མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ཤོད་བོད་ཁྱིམ་གྱི་སློབ་མ་ཞིག་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཙམ་ལ། དྷ་ཤོད་བོད་ཁྱིམ་གྱི་སློབ་མ་སངས་རྒྱས་བྱང་ཆུབ་ཟེར་བ་ཞིག་ལ་གློག་གིས་བརྒྱབ་ཏེ་ཁ་སང་ཊན་ཊཱ་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ རེས་གཟའ་སྤེན་པ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཙམ་ལ། དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཁྱིམ་ཚང་ ༨ པའི་ཨ་མ་ལགས་ཀྱིས། ཁྱིམ་ཚང་གི་སློབ་མ་རྣམས་ཁྲིད་དེ་ཕྱི་རོལ་ལ་སྤྲོ་འཆམ་དུ་ཕྱིན་སྐབས། སློབ་བུ་སངས་རྒྱས་བྱང་ཆུབ་ཟེར་བ་ཞིག་ལ་གློག་གིས་བརྒྱབ་ཡོད་པ་དང་། དེ་མ་ཐག་རྒྱ་གར་སྨན་ཁང་དུ་འཁྱེར་ཏེ་ཛ་དྲག་སྨན་བཅོས་བྱས་ཡོད་ཀྱང་། ཁ་སང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་འདས་གྲོངས་སུ་གྱུར་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དྷ་ཤོད་བོད་ཁྱིམ་གྱི་དགེ་ཆེ་པ་སངས་ལགས་སུ་སྐད་ཆ་འདྲི་སྐབས། སློབ་གྲྭའི་སྒྲིག་གཞི་ལྟར་ཕྱི་དྲོ་དེར་ཁྱིམ་ཚང་ཨ་མ་ལགས་ཀྱིས་སློབ་མ་རྣམས་ཁྲིད་དེ་ཕྱི་ལོགས་སུ་སྤྲོ་འཆམ་ལ་སོང་སྟེ། སློབ་གྲྭའི་ཉེ་འགྲམ་གྱི་རྒྱ་གར་ཟ་ཁང་ཞིག་ཏུ་སྒོ་ང་བརྔོས་མ་སོགས་ཟོས་ནས་ཕྱི་ལོགས་སུ་ཐོན་སྐབས། ཟ་ཁང་འགྲམ་གྱི་གློག་སྐུད་ཅིག་ལ་ཐུག་ནས་རྐྱེན་ངན་དེ་བྱུང་འདུག དེ་མ་ཐག་ཁོ་རླངས་འཁོར་ཞིག་གི་ནང་བཞག་སྟེ་ཟོའུ་ནོར་སྨན་ཁང་དུ་འཁྱེར་ཡོད་ཀྱང་། གཟུགས་པོའི་བརྒྱ་ཆ་ ༤༠ ཚིག་ཟིན་པ་དང་སྨན་ཁང་གི་ཚིག་སྐྱོན་རིགས་ཀྱི་སྨན་བཅོས་ཆ་རྐྱེན་ཡག་པོ་མེད་སྟབས། དེ་འཕྲལ་དུ་ཊན་ཊཱ་སྨོན་ཁང་དུ་ཁྱེར་ཏེ་སྨན་བཅོས་གང་ལེགས་བྱས་ཀྱང་། ནང་ཁྲོལ་ལ་སྐྱོན་ཤོར་རྐྱེན་ཁ་སང་སྔ་དྲོར་གྲོངས་སོང་། ཞེས་བརྗོད་བྱུང་།

སློབ་བུ་སངས་རྒྱས་བྱང་ཆུབ་རང་ལོ་ ༡༣ ཡིན་ཞིང་། ད་ལྟ་འཛིན་རིམ་ ༧ པ་ཡིན་ལ། ཁོ་བོའི་ཨ་མ་ལགས་ཧོན་སོར་གཞིས་ཆགས་ནས་ཡིན་པ་དང་། པ་ལགས་ལྡི་ལིར་བསྡད་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 6

  1. ནང་ཆེན་གླུ་བ། says:
    ལོ་ 11 སྔོན།

    དྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་མ་བཀྲོངས་བ།

    སྐབས་འདིར་བཀྲོངས་ཞེས་པ་ནི། དམིགས་སུ་བཀར་ནས་མི་གསོད་ཁྲག་སྦྱོར་བྱས་པ་ལ་ཚིག་དོན་གྱི་གོ་བ་མིན། སློབ་གྲྭའི་སྒྲིག་གཞི་དང་སློབ་ཕྲུག་གི་འགན་དབང་ཆ་ཚང་དྷ་ཤོད་སློབ་གྲྭ་ལ་ཡོད་པའི་བདག་ཐོན་ལེགས་བསྒྲུབས་མ་བྱུང་བ་ལས་འབྲས་བུ་འདས་གྲོངས་གྱུར་བ་ལ་གོ་བ་ཡིན།
    ཨེ་མ་་་ བོད་ཕྲུག་ཁྱིམ་སྡེ་དྷ་ཤོད་སློབ་གྲྭ་ནི། བཙན་བྱོལ་སློབ་གྲྭ་དྲག་ཤོས་ཡིན་སྙམ་བཞིན་ད་བར་ངའི་མིག་མཐོང་ལག་ཟིན་དུ་སློབ་ཕྲུག་གསུམ་སློབ་གྲྭ་ར་བ་འདིའི་སྒྲིག་གཞི་ལྟར་རྐྱེན་ལམ་དུ་གཏོང་ཟིན། མ་འོངས་སློབ་གྲྭའི་སྒྲིག་གཞི་ལྟར་ཇི་ཙམ་དགྲོང་འཆར་ཡོད་ན་ཨ་་་་་་་་ སྒྲིག་ལམ་འདི་ནི། སྣོད་ཞབས་རྡོལ་བ་ཞེས་པ་དེ་གསལ་བོར་མངོན་བཞིན་འདུག འདི་ནི་དྷ་ཤོད་སློབ་གྲྭའི་ཞབས་འདྲེན་རེད་ལ་བསམ་ཡུལ་ལས་འདས་པའི་ངོ་མཚར་གྱི་གཏམ་ངན་ཞིག་ཀྱང་རེད།
    དངོས་སུ་མྱོང་ཚོར་ལས། འདས་པོ་༡༽ གོང་གསལ་ཨ་མདོ་གྲོང་གསེབ་འགྲོ་སའི་གསུམ་མདོའི་དོན་རྐྱེན་དང་། འདས་པོ་༢༽ སློབ་གྲྭའི་ཁྱིམ་ཚང་ཞིག་གི་ཞལ་ལག་ཆོ་མན་(Choemien)ནང་སྒོང་དུག་ཤོར་ཏེ་སློབ་ཕྲུག་འགའ་ཤས་གྲོད་པ་བཤལ་བ་དང་། ཁ་གཅིག་སྐྱུག་པ་སོགས་ངོ་མཚར་གནས་ཚུལ་དེ་ལ་བརྟེན་ནས་སློབ་མ་གཅིག་ཚེ་ལས་འདས། འདས་པོ་༣༽ རྒྱུ་གཙོ་བོ་ནི། ཕྱི་ཟླ་༨ ཚེས་༢༣ ཉིན་ཁྱིམ་ཚང་༨ པའི་ཨ་མ་ཨུ་རྒྱན་ལགས་ཀྱིས་ཁྱིམ་ཚང་འདིའི་སློབ་ཕྲུག་རྣམས་སློབ་གྲྭའི་ཕྱིར་སྐྱོད་ཁྲིད་ཏེ་སློབ་མ་ཉམ་ཆུང་དེ་ཉིད་རྐྱེན་ལམ་དུ་སོང་། རྐྱེན་ནི། སློབ་ཕྲུག་དཔལ་འབར་དང་ཁྱིམ་གྲོགས་ཚོ་ཁག་གཅིག་ཡོད་འདུག སློབ་ཕྲུག་འགའ་ཤས་རྒྱ་གར་ཚོང་ཁང་ཐོག་ཁར་སྒོང་བག་(Egg Toast)ཟོས་ཚར་ནས་འབུད་རྒྱག་དང་གློག་འཁྱུད་ལས་བྱུང་འདུག གློག་ཏར་ནི་རྒྱ་གར་གཞུང་གི་མཐུད་སྦྱོར་བྱས་པའི་གློག་སྐུད་ཨ་མ་དེ་རེད། གློག་སྐུད་དེ་རྒྱ་གར་ཚོང་ཁང་གི་ཁང་ཐོག་ཐ་ནས་ཕི་ཊི་གཅིག་གི་ཉེས་འགྲམ་དུ་འདུག
    བཤད་སྲོལ་ལ་སྒོང་ང་ལྷག་ཕྲོའམ་ཟས་ལྷག་གཡུགས་པ་ལས་བྱུང་འདུག་ཞེས་སློབ་གྲྭ་ལས་སྣེ་ཞིག་གིས་ཟེར།(ལས་སྣེ་དེའི་མིང་འདིར་མ་བཀོད། Egg Toast འཇོག་སའི་སྡེར་མ་ཤོག་བུ་ཡིན་འདུག་ལ་ཤོག་བུའི་སྡེར་མ་འཕངས་པ་དངོས་ཡོད་གནས་ཚུལ་ཡིན་ནའང་དོན་རྐྱེན་དེ་ལས་བྱུང་བ་ཞིག་གཙོ་བོ་དེ་རེད་མིན་འདུག མདོར་ན། སློབ་གྲྭའི་སྒྲིག་གཞི་ལྟར་སློབ་གྲྭའི་ཕྱིར་སྐྱོད་ཁྲིད་དེ། ཡང་ང་བའི་སློབ་ཕྲུག་དེ་བཀྲོངས་པ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཕ་མ་གཉིས་ལ་བུ་གཅིག་དང་བོུ་གཅིག་ཡོད་པ་ལས་བུ་དེ་དྷ་ཤོད་སློབ་གྲྭ་ནས་མེད་པ་ཆག་པ་རེད། ཁོང་གཉིས་ལ་མ་ཟོད་པའི་སྡུག་བསྔལ་དེ། ངའི་སེམས་ཁོང་ནང་ལྷམ་མེར་ཚོར་བཞིན་འདུག དེ་འདྲའི་བློ་བུར་དུ་སེམས་ཁྲལ་དང་འཇིགས་སྣང་གི་དངོས་ཡོད་གནས་ཚུལ་དེ་ངས་བསམ་ཡུལ་ལ་མ་དྲན། སློབ་གྲྭ་འདིའི་ནང་ཡོད་པའི་སློབ་ཕྲུག་གི་ཕ་མ་ཙམ་མ་ཡིན་པར་རྩམ་ཟན་ཕ་མ་ཚང་མས་སེམས་ཚབ་ཡོད་པ་ཚོར་སྣང་དྲག་པོ་སྐྱེད་བཞིན་འདུག ཕྱི་ལོ་༢༠༡༤ ཕྱི་ཟླ་༨ ཚེས་༢༩ ཉིན་དྷ་ཤོད་སློབ་གྲྭའི་སློབ་མ་རྐྱེན་ལམ་དུ་གཏོང་བ་ནི། ངའི་མིག་ལམ་དུ་མཐོང་ཐོས་དངོས་སུ་བྱུང་བ་ཐེངས་གསུམ་པ་རེད།
    ཛ་དྲག་དེ་ལྟ་བུའི་སློབ་མ་ལ་ཛོ་ནོལ་སྨན་ཁང་ཁྲིད་པ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་ཆ་སྨན་ཁང་དེའི་གནས་སྟངས་ནི། གནས་སྡོད་མི་སྣ་ང་ཚོས་གསལ་པོ་མཁྱེན་གསལ་རེད། བོད་མི་ནང་ཁུལ་ཁོ་མོས་བློ་རྒྱ་ཡངས་ལ་ཅི་བྱ་གཏོལ་མེད་འགྱུར་ཏེ་དོན་རྐྱེན་འདི་ནི་ཁྲིམས་ལ་ཞུ་གཏུག་བྱེད་ན་དེའི་མ་ཕན། འདས་པོའི་པཱ་ལགས་ཀྱི་མཛའ་གྲོགས་གཅིག་དྷ་ཤོད་སློབ་གྲྭ་འདིའི་ལས་དྲུང་རེད་འདུག
    འདས་གྲོང་དུ་སོང་བའི་སློབ་མ་དེ། དྷ་ཤོད་སློབ་གྲྭའི་འགན་འཛིན་རྣམ་གཉིས་ཀྱི་བུ་ཕྲུག་ཡིན་ན། ད་ཚོད་སློབ་གྲྭའི་སྒྲིག་གཞི་འདི་ཇི་ལྟར་བྱེད་སྙམ། སློབ་མ་དེ་སྨན་ཁང་གང་འདྲ་ཞིག་ལ་ངོ་གཏུག་བྱེད་དམ། གནས་ཚུལ་དེ་ཚོ་རང་མགོ་ཐོག་དུ་འབབ་དུས་གསལ་པོ་ཡོང་ངེད་རེད།
    གང་ལྟར་ཡང། དྷ་ཤོད་སློབ་གྲྭའི་ལས་ཀྱི་སྣེ་མོ་བས་འདས་པོའི་ཕ་མ་གཉིས་ལ་རོགས་རམ་གང་ཐུབ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། འཛིན་རིམ་བདུན་པ་འགྲིམ་བཞིན་པའི་སློབ་ཕྲུག་སངས་རྒྱས་བྱང་ཆུབ་བཀྲོངས་བ་དེ་ནི། དྷ་ཤོད་སློབ་གྲྭའི་ལོག་རྒྱུས་ནང་ངས་རྒྱུས་མངའ་གསལ་པོ་ཡོད་པ་སློབ་མ་ཐེངས་གསུམ་པ་རེད།།
    སེམས་ཚོར་དྲག་པོའི་རེ་སྐུལ་ཞུ་རྒྱུ་མང་དག་ཡོད་ཀྱང་། ཞུ་མཁན་ཆུང་དྲག་པ་དང་ཞུ་ས་མཐོ་དྲག་པའི་སྐབས་འདིར་ངས་ཞུ་ཐབས་བྲལ། འོན་ཀྱང་མ་འོངས་པར་ཕྱི་ནང་གི་སྒྲིག་ཁྲིམས་ཡོད་ནའང། སྐབས་མཚམས་ཐོག་མ་ཉིད་ནས་སྒྲིག་འཛུགས་གནན་པོ་གནང་དགོས། ཐུས་ཤོར་ནི་སྒྲིག་འཛུགས་གནན་པོ་མེད་པ་ལས་བྱུང་བ་གསལ་པོ་རེད། ཨ་མ་ལགས་གཅིག་གིས་སློབ་ཕྲུག་གྲངས་༡༥།༣༠།༤༠།ཇི་ཙམ་སློབ་གྲྭའི་ཕྱིར་སྐྱོད་ཁྲིད་རུང་དེ་ལ་ལྤགས་པའི་བལྟ་སྐྱོངས་མི་སྣ་དང་དམིགས་བསལ་སྒྲིག་ཁྲིམས་དམ་གཟབ་སོགས་དགོས་གལ་ཤིན་ཏུ་ཆེ་བའི་སེམས་ཚོར་དྲག་པོ་ཟིན་བྲིས་འདི་ན་ཐལ།
    སྤྱིར་གཏང་རྒྱུས་མངའ་གནས་ཚུལ་ཟུར་ཙམ་བརྗོད་པ། ངས་ནམ་རྒྱུན་ཟླ་བ་རེ་གཉིས་བར་ཐེངས་རེ་ཕྲུག་གུ་ཐུག་འཕྲད་དུ་བསྐྱོད་པ་མིག་ཐོང་ལག་ཟིན་གྱིས་གནས་ཚུལ་ཆུ་ཐིག་ཙམ་གླེང་ན། སློབ་ཕྲུག་འགའ་ཤས་རང་གི་ཕ་མ་ལྷན་དུ་སློབ་གྲྭའི་བར་སེང་སྤེན་པ་གཉིས་པ་དང་སྐབས་མཚམས་བཞི་པའི་དུས་སུ་ཁྱིམ་ཚང་ཨ་མ་ལགས་ཀྱི་ལག་ཐོག་ཁ་པར་བརྒྱུད་འབྲེལ་བ་བྱ་བཞིན་ཡོད་ནའང་། སློབ་ཕྲུག་ཁ་གཅིག་རྨས་སྐྱོན་སོགས་གནས་ཚུལ་ཆུང་ཚག་རིགས་སྦ་གསང་བྱ་དགོས་པའི་ཉེས་རྡུང་གཏོང་གིས་ཡིན་ཞེས་སློབ་ཕྲུག་ཚོ་ཁྱིམ་ཚང་ཨ་མ་ལགས་ཀྱིས་ཞེད་སྣང་སྐུལ་ཏེ་ཕ་མ་ལ་བཤད་མ་འཇུག་པར་ཐབས་ཇུས་ངན་པའི་གནས་ཚུལ་དེ་རིགས་ངས་ཤེས་རྟོགས་གསལ་པོ་ཡོད། ཐ་ན་ཐབས་ཇུས་ངན་པའི་གནས་ཚུལ་ཆུང་ཚག་འདི་ནི། ཕྲན་ཙམ་མིན་པར་སློབ་ཕྲུག་རང་ཉིད་དང་དྷ་ཤོད་སློབ་གྲྭ་སྐོར་བསྐྱོད་བྱ་བཞིན་པའི་ཕ་མ་འགའ་ཤས་གསལ་བོ་མཁྱེན་གསལ་རེད། སྒྲིག་ཁྲིམས་དང་ཁྱིམ་ཚང་ཨ་མ་ལགས་ཀྱིས་བྱ་སྤྱོད་ནི། བཟང་སྤྱོད་ཀྱི་དྲི་མ་ཙམ་མེད་པ་དང་ཁྱིམ་ཚང་རེ་ཟུང་ཨ་མ་ལགས་ཀྱིས་ལས་འགན་མ་སྒྲུབ་པ་གསལ་པོ་ཡིན་པ་ངས་སྐད་ཤུག་ཐོན་པོ་དང་སེམས་ཚོར་དྲག་པོས་བཟོད་སྒོམ་མི་ཐུབ་ཅིང་། ཤ་ཚ་ཆེན་པོའི་ངང་ཞུ་ཡིས་ཡོད།།
    དངོས་ཡོད་བདེན་པའི་རྔ་སྒྲ། རྟོག་ཞིབ་ལས།

    Reply
  2. ཨ་འདུས་མིག་ཆུ། says:
    ལོ་ 11 སྔོན།

    སྐད་ཆ་འདི་གལ་ཆེན་པོ་འདུག

    འོ་ན་ཐབས་ཤེས་གཞན་མེད་དམ་ཞེ་ན་ལོས་ཡོད།ཚེ་སྲོག་མྱུར་སྐྱོབས་བྱེད་པ་ལ་དོན་སྐྱེན་བྱུང་སའི་ས་ཆ་དེ་ག་རང་ནས་ས་དོང་བརྐོས་ཏེ་མི་དེའི་ཧམ་དང་གྱོན་ཆས་ཡོངས་སུ་ཕུད་དེ་ཆུ་ཚོད་ཕྱེ་ཀ་ཞིག་གི་རིང་ལ་གཟུགས་པོའི་ཁོག་སྨད་ས་འོག་ཏུ་བཅུག་དགོས།

    “ དེ་ནས་སྨན་ཁང་དུ་བསྐྱལ་ཐབས་བྱས་ན་ད་གཟོད་བརྒྱ་ཆའི་དགུ་བཅུ་གོ་དགུ་མྱུར་སྐྱོབས་བྱེད་ཐུབ།ཐབས་ལམ་དེ་མ་བརྒྱུད་ཚེ་སྨན་ཁང་དུ་བསྐྱལ་ཡང་གཟུགས་པོའི་ནང་དུ་ལྷག་པའི་གློག་དེ་འཁོར་སྐྱོད་ཀྱིས་སྐར་ཆ་རེ་རེ་བཞིན་ཁྲག་གི་རྒྱུ་བ་ནས་དོན་ལྔ་སྣོད་དྲུག་རིམ་པར་འཚིག་གི་ཡོད།སྐབས་དེ་དུས་སྨན་པ་སུ་ཞིག་གིས་ཅིང་ཐབས་ཤེས་མེད།སྤུན་ཟླ་ཚང་མས་དོ་སྣང་དང་ཡིད་གཟབ་ཀྱིས། ” ཐུགས་རྗེ་ཆེ།

    Reply
  3. བོད་ཀྱི་བུ། says:
    ལོ་ 11 སྔོན།

    རྡ་ཤོད་བོད་ཁྱིམ་ནི་བོད་ཁྱིམ་སློབ་གྲྭ་ཁག་ལས་སློབ་སྦྱོང་སྐྱོ་ཤོས་དང་། བོད་ཀྱི་ཆོས་དང་རིག་གཞུང་ཐད་ལ་མུན་ནག་ཡིན་པའི་སློབ་གྲྭའི་མིང་ཙམ་ཞིག་རེད།སྔོན་ཆད་སློབ་གྲྭ་འདི་ནས་སྒོ་ངའི་ཟས་དུག་ཐེབས་ཞབས་འདྲེན་བྱས་པར། ༧གོང་ས་མཆོག་གིས་བཀའ་ཀྱོན་གནང་ཡོད། ད་ལྟ་ཡིན་ན་ཡང་རྒྱ་མི་ལས་སྡུག་པའི་ལས་ངན་རྩོམ་བཞིན་པ་རེད། སློབ་གྲྭ་འདི་ལ་ངོ་མ་རེ་བ་མེད། ཁོ་ཐག་ཆད་སོང་།

    Reply
  4. རིག་འཛིན། says:
    ལོ་ 11 སྔོན།

    ཁྲིད་མི་དགོས་སར་ཁྲིད།
    འགྲོ་མི་དགོས་སར་འགྲོ
    ད་དུང་སློབ་གྲྭའི་སྒྲིག་གཞི་ཡིན་མདོག་མདོག

    Reply
  5. ketaka says:
    ལོ་ 11 སྔོན།

    ཁོང་འདས་གྲོངས་སུ་ཕྱིན་པར་མྱ་ངན་གུས་འདུད་ཞུ་བ་དང་ལྷན་དུ་དོན་སྐྱེན་དེ་འདྲ་ལོ་ཉེ་བའི་ནང་ཕལ་ཆེར་ཐེངས་གཉིས་པ་དེ་རེད་བསམ་བྱུང་།གཅིག་དེ་མེག་ལོར་ཨ་མདོ་གྲོང་གསེབ་ལ་འགྲོ་སའི་སུམ་མདོ་རྫིང་རི་ཟ་ཁང་དུ་རེད།དེ་ཡང་གློག་གི་དོན་སྐྱེན་འོག་ནས་འཁོར་ཡུག་སྲུང་སྐྱོབ་ཚན་པའི་ལས་མི་པར་རྒྱག་མཁན་ཞིག་འདས་གྲོངས་སུ་ཕྱིན་ཡོད།དེ་ནི་དངོས་སུ་གོ་ཐོས་བྱུང་བ་ཤ་སྟག་རེད།ད་དུང་བོད་པའི་སྤྱི་ཚོགས་ནང་དེ་འདྲའི་དོན་སྐྱེན་བྱུང་ཡོད་མེད་ཆ་མ་འཚལ།དེ་འདྲ་སོང་ཙང་རྒན་གཞོན་གང་ཡིན་ཅིང་ཧ་ཅང་གཟབ་དགོས་པར་འདུག་སྙམ།གློག་ཆས་སྟངས་འཛིན་འོག་ལ་ཡོད་མེད་གང་འདྲ་ཞིག་ཡིན་ཡང་ས་ནས་མི་ཞིག་གི་ཕྲག་ཁའི་མཚམས་ཀྱི་གློག་གི་ཀ་བའི་མཚམས་ནས་གློག་སྐུད་མཐུད་མཚམས་འགྱིག་ཤོག་གིས་མ་བཏུམ་པར་བཞག་པ་ག་ས་ག་བ་ན་གཅིག་མཚུངས་རེད།དོ་སྣང་མ་སྤྲད་པར་ལག་པ་ཐུག་ཚེ་དོན་སྐྱེན་གཅིག་པ་ལྟར་བྱུང་རྒྱུ་ཉག་གཅིག་རེད།ཐ་ན་ཕྲུ་གུ་ཞིག་གིས་ལག་པ་སྙོབ་སར་གློག་གི་ཉེན་ཁ་སྣང་མེད་དུ་བཞག་པ་རེད།དོན་དངོས་ཁྲིམས་ཤིག་ཡོད་ན་ས་གནས་དེ་དང་དེའི་གློག་གི་ཁ་འཕྲོ་བ་ཚོར་འགན་ཡོད་མོད།ཡིན་ཡང་དོན་དངོས་ཁྲིམས་ཐོག་གི་རེ་བ་ཞིག་ཡོད་བསམ་རྒྱུ་ཁག་པོ་རེད།གློག་བརྒྱབས་ཚར་རྗེས་སྨན་ཁང་ཇི་འདྲའི་ཚད་མཐོན་པོ་ཞིག་ཏུ་བསྐྱལ་ཅིང་བརྒྱ་ཆའི་བརྒྱ་ཐམ་པ་སྲོག་སྐྱོབས་རྒྱུ་ཁག་པོ་རེད།འོ་ན་ཐབས་ཤེས་གཞན་མེད་དམ་ཞེ་ན་ལོས་ཡོད།ཚེ་སྲོག་མྱུར་སྐྱོབས་བྱེད་པ་ལ་དོན་སྐྱེན་བྱུང་སའི་ས་ཆ་དེ་ག་རང་ནས་ས་དོང་བརྐོས་ཏེ་མི་དེའི་ཧམ་དང་གྱོན་ཆས་ཡོངས་སུ་ཕུད་དེ་ཆུ་ཚོད་ཕྱེ་ཀ་ཞིག་གི་རིང་ལ་གཟུགས་པོའི་ཁོག་སྨད་ས་འོག་ཏུ་བཅུག་དགོས།དེ་ནས་སྨན་ཁང་དུ་བསྐྱལ་ཐབས་བྱས་ན་ད་གཟོད་བརྒྱ་ཆའི་དགུ་བཅུ་གོ་དགུ་མྱུར་སྐྱོབས་བྱེད་ཐུབ།ཐབས་ལམ་དེ་མ་བརྒྱུད་ཚེ་སྨན་ཁང་དུ་བསྐྱལ་ཡང་གཟུགས་པོའི་ནང་དུ་ལྷག་པའི་གློག་དེ་འཁོར་སྐྱོད་ཀྱིས་སྐར་ཆ་རེ་རེ་བཞིན་ཁྲག་གི་རྒྱུ་བ་ནས་དོན་ལྔ་སྣོད་དྲུག་རིམ་པར་འཚིག་གི་ཡོད།སྐབས་དེ་དུས་སྨན་པ་སུ་ཞིག་གིས་ཅིང་ཐབས་ཤེས་མེད།སྤུན་ཟླ་ཚང་མས་དོ་སྣང་དང་ཡིད་གཟབ་ཀྱིས།

    Reply
  6. མི་རྒོད། says:
    ལོ་ 11 སྔོན།

    འོ་འཇོན་ཚེ་འདི་ཁྲིམས་གཏུགས་ཞུ་ཆོག་པ་ ཨ་ནི་རྗེས་སུ་གློག་ཐག་རིགས་ལེགས་པོ་བྱས་བཟོ་སྲིད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese