མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་རིམ་དྲུག་པ་ཡན་ལ་སྐད་གཉིས་སློབ་ཁྲིད་གནང་སྐབས་ནང་དོན་དང་བརྒྱུད་ལམ་དོ་མཉམ་བྱེད་དགོས

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཕྱོགས་ཀྱི་དམིགས་བསལ་ཚོགས་འདུའི་སྟེང་གྲོས་ཆོད་མང་པོ་ཞིག་བཞག་ཡོད་པའི་ཁྲོད། ལོ་རྗེས་མ་ནས་དཔེ་སྟོན་སློབ་གྲྭ་དང་སྤོན་ཊ་གཏན་སློབ་གཉིས་ནས་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བོད་སྐད་ཐོག་བསླབ་རྒྱུ་མགོ་འཛུགས་དང་། ཅོན་ཏ་ར་དང་བདེ་སྐྱིད་གླིང་སློབ་གྲྭ་གཉིས་ནས་གྲ་སྒྲིག་གིས་ ༢༠༡༦ ལོ་ནས་ལག་བསྟར་བྱ་རྒྱུ་སོགས་འཁོད་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་ཉིན་གཉིས་རིང་གི་དམིགས་བསལ་ཚོགས་འདུ་མཇུག་བསྒྲིལ་ཡོད་ཅིང་། མཇུག་བསྡོམས་མཛད་སྒོའི་སྟེང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་གཙོས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་ཤེས་རིག་ལས་ཁུངས་ཀྱི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་སམ་བྷོ་ཊ་དང་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ ༡༠ ཡི་སློབ་སྤྱི་དང་དགེ་ཆེ་ ༡༢ དང་། དེ་བཞིན། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་རྣམ་པ་བཅས་འཛོམས་འདུག

ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་གྲོས་ཆོད་ཁག་སྒྲོགས་སྦྱང་དང་འབྲེལ་མཇུག་བསྡོམས་གསུང་བཤད་གནང་དོན། ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་སྟེ་ལོ་ ༡༠ ལ་ཉེ་བའི་དུས་ཡུན་རིང་། ད་རེབ་ཀྱི་ཚོགས་འདུ་འདི་ནང་བཞིན་ཚོགས་པ་ཧ་ལམ་ཐོག་མ་འདྲ་པོ་ཆགས་ཡོད་སྟབས། གལ་ཆེ་བའི་ལས་གཞི་གསར་པ་ཞིག་ལག་བསྟར་གནང་སྐབས་དཀའ་ངལ་དང་གསལ་ཁ་ཐོན་མ་འཐོན་མང་པོ་ཞིག་ཆགས་ཀྱི་ཡོད་སྟབས། ད་ཐེངས་ཚོགས་འདུ་འདིའི་ནང་གང་ལ་གང་འཚམ་གསལ་པོ་བྱུང་སོང་བསམ་ཡོད། སྲིད་བྱུས་ག་རེ་ཡིན་ཡང་དེ་ལ་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོང་སྲིད་པ་ཞིག་ཡིན། སྲིད་བྱུས་ཡང་དག་པ་ཞིག་ཡིན་ཡང་ལག་ལེན་བསྟར་སྐབས་ལག་ལེན་ཧྲ་ཏག་ཏག་ཅིག་བསྟར་མ་ཐུབ་པ་ཡིན་ན། ཤོག་ཐོག་ཏུ་སྲིད་བྱུས་དེ་ཡང་དག་པ་ཞིག་རེད་མ་གཏོགས་ལག་ལེན་ཐོག་ཡང་དག་པ་ཆགས་ཀྱི་ཡོད་པ་མ་རེད། ད་ཐེངས་ཤེས་ཡོན་སྲིད་བྱུས་འདི་ཤོག་ཐོག་ཏུ་ཡོད་པ་ལྟར་ང་ཚོས་ལག་ལེན་ཐོག་བསྟར་ཐུབ་པ་བཟོ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་སྟབས་རྣམ་པ་ཚོ་ཞེ་དྲག་གལ་ཆེན་པོ་ཆགས་ཡོད། ཅེས་དང་།

སློབ་གྲྭའི་སློབ་སྤྱི་གལ་ཆེན་པོ་གང་འདྲ་ཆགས་ཀྱི་ཡོད་མེད་ཐད་ཁོང་གིས། སློབ་གྲྭའི་སློབ་སྤྱི་ཟེར་བའི་ཐ་སྙད་དེར་དེང་སང་འགྱུར་བ་ཞིག་བཏང་སྟེ། སློབ་གྲྭའི་མགོ་ཁྲིད་ཅེས་བེད་སྤྱོད་གཏོང་རྒྱུའི་ཐ་སྙད་ཅིག་ཆགས་ཀྱི་འདུག ངས་དེར་གོ་བ་ཆེན་པོ་ཞིག་འདུག་བསམ་གྱི་ཡོད། སློབ་གྲྭ་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་མགོ་ཁྲིད་མཁན་དེར་འགན་ཁུར་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། སོ་སོའི་ཁོར་ཡུག་གི་སློབ་གྲྭ་དང་སློབ་མ། ཕ་མ་དང་དགེ་རྒན། འཛིན་སྐྱོང་སོགས་སུ་གཞི་རྒྱ་ཆེ་བའི་ལས་ཀ་མང་པོ་ཞིག་ཡོད་སྟབས། ང་ཚོས་སྤྱོབ་སྤྱི་ཟེར་སྐབས་གལ་ཆུང་ཆུང་ཞིག་ལ་བརྩི་རྒྱུ་རྩ་བ་ནས་མེད། རྣམ་པ་ཚོའི་འགན་ཁུར་དེ་ཞེ་དྲག་ཆེན་པོ་ཆགས་ཡོད་སྟབས། ཐོག་མར་སོ་སོའི་ནུས་པ་དང་ཤེས་ཡོན་དེ་ཧྲ་ཏག་ཏག་ཡག་པོ་ཞིག་བཟོ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། སློབ་གྲྭའི་སློབ་མ་དང་དགེ་རྒན། ཕ་མ་བཅས་ཀྱིས་སློབ་གྲྭ་དེར་དགའ་བསྟོད་བྱེད་ཡུལ་ཞིག་བཟོ་རྒྱུ་དེ་སློབ་སྤྱིའི་སྒང་ལ་བབས་ཡོད། ཅེས་བརྗོད་སོང་།

དགེ་རྒན་བསྐོ་བཞག་བྱེད་ཕྱོགས་ཐད་ཤེས་རིག་ལས་ཁུངས་ཀྱིས་གང་བྱས་ཡོད་མེད་དང་སློབ་སྤྱི་ཚོས་གང་གནང་དགོས་མིན་ཐད་ཁོང་གིས། དགེ་རྒན་བསྐོ་ཕྱོགས་ཐད་བཀའ་མོལ་མང་པོ་བྱུང་བ་རེད། ང་ཚོས་དེ་གལ་འགངས་ཆེན་པོ་ཞིག་ལ་བརྩིས་ཏེ། དེའི་ཐོག་ཤུགས་རྒྱག་གི་ཡོད་ལ། སློབ་སྤྱི་རྣམ་པ་ཚོས་ཀྱང་དགེ་རྒན་ཚོའི་ཁྱད་ལས་ཡར་རྒྱས་གཏོང་ཆེད་དགེ་རྒན་ཚོའི་ཤེས་ཚད་ཐད་རྟོག་ཞིབ་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། སློབ་སྤྱི་ཟེར་སྐབས་ལས་ཁུངས་ནང་སྡོད་རྒྱུ་དང་རྩེད་ཐང་ཐོག་འདོན་རྒྱུ་ཙམ་མིན་པར། འཛིན་གྲྭའི་ནང་བསྐྱོད་དེ་དགེ་རྒན་སུ་དང་སུས་སློབ་ཚན་ཡག་པོ་སློབ་ཀྱི་ཡོད་མེད་ཐོག་རྟོག་ཞིབ་དང་། དེ་ཚོའི་ཐོག་གཞོགས་འདེགས་དང་ཟབ་ཁྲིད་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ང་ཚོས་དགེ་རྒན་དེ་ཧྲ་ཏག་ཏག་ཅིག་བཟོ་ཐབས་ལ་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་ཆགས་འདུག ཅེས་བརྗོད་བྱུང་།

ཤེས་རིག་ལས་ཁུངས་ཀྱིས་སློབ་དེབ་རྩོམ་སྒྲིག་ཐད་ཕྱག་ལས་གང་གནང་ཡོད་མེད་ཐད་ཁོང་གིས། སྔོན་མ་ཡིན་ན་གཞི་རིམ་འོག་མའི་སློབ་དེབ་ཁག་ཅིག་ཤེས་རིག་ལས་ཁུངས་དང་ཁག་ཅིག་བོད་ཁྱིམ་གྱིས་རྩོམ་སྒྲིག་གནང་གི་ཡོད་ཀྱང་། ད་ལོ་ང་ཚོར་བོད་ཁྱིམ་གྱིས་རེ་འདུན་ཞུས་པ་ལྟར་ད་ནས་བཟུང་སློབ་དེབ་ཡོངས་རྫོགས་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་བྱ་རྒྱུ་གཙོས་དགེ་རྒན་འོས་སྦྱོང་ཀྱང་གནང་རྒྱུ་ཐག་གཅོད་བྱུང་ཡོད། ང་ཚོས་ད་བར་ཟབ་སྦྱོང་མང་པོ་ཞིག་ཕུལ་ཟིན་ལ། སྐད་ཡིག་གཞན་ནང་ཡོད་པའི་བྱིས་སྒྲུང་རྩོམ་སྒྱུར་གནང་མཁན་མི་ ༡༥ བདམས་ཏེ་ལྡི་ལིར་ཟབ་སྦྱོང་སྤྲད་པ་སོགས་ཤེས་རིག་ལས་ཁུངས་ངོས་ནས་གང་ཡོང་ཅི་ཡོང་གིས་ཤུགས་རྒྱག་གི་ཡོད། ཤེས་ཡོན་ནི་ང་ཚོ་མི་རབས་ཤིག་གི་རྩ་བ་དང་། རྩ་དོན་རྩོད་རྒྱུའི་ལག་ཆ་ཆགས་ཡོད་སྟབས། ང་ཚོ་ཤེས་རིག་ལས་ཁུངས་ཀྱི་འགན་ཁུར་བཞེས་མཁན་སྲིད་སྐྱོང་གཙོས་ངོ་ལས་རྣམ་པས་དེའི་འགན་ཁུར་བསམ་པ་དང་ཤེས་པ་ཙམ་མ་ཟད། ཚོར་བ་དེ་ཡོད་པའི་ཐོག་ནས་འབད་བརྩོན་བྱེད་བཞིན་ཡོད། ཅེས་སོགས་བརྗོད་སོང་།

ཐེངས་འདིའི་ཚོགས་འདུའི་སྟེང་གྲོས་གཞི་གཙོ་བོ་གཉིས་ཡོད་པ་ལས་དང་པོ། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་དང་ལག་བསྟར་མདུན་བསྐྱོད་དང་ཚགས་ཚུད་ཡོང་ཐབས་ཇི་དགེའི་སྐོར། ཞེས་པའི་ཐད་གྲོས་ཆོད་མང་པོ་ཞིག་བཞག་ཡོད་པ་ལས་གཙོ་བོ་དག་ནི། གཞི་རིམ་འོག་མའི་དགེ་རྒན་ཚོས་སློབ་ཚན་ཆ་ཚང་སློབ་ཁྲིད་གནང་ཐུབ་པ་དགོས་རྒྱུའི་ལམ་སྲོལ་དེས་སློབ་ཕྲུག་གི་ཤེས་ཡོན་མ་རྩ་བརྟན་པོ་ཡོང་རྒྱུར་དཀའ་ངལ་ཆེན་པོ་འདུག་སྟབས། སློབ་ཚན་བྱེ་བྲག་པ་སོ་སོ་སློབ་ཁྲིད་གནང་མཁན་དགེ་རྒན་བསྐོ་གཞག་གནང་རྒྱུ་དང་། གཞི་རིམ་བར་མའི་དབྱིན་ཡིག་ཐོག་སློབ་ཁྲིད་ཚད་ལྡན་མི་ཡོང་བའི་དཀའ་ངལ་སེལ་ཐབས་སུ། འཛིན་རིམ་བཞི་པ་ཡན་ལ་དབྱིན་ཡིག་སློབ་ཁྲིད་གནང་མཁན་དབྱིན་ཡིག་ཆེད་སྦྱོང་བའི་རིགས་ (English Honors) བསྐོ་བཞག་གནང་ཐབས་དང་། དེ་བཞིན་འཛིན་རིམ་དྲུག་པ་ཡན་ལའང་ Sound-way Program ལྟ་བུའི་དབྱིན་ཡིག་སློབ་ཁྲིད་ཐབས་ལམ་གསར་པའི་རིགས་སྤྱོད་རྒྱུ། གཞི་རིམ་འོག་མར་ཚད་མ་རིག་པ་སློབ་འཁྲིད་གནང་མཁན་དམིགས་བསལ་བསྐོ་གཞག་གནང་ཐབས། སློབ་ཐོན་ལས་མེད་མི་འབྱུང་ཆེད་ལས་རིགས་འདྲ་མིན་ཐོག་གོ་རྟོགས་སྤེལ་རྒྱུ་དང་། དེའི་ཆེད་ཤེས་རིག་ལས་ཁུངས་དང་སློབ་ཁག་སོ་སོའི་འཛིན་སྐྱོང་ནས་ལོ་ལྟར་འགྲོ་གྲོན་གྱི་མཐུན་སྦྱོར་དང་ཟབ་སྦྱོང་གནང་རྒྱུ། གཞི་རིམ་བར་མའི་སློབ་གྲྭ་ཁག་ཏུའང་ཤེས་ཡོན་སྲིད་བྱུས་ལག་བསྟར་རྒྱུན་བསྲིང་སྔར་ལྷག་ཡོང་ཐབས་གནང་རྒྱུ། སློབ་ཕྲུག་ཚོའི་སྐད་ཡིག་གི་ཤེས་ཚད་གོང་སྤེལ་ཆེད་ཟུར་ལྟའི་དཔེ་དེབ་ཁག་གི་གྲངས་ཚད་དང་། པར་རིས་ཅན་གྱི་སྒྲུང་དེབ། དེ་བཞིན་ཤོག་བུའི་སྤུས་ཚད་སོགས་ཡར་རྒྱས་གཏོང་རྒྱུ། སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ཀྱི་ཤེས་ཚད་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དགེ་རྒན་འོས་སྦྱོང་ཐོན་པ་ཤ་སྟག་ཡིན་དགོས་པ། ད་སྔ་དགེ་རྒན་དུ་བསྐོས་ཟིན་རིགས་ཀྱི་ཤེས་ཚད་ལག་འཁྱེར་ཇེ་མཐོར་གཏོང་ཐུབ་བྱ་རྒྱུ་དང་། དེ་མིན་གླ་ཕོགས་རང་འཇགས་ཐོག་ལས་གནས་བརྗེ་བསྒྱུར་གནང་ཐབས་སོགས་འཁོད་འདུག

གྲོས་གཞི་གཉིས་པ། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཁྲིད་བརྒྱུད་ལམ་སྐད་གཉིས་བརྒྱུད་ནས་ཁྲིད་ཐབས་ཀྱི་ལྟ་གྲུབ་དང་ལག་བསྟར་གནང་ཕྱོགས་ཇི་དགེའི་སྐོར། ཞེས་པའི་ཐད། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཁྲིད་བརྒྱུད་ལམ་སྐད་གཉིས་ཐོག་ཁྲིད་ཐབས་ཐད་ཤེས་རིག་ལས་ཁུངས་ནས་སློབ་དགེ་རྣམས་ལ་ཟབ་སྦྱོང་དང་ལམ་སྟོན་གནང་དགོས་པ་དང་། ད་ལྟའི་ཆར་སློབ་གྲྭ་ཁག་གི་སྤྱི་ཚན་དགེ་རྒན་ཚོར་བོད་ཡིག་སློབ་ཁྲིད་གནང་མུས་བཞིན། མ་འོངས་པར་མུ་མཐུད་ཡར་རྒྱས་གཏོང་སླད་ས་རཱ་མཐོ་སློབ་སོགས་སུ་ཟབ་སྦྱོང་གོ་སྒྲིག་གང་མང་གནང་རྒྱུ། ཤེས་རིག་ལས་ཁུངས་ནས་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཚན་ཁག་གི་ཐ་སྙད་རྣམས་གཏན་འབེབས་ངེས་ཅན་བཟོ་ཐབས། མ་འོངས་པར་དགེ་རྒན་བསྐོ་བཞག་སྐབས་སློབ་ཚན་སོ་སོར་ཁྱད་མཁས་དང་། ལྷག་པར་བོད་ཀྱི་སྐད་ཡིག་ལ་བྱང་ཆ་ལྡན་པའི་རིགས་བསྐོ་བཞག་གནང་རྒྱུ། འཛིན་རིམ་དྲུག་པ་ཡན་ལ་སྐད་གཉིས་ཐོག་སློབ་ཁྲིད་གནང་བའི་ལྟ་གྲུབ་ལག་བསྟར་གནང་སྐབས། དགེ་རྒན་གྱིས་ནང་དོན་གཙོར་འདོན་དང་བརྒྱུད་ལམ་གཙོར་འདོན་གཉིས་དོ་མཉམ་གནང་རྒྱུ། ཕྱི་ལོ་ ༢༠༡༥ ནས་དཔེ་སྟོན་སློབ་གྲྭ་དང་སྤོན་ཊ་གཏན་སློབ་གཉིས་ནས་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བོད་ཀྱི་སྐད་ཡིག་ཐོག་ནས་བསླབ་རྒྱུའི་མགོ་འཛུགས་བྱ་རྒྱུ་དང་། ཅོན་ཏ་ར་དང་བདེ་སྐྱིད་གླིང་སློབ་གྲྭ་གཉིས་ནས་གྲ་སྒྲིག་གིས་ ༢༠༡༦ ལོ་ནས་ལག་བསྟར་བྱ་རྒྱུ། དེའི་ཆེད་ཤེས་རིག་ལས་ཁུངས་ནས་ཁྲིད་ཐབས་སོགས་མཐུན་སྦྱོར་གང་དགོས་གནང་རྒྱུ་དང་འབྲེལ། རིམ་བཞིན་ཉམས་མྱོང་ལ་གཞིགས་ནས་འཛིན་རིམ་བདུན་པ་སོགས་ལ་ལག་བསྟར་གནང་ཐབས་འབད་བརྩོན་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

སྐར་མ ༤༦ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 1

  1. བསོད་ནམས། says:
    ལོ་ 12 སྔོན།

    ཤེས་ཡོན་སྲིད་བྱུས་གསར་པ་མགོ་འཛུགས་བྱས་ཏེ་ལོ་བཅུ་འགྲོ་བཞིན་ཡོད་པ་རེད། ད་དུང་ཉིན་འགྱངས་ཞག་ཕུད་ཀྱིས་ཕྱི་བཤོལ་བརྒྱབ་ནས་འདུག་དོན་ག་རེ་ཡིན་ནམ།
    ད་རེས་ཀྱི་གྲོས་ཆོད་ནང་། ཕྱི་ལོ་ ༢༠༡༥ ནས་དཔེ་སྟོན་སློབ་གྲྭ་དང་སྤོན་ཊ་གཏན་སློབ་གཉིས་ནས་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བོད་ཀྱི་སྐད་ཡིག་ཐོག་ནས་བསླབ་རྒྱུའི་མགོ་འཛུགས་བྱ་རྒྱུ་དང་། ཅོན་ཏ་ར་དང་བདེ་སྐྱིད་གླིང་སློབ་གྲྭ་གཉིས་ནས་གྲ་སྒྲིག་གིས་ ༢༠༡༦ ལོ་ནས་ལག་བསྟར་བྱ་རྒྱུ། ཞེས་འཁོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese