང་།

སྐབས་དེར་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་དང་གྲུབ་འབྲས་སྐོར་ལ་བརྗོད་དོན། དེ་སྔོན་སྨན་པའི་ལྷན་ཚོགས་ཀྱིས་སྨན་རམས་པའི་རྩ་འཛིན་སྒྲིག་གཞི་གཏན་འཁེལ་བ་ཞིག་བྱུང་མེད་སྟབས། སྨན་པའི་ལྷན་ཚོགས་དང་སློབ་གྲྭ་ཁག་གི་ངོས་ལེན་ཡོད་པའི་རྩ་འཛིན་སྒྲིག་གཞི་མ་བཟོས་བར་སྨན་རྩིས་ཁང་གི་ད་ཡོད་སྨན་རམས་པའི་རྩ་འཛིན་སྒྲིག་གཞིར་ངོས་ལེན་ཡོད་ཅེས་སྨན་པའི་ལྷན་ཚོགས་ནས་ཡིག་ཐོག་ཕྱག་བྲིས་གནང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་དུས་ཡུན་རྫོགས་ཟིན་སྟབས། ང་ཚོས་མུ་མཐུད་ཕྱི་འགྱངས་བྱས་བསྡད་པ་ཡིན་ན། ད་རེབ་སྔར་ཡོད་ཀྱི་རྩ་འཛིན་སྒྲོམ་གཞིའི་ཐོག སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་དང་ལྷན་དུ་སློབ་གྲྭ་ཁག་གི་སློབ་སྤྱི་དང་། འབྲེལ་ཡོད་སྐུ་ཚབ་རེ་ཕེབས་ནས་བསྐྱར་ཞིབ་ཀྱིས་སྣོན་འཕྲི་གང་དགོས་གནང་བ་རེད། ཡིན་ནའང་སློབ་གྲྭ་གཉིས་ཤིག་ཐག་རིང་པོ་དང་ལས་དོན་གྱི་རྐྱེན་གྱིས་ཚོགས་འདུར་ཕེབས་ཐུབ་མེད་སྟབས། ང་ཚོས་གྲོས་གཞི་ཁག་ཆ་ཚང་ཞིག་བཏང་སྟེ་ཁོང་ཚོར་དེའི་ཐོག་དགོངས་ཚུལ་ག་རེ་ཡོད་མེད་བལྟ་དགོས་པ་རེད། གལ་སྲིད་ཁོ་ཚོ་མོས་མཐུན་བྱུང་བ་ཡིན་ན། ད་རེབ་ཀྱི་ཚོགས་འདུའི་ཐོག་སྨན་རམས་པའི་རྩ་འཛིན་སྒྲིག་གཞི་ཆ་ཚང་གཏན་འབེབས་ཟིན་ལ་ཉེ་བ་ཞིག་ཆགས་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས་ཚོགས་འདུའི་ཐོག་གྲོས་ཆོད་གལ་ཆེན་གང་ཡོད་སྐོར་ལ། སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་མ་འོངས་པར་སྨན་པ་དཀའ་བཅུ་པ་ཚད་ལྡན་ཞིག་མ་ཐོན་བར་དུ་སྨན་པ་ངོས་ལེན་གྱི་དེབ་སྐྱེལ་བྱ་རྒྱུ་མིན་པ་ཐག་གཅོད་བྱུང་ཡོད་པ་མ་ཟད། སྨན་པའི་ལྷན་ཚོགས་འོག་དེབ་སྐྱེལ་མ་བྱས་པའི་སྨན་སྦྱོར་རིགས་དང་སྨན་པ་ཚོར་སྟངས་འཛིན་བྱེད་ཕྱོགས་ཐོག་གྲོས་བསྡུར་མང་པོ་བྱུང་བ་ལྟར། བོད་ཀྱི་གསོ་རིག་ལག་ལེན་བསྟར་མཁན་སུ་ཞིག་ཡིན་ནའང་སྨན་པའི་ལྷན་ཚོགས་ཀྱི་ངོས་ལེན་མེད་ན། དབུས་བོད་མིའི་སྒྲིག་འཛུགས་ནས་ངོས་ལེན་མི་བྱེད་པའི་བཅའ་ཁྲིམས་གཞི་རྩར་བཟུང་སྟེ། འཕྲོད་བསྟེན་ལས་ཁུངས་ནས་རྒྱབ་གཉེར་ཞུས་པ་བརྒྱུད་མ་འོངས་པར་ས་གནས་བདེ་དོན་དང་གཞིས་མགོ དེ་བཞིན་ཕྱི་རྒྱལ་གྱི་སྐུ་ཚབ་དོན་གཅོད་ཁག་བཅས་ལ། སྨན་པའི་ལྷན་ཚོགས་འོག་དེབ་སྐྱེལ་མ་བྱས་པ་ཚོར་རྒྱབ་གཉེར་དང་མཐུན་སྦྱོར་མི་གནང་བའི་སྙན་ཞུ་འབུལ་རྒྱུར་གྲོས་ཆོད་བཞག་ཡོད་སྐོར་དང་། གྲོས་ཆོད་གལ་ཆེ་ཤོས་ནི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་ཏེ་ལོ་མང་ཕྱིན་སྟབས། ལག་ལེན་ཁྲོད་དཀའ་ངལ་འཕྲད་པ་སོགས་འགྱུར་བ་གཏོང་དགོས་པ་མང་པོ་ཡོད་ཀྱང་། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཡིག་ལ་འགྱུར་བ་མ་བཏང་བར་དུ་སྨན་པའི་ལྷན་ཚོགས་ཀྱིས་འགྱུར་བ་གཏོང་ཐུབ་ཀྱི་མེད་སྟབས། ཚོགས་འདུའི་ཐོག་ཁྲིམས་ཡིག་ལ་འགྱུར་བ་གཏོང་དགོས་པ་མང་པོ་ཞིག་གྲ་སྒྲིག་བྱས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༩ པའི་གྲོས་ཚོགས་ཚོགས་སྐབས་འབུལ་འཆར་ཡོད་ལ། ཕུལ་བ་ལྟར་ལམ་ལྷོང་ཡོང་བའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་འཕྲོད་བསྟེན་དྲུང་ཆེ་ལགས་ཀྱིས་ལྷན་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་གཏན་འབེབས་བྱས་པ་རྣམས་ལག་བསྟར་ཡོང་རྒྱུ་གལ་ཆེན་ཡིན་སྐོར་ལ། བོད་ཀྱི་སྨན་པའི་ལྷན་ཚོགས་འདི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཡང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དང་མི་འདྲ་བ་དངོས་ཡོད་གནས་ཚུལ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་ཚོས་སོ་སོའི་ཁྲིམས་དང་སྒྲིག་གཞི་ཚོགས་པ་སོ་སོས་གཏན་འབེབས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་གྲོས་ཚོགས་ནས་གཏན་ལ་ཕབ་ཀྱི་ཡོད་པ་དེ་འདྲའི་གཟི་བརྗིད་ཅིག་ཡོད་སྟབས། ཕྱག་ལས་གནང་མཁན་ཚོས་དེ་རང་རྩ་བར་བཟུང་ནས་ཕྱག་ལས་ཡག་པོ་ད་ལྟ་བར་དུ་གནང་ཡོད་ལ། མ་འོངས་པར་སྔར་ལས་ཚགས་ཚུད་པོ་ཡོང་བར་འབད་བརྩོན་གནང་དགོས་པ་རེད། གོང་ནས་ཚོགས་གཙོས་གསུངས་པ་ལྟར་གནས་ཚུལ་ཆ་ཚང་བ་ཞིག་ང་ཚོར་འབྱོར་ཡོང་གི་འདུག་ལ། དེ་ཚོར་བལྟས་ན་ཞེ་དྲག་ཡག་པོ་འདུག ཚང་མ་གོང་རིམ་ལའང་སྙན་གསེང་ཞུ་བཞིན་ཡོད། གནང་ཕྱོགས་དེ་ཚོར་བལྟས་ན་རིམ་གྱིས་གྲུབ་འབྲས་འཐོན་ཐུབ་པ་ཞིག་དང་། ཐ་ན་གྲུབ་འབྲས་མ་འཐོན་པ་ཡིན་ནའང་དེ་ལ་ཧང་སང་དགོས་པ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག ང་རང་ཚོའི་ངོས་ནས་སྤུས་ཚད་ལྡན་པ་ཞིག་ཡོད་ན། མིས་རང་བཞིན་གྱིས་ཚུར་ཆེ་མཐོང་དང་བརྩི་དགོས་པའི་གནས་ལུགས་ཤིག་ཆགས་ཡོད་སྟབས། དེ་དགོངས་པའི་གཞི་རྩར་བཞག་ནས་ཕྱག་ལས་ལ་མུ་མཐུད་འབད་བརྩོན་གནང་དགོས་པ་དེ་ གནད་འགག་རེད། ཁྲིམས་དང་སྒྲིག་གཞི་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། ཁྲིམས་དང་སྒྲིག་གཞི་བཟོས་ཏེ་ལག་བསྟར་མ་གནང་ན། ཡིག་ཐོག་ཏུ་ལྷག་སྟེ་དགེ་མཚན་གང་ཡང་མེད་སྟབས། ཁྲིམས་དང་སྒྲིག་གཞི་བཟོས་པ་ཙམ་མ་ཡིན་པར་ལག་ལེན་བསྟར་ཐུབ་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། ལག་ལེན་བསྟར་བའི་སྐབས་སུ་སྐུ་ངལ་རབ་དང་རིམ་པ་མང་པོ་ཞིག་ལ་འཕྲད་སྲིད་ཀྱང་། དེ་ཚོར་གདོང་ལེན་བྱེད་དགོས་པ་རེད། འདི་སྤྱི་པའི་ལས་དོན་ཞིག་རེད་མ་གཏོགས་སྒེར་སོ་སོར་འབྲེལ་བ་ཡོད་པ་མ་རེད། སྤྱི་པའི་ལས་དོན་ཐོག་ཛ་དྲག་གི་གནད་དོན་གང་འདྲ་ཞིག་ཆགས་པ་ཡིན་ནའང་གདོང་ལེན་གནང་ནས་ཕེབས་དགོས་པ་ཞེ་དྲག་གནད་འགག་རེད་བསམ་གྱི་འདུག ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༥ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༨ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 3

  1. བསྟན་འཛིན་རྡོ་རྗེ། says:
    ལོ་ 12 སྔོན།

    སྤྱིར་བཏང་སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་བཀའ་མོལ་གནང་སྟངས་འདི་ཡག་པོ་མི་འདུག ལྷན་ཚོགས་འོག་དེབ་སྐྱེལ་བྱས་མེད་པའི་བོད་པའི་སྨན་དང་སྨན་པ་ངོས་ལེན་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁང་ཁག་གིས་མཐུན་སྦྱོར་རོགས་རམ་གནང་ན་འགྲིག་གི་མེད་ཟེར་བ་དེ་ཏག་ཏག་བསྡད་ཡོད་པ་མ་རེད་བསམ་གྱི་འདུག སྤྱིར་བཏང་སྨན་པའི་ལྷན་ཚོགས་ཀྱི་ངོས་ནས་བོད་པའི་གསོ་བ་རིག་པ་དེ་རྒྱ་གར་གྱི་ཨ་ཡུ་ཤའི་འོག་ཏུ་འཛུལ་ཏེ། གསོ་བ་རིག་པ་ཞེས་རྒྱ་གར་གྱི་སྨན་གཞུང་དེའི་ཆ་ཤས་ལྟ་བུར་དེབ་སྐྱེལ་བྱས་པ་དེ་ལོ་རྒྱུས་ཀྱི་ཐོག་གི་ནག་ཉེས་ཆེན་པོ་ཞིག་རེད་ལ། ལྷག་པར་དུ་བོད་ནང་གི་བོད་མི་ཚོས་གོ་ན་ཧང་སང་པོ་དང་ཡིད་ཆད་པའི་གནས་སྟངས་ཤིག་ཡོད་པ་རེད། ཡིན་ནའང་དེ་དོན་དག་ཁ་ཁ་ཞིག་རེད། ད་རེས་སྐབས་སུ་བབ་པའི་གནས་ཚུལ་དེའི་ཐད་ནས་བཤད་ན། རྒྱ་གར་ནང་གི་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་བོད་པའི་གསོ་བོ་རིག་པ་ལག་ལེན་བསྟར་མཁན་མང་པོ་ཞིག་ཡོད་པ་རེད་ལ། ཕྱི་རྒྱལ་ཁག་ཏུའང་བོད་པའི་གསོ་བ་རིག་པའི་གཞུང་ལ་མཁས་པའི་སྨན་པ་དང་སྨན་སྦྱོར་བྱེད་མཁན་མང་པོ་ཡོད་པ་རེད། དེ་དག་ཡོངས་རྫོགས་རྡ་རམ་ས་ལའི་སྨན་པའི་ལྷན་ཚོགས་ཀྱི་འོག་ཏུ་ཡོང་དགོས་ལབ་ན་འགྲིག་གི་མ་རེད་ལ། དེ་རྙོག་གྲ་བཟོས་པ་ལས་དེ་ལྟར་ཡོང་ཐབས་ཀྱང་ཡོད་པ་མ་རེད།

    Reply
  2. མི་རྒོད། says:
    ལོ་ 12 སྔོན།

    སྤྱི་དོན་ཁ་ལ་འཁྱེར་བའི་ཚོགས་གཙོ་ཁྱི་ལ་སེང་མིང་ལྡན་པ་འདི་ཧ་ཅང་རྙོག་རྫིང་ཆེན་པོ་རེད། འདི་ལྟ་བུའི་བོད་མི་ནང་དཀྲུགས་བྱ་ངན་ནི་དགྲ་ལ་དགོས་པའི་དར་ཆ་རེད། ད་གཟིགས་དང་གལ་ཏེ་སྨན་པའི་ལྷན་ཚོགས་ཞེས་པའི་མི་འགའ་ཤས་ལས་འགྲུབ་པའི་འོག་དེབ་སྐྱེལ་བྱ་འདོད་པ་མེད་པའམ་ཡང་ན་མང་གཙོ་རང་དབང་གིས་ཐོག་ནས་བསྒྲིགས་ལམ་འདིར་ཞུགས་འདོད་མེད་པའི་སྨན་པའི་ནད་པ་ཞིག་ཉམས་ཐག་ཡིན་པའི་ཁུངས་ལུངས་དཔང་ཡིག་ངོ་སྦྱོར་གཅིག་དགོས་ཚེ་ཐོབ་ཐང་ཆ་ཚང་མེད་པ་བཟོས་པ་རེད། དེ་ཡང་ཚོགས་པ་ག་གེ་མོ་ཞིག་གི་མིའི་ཕྲག་དོག་གིས་དྲི་ངད་ཅན་རེ་གཉིས་ནས་བཙན་འབྱོལ་དབུས་བསྒྲིགས་འཛུགས་ལ་བཀའ་གཏང་ནས་དེ་ལ་ཉན་པ་ལྟར་ཆགས་པ་རེད། འདི་ཧ་ཅང་ཡ་ཚན་རེད་ བོད་མི་མི་རེ་ངོ་རེ་ཆབ་འབངས་ཀྱི་ཐོབ་དབང་ཡོད་ཀྱང་གཞུང་འབྲེལ་མེད་པའི་ཚོགས་པ་ག་གེ་མོ་བ་ནས་བཀའ་གཏང་བ་་ལ་བརྟག་དཔྱད་ཞིབ་འཇུག་མེད་པ་ཁྱི་རྒན་ཞོར་རྒྱུགས་ལྟར་གནང་ཚེ་ཉམས་ཐག་ལ་གྱོང་གུན་དང་ བོད་རིགས་ནང་ཁུལ་མཐུན་རྡོག་གཅིག་གནས་ལ་སྟོར་ཤིག་རང་རེད། བོད་མི་ཚོ་ད་དགྲ་ནང་བརྡུང་མཁས་ན་གླེན་པ་རེད། དགྲ་ཕྱི་བརྡུང་ཤེས་ན་མཁས་པ་རེད། འདིས་སྤྱི་ནོར་ཡིད་བཞིན་ནོར་བུས་བཀའ་དགོངས་སྒྲུབ་མི་ཐུབ་ལ་ བོད་ཀྱི་གསོ་བ་རིག་པར་ཞབས་ཞུ་འདེང་ཚོད་ལོན་པ་ཞིག་དེ་བས་མི་སྒྲུབ། འདི་ནི་ང་རྒྱལ་གཞན་ཕམ་ཞེས་པ་རང་རེད། སྔ་མོའི་སྨན་པའི་ལྷན་ཚོགས་ནང་རྒན་རབས་མྱོང་ལྡན་འགའ་ཡོད་པས་འདི་བྱུང་མེད་པ་དང་། ད་ཕོ་གསར་འདི་ཚོས་བོད་ཀྱི་གསོ་བ་རིག་པ་ཞེས་པའི་མིང་མེད་པ་བཟོས་ཚར་འདུག་ལ་ བོད་རིགས་ནང་ ཟང་ཟིང་ཁ་སྟོར་ནང་འཁྲུག་ཡོང་གཞི་ཡང་བཟོས་ཉེན་ཆེ་བས་ལས་ཀྱི་སྣེ་མོ་བ་ཚོ་གང་གཟབ་གནང་དགོས། གལ་ཏེ་ད་རེ་གསོ་བ་རིག་པ་ཞེས་ལག་ནས་ཤོར་ཚེ་ དེ་རང་དབང་ལྡན་པའི་རྒྱལ་ཁབ་གཅིག་ནང་ཤོར་བ་རེད། ནམ་ཞིག་ང་ཚོ་རང་དབང་ཐོབ་་ནས་དེ་ལ་བསྒྱུར་བཅོས་བྱེད་ལབ་དགོས་ཚེ་ཁ་ལ་མཛུབ་མོ་ལྔ་ལྟོ་ཚབ་བྱེད་རྒྱུ་ལས་གཞན་མེད་པ་གསལ་པོ་རེད། བྱས་ཙང་གཞོན་སྐྱེས་རྫིག་རྫིག་ང་ང་ཟེར་བའི་སྨན་ལྷན་འགོ་པ་རང་བསམ་བློ་རྣལ་མ་ཞིག་གཏང་ན་དགའ་བོ་ཉམས་པའི་རེ་འདོད་ཡིན་ རང་གི་རིག་གཞུང་དར་སྤེལ་གཏོང་ན་རྡ་ས་དབུས་སྨན་རྩིས་ནས་ཁ་ཡོད་ ལག་ཡོད་ཀྱིས་མང་ཚོགས་ལ་ཕན་བདེ་བསྐྲུན་ཐུབ་པ་དགོས་ལ་ དེ་མཚུངས་ཀྱི་རིག་གནས་དར་སྤེལ་བྱེད་ཐུབ་པ་དགོས།

    Reply
  3. ketaka says:
    ལོ་ 12 སྔོན།

    སྤྱི་དོན་ཁ་ལ་འཁྱེར།རང་དོན་ཁོག་ལ་བཅངས།གསོ་བ་རིག་པ་སྨ་བར་རློམ་པའི་མི་བོ་ཁ་ཤས་ཤིག་གིས་སོ་སོའི་ལྟོ་གོས་གནས་མལ་གྱི་ཆེད་དུ་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བོད་ཀྱི་གསོ་བ་རིག་པ་འདི་ཁྱིམ་ཚང་ཞིག་གི་ཚོང་རྫས་བཞིན་རྒྱ་གར་གྱི་སྲོལ་རྒྱུན་གསོ་རིག་གི་ཁྱབ་ཁོངས་སུ་བཅུགས་ཡོད།ཉེ་ཆར་ཕྱི་ཟླ་བརྒྱད་པའི་ཚེ་བརྒྱད་ཉིན་སྨན་རྩིས་ཁང་གི་སློབ་ཚན་གོ་སྒྲིག་གི་བདག་དབང་རྒྱ་གར་གྱི་སྨན་པའི་ལྷན་ཚོགས་ལ་ཕུལ་ཟིན་པའི་གསར་འགོད་གསར་བསྒྲགས་བཏང་བ་མ་ཡིན་ནམ།དེ་རིང་ཁར་རྩང་སླར་སློབ་ཚན་གོ་སྒྲིག་བྱེད་པ་བདེན་ནམ་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་བྱུས་ངན་བྱེད་པ་བདེན།སྨན་པ་ཡོད་ཚད་དང་སྨན་རྩིས་ཁང་མ་ཡིན་པའི་གཡུང་དྲུང་བོན་དང་བཅས་པའི་ཆོས་རྒྱུད་ཁག་གི་གསོ་རིག་སློབ་གཉེར་ཁང་ཚང་མ་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་སྡུད་དགོས་པའི་བདག་དབང་དཔལ་ལྡན་བཀའ་ཤག་གིས་ག་དུས་གནང་སོང་།མ་གཞི་དྲན་འཕྲུལ་ཁ་ཤས་ཤིག་གིས་བོད་ཀྱི་སྨན་པའི་ལྷན་ཚོགས་ཞེས་ཐ་སྙད་རྫིག་པོ་ཞིག་བཏགས་ན་བོད་མི་ས་ཡ་དྲུག་གི་སྨན་པ་ཚང་མ་དེའི་འོག་ལ་བསྡུས་ཡོད་བསམ་གྱི་ཨེ་ཡོད།ང་ཚོའི་སྤྱི་ཚོགས་ནང་ཁྱོན་ཡོངས་ནས་ནད་ངན་ཞིག་ཡོད་པ་ནི།མི་བོ་རེ་ཟུང་ཞིག་གིས་ཚོགས་པ་གང་ཡང་རུང་བ་ཞིག་གི་སྒོ་བྱང་བོད་སྤྱི་ལ་ཁྱབ་པའི་མང་བྱང་རྫིག་པོ་ཞིག་བཏགས།མཛད་སྒོའི་ཐོག་སྐུ་ངོ་འམ་ཆབ་སྲིད་པ་ཡང་ན་མཁས་བའི་མིང་འཛིན་པ་ཞིག་གདན་འདྲེན་བྱས།དེ་ཡང་ཚོགས་པ་དེའི་བྱེད་ལས་དང་ཁྱད་ཆོས་ཀྱི་དངོས་ཤུགས་བརྒྱུད་གསུམ་ལ་བསམ་གཞིགས་མི་བྱེད་པར་གནམ་ས་ལྟར་གཏམ་རྫིག་པོ་རེ་བཤད།མང་ཚོགས་ངོས་ནས་ཀྱང་རྒྱུས་ལོན་མི་བྱེད་པར་ཡིན་ཤག་ཤག་གིས།སྤྱི་ཚོགས་འདི་འཚར་ལོངས་བྱུང་མ་ཐུབ་པར་གནའ་ལུས་ད་ལུས་ཡིན་པ་ཤེས་པར་བྱེད་གལ།དཀའ་བཅུ་བའི་སྨན་པའི་ལག་འཁྱེར་ཨེ།རང་ཉིད་ཆེ་མདོག་ཁ་བོ་སྣང་བ་སྐྱིད་མདོག་ལ།དཀའ་བཅས་པའི་ལག་འཁྱེར་ལབ་ན་ག་འདྲ་ཞིག་ཡོད་རེད།ཤོག་ལེབ་ཅིག་གི་ཐོག་ལ་མིང་བྱང་རྫིག་པོ་ཞིག་བཏགས་ན་ཡོད་ཚད་ཀྱི་ཡོད་ཚད་འགྲིག་སོང་བསམ་གི་ཨེ་ཡོད།བོད་ཀྱི་གསོ་རིག་མི་ཉམས་རྒྱུད་འཛིན་ག་ཚོད་ཅིག་བྱས་ཡོད།གོང་འཕེལ་གྱི་ཚད་གཞི་ག་བ་ལ་སླེབས་ཡོད།འུར་སྒྲོག་ཙམ་མ་ཡིན་ནམ།མ་ཡིན་ན།དེང་སང་སྨན་སྣ་ག་ཚོད་ཅིག་བེད་སྤྱོད་བྱེད་བཞིན་པ་ཡིན།གསར་གཏོད་ག་ཚོད་ཅིག་བྱས་ཡོད།སྐྲ་སྣུམ་དང་ངོ་སྣུམ་མཚོན་པའི་ཙ་རེ་ཙོ་རེ་སྐོར་ཞིག་བཟོས་ན་གསར་གཏོད་ཀྱི་ལས་སྒྲུབ་ཚར་བསམ་གི་ཨེ་ཡོད།ད་དུང་དཀའ་བཅུ་བའི་ལག་འཁྱེར་ཡོད་མེད།སྟོང་སང་སང་གི་རྨི་ལམ་གཏོང་གི་ཡོད་པ་མ་ཡིན་ནམ།ཁོར་ཡུག་ལ་རྒྱུས་ལོན་དང་ཕྱོགས་ཀུན་ནས་ཡག་པོ་ཞིག་གཟིགས་དང་།༧སྐུའི་བླ་སྨན་ཟུར་བ་ཡེ་ཤེས་དོན་ལྡན་ལ་སོགས་པའི་སྨན་པ་མང་པོ་ཞིག་ལ་དཀའ་བཅུ་པའི་ལག་འཁྱེར་ཁྱེར་ཤོག་ལབ་ཀྱི་ཡིན་པེ།མེད་ན་ཕྱི་རྒྱལ་ལ་འགྲོ་མི་ཆོག་གསུང་གི་ཡིན་པེ།ཁོང་ཚོས་ཡུ་སྒོར་དང་སྒྲོ་ལོར་མང་པོ་བསགས་ཀི་རེད་བསམ་གི་ཨེ་ཡོད།མིག་ཨེ་ཚ་གི་མིག་ཚ་ཡང་ཐབས་ཤེས་ཅི་ཡོད།བསམ་གཞིགས་ཡག་པོ་གནང་ཨ།དེ་བཞིན་ཧི་མ་ལ་ཡིའི་རི་རྒྱུད་དུ་ཨེམ་ཆི་མང་པོ་ཡོད་རེད་དོ།ད་དུང་དེ་གཅིག་པོ་མ་ཡིན་པར་དྲན་འཕྲུལ་ཁ་ཤས་ཤིག་གིས་གསར་རྙིང་གི་དབྱེ་འབྱེད་ཐོག་འཁྲབ་སྟོན་མང་པོ་ཞིག་བྱས་ཡོད་དེ།དང་པོ།༡༩༩༧་ཡས་མས་ནས་སྨན་རྩིས་ཁང་གི་སློབ་རྒྱུགས་ལ་གསར་འབྱོར་བའི་ས་མིག་གསུམ་ལས་མེད་པ་དང་།ས་མིག་གསུམ་ཡང་ཨང་དང་པོ་ནས་གསུམ་པ་བར་མ་བླངས་ཚེ།ཡིག་རྒྱུགས་མ་འཕྲོད་པར་ཆ་འཇོག་བྱས་ཡོད། གཉིས་པ།དང་པོའི་ས་མིག་གསུམ་དེ་འགྱུར་བ་བཏང་སྟེ་སློབ་ཡོན་སྤྲོད་དགོས་པར་བཟོས་ཡོད།སླར་ཡང་གསར་འབྱོར་བ་ཚོ་འབྱོར་མེད་གྲལ་རིམ་གྱི་ཁུར་པོའིི་འོག་ལ་མནན་ཡོད།གསུམ་པ།ཡང་ལོ་ཁ་ཤས་ཤིག་གི་གོང་ནས་ལོ་ཉེར་ལྔ་ལས་བརྒལ་ཚེ་སློབ་རྒྱུགས་བྱེད་མི་ཆོག་པར་བཟོས་ཡོད།མི་ངན་ཁ་ཤས་ཤིག་གི་བྱེད་ཐབས་ལ་བློ་གཟུ་བོར་སྒོ་ནས་གཟིགས་དང་དུས་རབས་ཉེར་གཅིག་པར་ཚང་མ་དབུལ་ཕྱུག་དོ་མཉམ་པར་གྱུར་བ་ལས་བྱུས་ངན་གསར་བ་ལག་བསྟར་བྱས་པ་ཞིག་ཡིན་པ་ལས་གཞན་འགྲེལ་བཤད་རྒྱག་ཐབས་ཨེ་ཡོད།མཚམས་འདི་ནས་ཁས་ཆེ་བའི་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་མི་བོ་ཁ་ཤས་ཤིག་ལ་སྙིང་དབུས་ནས་རེ་འབོད་བྱེད་རྒྱུ་ཞིག་ནི།རང་ལྟ་མཆོག་འཛིན་དང་གཅིག་སྡུད་ལམ་ལུགས་ཀྱི་དམིགས་བྱ་དོར་ཏེ།རྒྱ་གར་གཞུང་དང་རང་གཞུང་གཉིས་ཀས་ངོས་ལེན་ཡོད་པའི་ཝར་ན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་སྟེ།དུས་རབས་ཉེར་གཅིག་པའི་དུས་མགོ་རྒྱལ་སྤྱི་རང་བཞིན་གྱི་སྒྲིག་གཞི་དང་སློབ་ཚན་སོགས་ཁྱད་ཆོས་དུ་མ་ཞིག་གིས་བརྒྱན་ཡོད་པས་ཝར་ཎའི་ཆེས་མཐོའི་སྨན་རྩིས་ཁང་དུ་རྒྱུས་ལོན་ཡག་པོ་བྱས་ཏེ་སློབ་ཚན་དང་སློབ་མའི་ལོ་ཚོད་བཅས་རྒྱལ་སྤྱི་དང་མཐུན་པར་གཏན་འབེབ་བྱེད་ཐུབ་རྒྱུ་དེ་བོད་མི་རིགས་ཀྱི་སྤྱི་དོན་དང་འགྲེལ་བ་ཡོད་པ་ཞིག་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese