མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་སྲིད་བློན་ཨ་རིར་བསྐྱོད་འཆར་ལས་རིམ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཟླ་མཇུག་ཏུ་རྒྱ་གར་སྲིད་བློན་ཨ་རིར་སྐོར་སྐྱོད་གནང་སྟེ་ཨ་རིའི་སྲིད་འཛིན་དང་ལྷན་དུ་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་ཕྱོགས་གཙོས་རྒྱལ་སྤྱིའི་དཀའ་རྙོག་ཁག་ཅིག་ལ་གོ་བསྡུར་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༢༧ ནས་ ༣༠ ཉིན་བར་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་སྲིད་བློན་ཆགས་རྗེས་ཀྱི་ཨ་རིར་སྐོར་སྐྱོད་ཐོག་མ་གནང་འཆར་ཡོད་པ་དང་། ཚེས་ ༢༧ ཉིན་ནེའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་ཕེབས་ཏེ་གཏམ་བཤད་དང་། ཚེས་ ༢༨ ཉིན་མཱ་ཌེ་སན་རྩེད་ཐང་དུ་ (Madison Square Garden) ཨ་རིའི་མི་སེར་ཡིན་པའི་རྒྱ་གར་གྱི་མི་རིགས་དག་ལ་ཐུག་འཕྲད་ཀྱིས་བགྲོ་གླེང་། ཚེས་ ༢༩ ཉིན་གྱི་སྔ་དྲོར་ཨ་རིའི་ཕྱི་འབྲེལ་ཉམས་ཞིབ་ཁང་ཞིག་ཏུ་ཕེབས་ཏེ་ཕྱི་སྲིད་དང་འབྲེལ་བའི་གཏམ་བཤད་གནང་རྒྱུའི་ལས་འཆར་སྒྲིག་ཡོད་འདུག

ཚེས་ ༢༩ དང་ ༣༠ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཐུག་འཕྲད་གནང་སྟེ། དེ་སྔོན་རྒྱལ་ཁབ་གཉིས་བར་སྲུང་སྐྱོབ་དང་ཐབས་ཇུས་ཐོག་གྲོས་མཐུན་བཞག་པ་ཁག་ལག་བསྟར་གནང་ཕྱོགས་ཐོག་གྲོས་མོལ་དང་གྲོས་མཐུན་གསར་པ་སྣོན་འཇོག རྒྱ་གར་དང་ཨ་རིའི་བར་ཚོང་འབྲེལ་དང་དམག་དོན་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་ཐབས་དང་། ཨབ་གྷན་དང་ཨི་རག དཀྱིལ་ཤར་ཡུལ་གྲུའི་དྲག་སྤྱོད་ཤོག་ཁག་ ( ISIS) གི་དཀའ་རྙོག་དག་ལ་གྲོས་མོལ་གནང་རྒྱུ་ཡིན་འདུག ད་ཐེངས་རྒྱ་གར་སྲིད་བློན་ཨ་རིར་སྐོར་སྐྱོད་གནང་སྐབས་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོའི་ནང་ཁོང་ལ་ཆེ་བསྟོད་དགོང་ཚིགས་ཤིག་དང་། སྲིད་འཛིན་གཞོན་པ་ཇའོ་བྷེ་ཌིན་གྱིས་ཀྱང་གུང་ཚིགས་ཤིག་འདེགས་འབུལ་ཞུ་འཆར་ཡོད་འདུག

འདིའི་ཐད་ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་བའི་ནང་། “རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་སྐབས། མ་འོངས་པར་རྒྱ་གར་དང་ཨ་རིའི་བར་ཐབས་ཇུས་དང་དཔལ་འབྱོར། སྲུང་སྐྱོབ། ཚོང་འབྲེལ་བཅས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་ཐབས་གཙོས། ཨབ་གྷན་དང་ཨི་རག སི་རི་ཡའི་དཀའ་རྙོག་སེལ་ཐབས་ཐད་གྲོས་མོལ་གནང་རྒྱུ་རེད”€ ཅེས་བརྗོད་འདུག

རྒྱ་གར་རྒྱལ་ས་ལྡི་ལིའི་ཨ་རིའི་གཞུང་ཚབ་ཆེན་མོ་ལྕམ་ཁཱ་ཋ་ལེན་ (Kathleen Stephens) ལགས་ཀྱིས། “ཨ་རིའི་སྒེར་གཉེར་ཁེ་ནས་ཚོས་རྒྱ་གར་ནང་མ་འཛུགས་དང་། རྒྱ་གར་གྱི་ཁེ་ལས་ཚོས་ཨ་རིའི་ཁེ་ལས་ཁག་དང་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་འབྲེལ་ལམ་གོང་མཐོར་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་དགོས། ད་ལོ་སྔར་ལོ་དང་མི་འདྲ་བར་ཨ་རིས་རྒྱ་གར་དང་འབྲེལ་ལམ་ཡག་ཏུ་གཏོང་ཆེད། རྒྱ་གར་གྱི་སློབ་མ་མང་པོ་ཞིག་ལ་ཨ་རིར་སློབ་སྦྱོང་བྱེད་ཆོག་པའི་མཐོང་མཆན་སྤྲད་ཡོད་པ་མ་ཟད། རྒྱ་གར་སྲིད་བློན་མཆོག་ཨ་རིར་མགྲོན་འབོད་གནང་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༡༠༠ ནས་ ༥༠༠ ལྷག་གི་ཚོང་འབྲེལ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད”€ ཅེས་བརྗོད་འདུག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུ་ཤི་མཱ་ (Sushma Swara) ལགས་ཀྱིས། “ཨ་རིའི་གཞུང་གིས་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཆེ་མཐོང་ཞུས་ཏེ་ཨ་རིར་མགྲོན་འབོད་གནང་བ་མ་ཟད། ཁོང་ལ་སྲིད་འཛིན་དང་སྲིད་འཛིན་གཞོན་པ་རྣམ་གཉིས་ཀྱིས་གསོལ་སྟོན་ཡང་འདེགས་འབུལ་ཞུ་འཆར་ཡོད་པ་སོགས་ད་ལྟའི་རྒྱ་གར་གཞུང་དང་འབྲེལ་ལམ་གསར་འཛུགས་གནང་གི་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་ངེས་རེད”€ཅེས་བརྗོད་འདུག

༢༠༡༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པས་ནེའུ་ཡོག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་ཡན་ལག་ཁང་གི་སྐུ་ཚབ་གཞོན་པ་ལྕམ་ལྡེ་བེ་ཡཱ་ནེ་ཡིས་ཨ་རིའི་ཐོངས་མཆན་དང་ཡིག་ཆ་རྫུན་བཟོ་བྱས་པའི་ཉེས་མིང་འོག་འཛིན་བཟུང་འདྲི་གཅོད་བྱས་པར་བརྟེན་ཏེ། རྒྱ་གར་གཞུང་གིས་ལྡི་ལིའི་ཨ་རིའི་གཞུང་ཚབ་ཁང་ལ་རྣམ་འགྱུར་མི་ལེགས་པ་བསྟན་ཡོད་ཀྱང་། ནཱ་རེན་ཌ་མུ་དྷེ་ལ་རྒྱ་གར་སྲིད་བློན་རྒྱལ་ཁ་ཐོབ་པ་མ་ཐག ཨ་རིའི་སྲིད་འཛིན་ཨོ་བྷ་མས་འཚམས་འདྲི་དང་འབྲེལ་དེ་སྔོན་ནཱ་རེན་མུ་དྷེ་ཨ་རིར་ཐོངས་མཆན་སྤྲོད་མི་མཆོག་པའི་ཁྲིམས་ཡིག་རྩིས་མེད་དུ་བཏང་ཡོད།

ད་ལོའི་ཕྱི་ཟླ་ ༦ པར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨེ་ཌི་ (Ed Royce) ཡིས་གྲོས་ཚོགས་ཀྱི་ཚོགས་གཙོར་ཕྱག་ཡིག་ཅིག་ཕུལ་ཏེ། རྒྱ་གར་གྱི་སྲིད་བློན་ཨ་རིར་ཕེབས་སྐབས་ཁོང་གྲོས་ཚོགས་ནང་གདན་ཞུ་གནང་སྟེ་གྲོས་ཚོགས་གོང་འོག་གཉིས་ཀྱི་བཞུགས་མོལ་ཚོགས་འདུའི་སྔོན་འགྲོའི་གཏམ་བཤད་སྤེལ་འཇུག་དགོས་སྐོར་བརྗོད་ཡོད་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་ཡིས་རྒྱལ་ས་ཝ་ཤིན་ཌོན་དུ་རྒྱ་གར་དང་ཨ་རི་བར་གྱི་ཐུན་མོང་མཉམ་ལས་བྱེད་ཕྱོགས་ཀྱི་བགྲོ་གླེང་ཞིག་གི་སྟེང་། དུས་རབས་ཉེར་གཅིག་ནང་ཨ་རི་དང་རྒྱ་གར་གྱི་མཉམ་ལས་ནི་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད་སྐོར་གཏམ་བཤད་སྤེལ་ཞིང་། དེའི་རྗེས་ཁོང་རྒྱ་གར་ནང་སྐོར་སྐྱོད་གནང་སྟེ་རྒྱལ་ཁབ་གཉིས་བར་དོན་ཚན་ལྔའི་ཐོག་མཉམ་ལས་གྲོས་མཐུན་བཞག་སྟེ་ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་བསྐྱར་འཛུགས་བྱས་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese