མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སློབ་འཛིན་ཚོཊ་རྩིས་ལེན་ཁྲོད་ཀྱི་དཀའ་རྙོག

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་བོད་སློབ་འཛིན་ཚོགས་སྐོར་ལ་དྲི་བ་དྲིས་ལན་གནང་དོན་ལྟར་ན། ད་སྔ་སྔོན་འགྲོའི་སློབ་གྲྭ་ ༣༣ དང་གཞི་རིམ་འོག་མའི་སློབ་གྲྭ་ ༤ རྩིས་ལེན་ཟིན་ཡོད་འདུག

དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཉིན་ ༣ པའི་སྔ་དྲོར། འདས་པའི་ལོ་གཅིག་ཙམ་གོང་ནས་རྒྱ་གར་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་བོད་པའི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་བྱེད་རྒྱུ་ཡིན་པའི་ཐག་གཅོད་བྱུང་སྟེ། ལས་རིམ་དེ་ད་ལྟ་འགྲོ་བཞིན་ཡོད་པའི་ཐོག་དྲི་བ་དྲིས་ལེན་གནང་སོང་།

སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བོད་སློབ་འཛིན་ཚོགས་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་དོན་ཚན་གསུམ་ཕུལ་ཡོད་པའི་དང་པོར། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཚུན་དུ་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཡོངས་རྫོགས་རྩིས་སྤྲོད་ཡོང་རེ་ཡོད་པ་གསུངས་བ་དོན་འཁྱོལ་ཡོང་ཡོད་མེད་དང་། གཉིས་པ། དོན་འཁྱོལ་ཡོང་མེད་ན་ད་ལྟའི་གནས་བབ་ཇི་འདྲ་ཆགས་ཡོད་པ་དང་ལོ་ངོ་ཅི་ཙམ་མགོར་དགོས་མིན། གསུམ་པ། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་ཤེས་ཡོན་ཐོག་འཐུས་ཤོར་འགྲོ་བཞིན་ཡོད་སྟབས། དེར་གཟིགས་ཞིབ་གནང་གི་ཡོད་མེད་བཅས་དྲིས་པའི་ལན་དུ། ཤེས་རིག་བཀའ་བློན་མཆོག་གིས། ༢༠༡༣ ཟླ་ ༡ ཚེས་ ༡༨ ཉིན་རྒྱ་གར་དབུས་གཞུང་གིས་བོད་སློབ་འཛིན་ཚོགས་རྩིས་སྤྲོད་ཐག་གཅོད་གནང་བའི་ནང་མ་འོངས་པའི་ལོ་ ༣ ནང་རྩིས་སྤྲོད་བྱེད་རྒྱུ་ཡིན་སྐོར་གསུངས་པ་དེ་གྲོས་ཚོགས་ལ་སྙན་སེང་ཞུས་པ་ལས་ད་ལོའི་ཕྱི་ཟླ་གསུམ་པ་ཚུན་ལ་རྩིས་ལེན་ཐུབ་པ་ཞུས་མེད་པ་དང་། དྲི་བ་གཉིས་པར་ད་ལྟའི་ཆར་སྔོན་འགྲོའི་སློབ་གྲྭ་ཁག་ ༣༣ དང་། གཞི་རིམ་འོག་མའི་སློབ་གྲྭ་ ༤ རྩིས་ལེན་ཟིན་ཡོད་པ་དང་། འདི་ལོར་འབྲིང་རིམ་སློབ་གྲྭ་ཁག་རྩིས་སྤྲོད་ཡོང་བའི་ཞུ་སྐུལ་བྱེད་མུས་ཡིན་སྐོར། དྲི་བ་གསུམ་པའི་ལན་དུ། སློབ་གྲྭ་ཁག་གི་རྩིས་སྤྲོད་བརྒྱུད་རིམ་ནང་ཤེས་ཡོན་ཐོག་འཐུས་ཤོར་ཕྲན་བུ་ཡོང་གཞིའི་ཐོག་བོད་སློབ་འཛིན་ཚོགས་ལ་གཟིགས་རྟོགས་དགོས་པའི་འབོད་སྐུལ་ཞུས་དང་ཞུ་བཞིན་ཡོད། ཅེས་སོགས་ལན་བསྐྱོན་སོང་།

སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སླར་ཡང་། བོད་སློབ་འཛིན་ཚོགས་འོག་གི་སློབ་གྲྭ་ཁག་ཅིག་ནང་སློབ་གྲྭ་རྩིས་སྤྲོད་རྩིས་ལེན་གྱི་དབང་གིས་ཉིན་རེའི་སློབ་ཚན་ཡང་འགྲོ་ཐུབ་ཀྱི་ཡོད་མེད་ཡོང་གི་ཡོད་པ་དེ་འཐུས་ཤོར་ཕྲན་བུ་ཞིག་ཏུ་བརྩི་བཞིན་ཡོད་མེད་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས། ད་སྔ་སྔོན་འགྲོའི་སློབ་གྲྭ་ཁག་ ༣༣ དང་གཞི་རིམ་འོག་མའི་སློབ་གྲྭ་ ༤ བཅས་རྩིས་ལེན་སྐབས། དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་སྟངས་སོགས་གང་ཅིའི་ཐོག་ནས་འཐུས་ཤོར་ཕྲན་བུ་ལས་ཕྱིན་མེད་ཀྱང་། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་སྤྱི་ཡོངས་རྩིས་བླངས་པ་ཡིན་ན། དེ་སྔོན་ནས་འཐུས་ཤོར་འགྲོ་ཡི་རེད་ཅེས་ཐག་ཆོད་པོའི་ཐོག་ནས་ཞུས་ཡོད་པ་ལྟར། དགེ་རྒན་མང་པོ་ཞིག་འཕོ་འགྱུར་བྱུང་བ་ཡིན་ན་རང་བཞིན་གྱིས་འཐུས་ཤོར་འགྲོ་རྒྱུ་ཡིན་པ་དེ་གསལ་བོ་རེད། ཡིན་ནའང་། དེ་སྔོན་བཀའ་ཤག་རིམ་པའི་ངོས་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཚང་མ་ཚུར་རྩིས་ལེན་ཐུབ་པ་ཡིན་ན། གནས་སྐབས་རིང་འཐུས་ཤོར་འགྲོ་སྲིད་ཀྱང་། ཕུགས་ལ་སློབ་གྲྭ་དང་སློབ་ཕྲུག་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་པའི་ངོས་འཛིན་ཐོག འཐུས་ཤོར་འགྲོ་བཞིན་དུ་རྩིས་ལེན་བྱེད་ཀྱིན་ཡོད་སྐོར་ལན་འདེབས་གནང་སོང་།

ཡང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། རྩིས་སྤྲོད་བྱས་མེད་པའི་སློབ་གྲྭ་ཁག་ལ་བཏང་བའི་དགེ་རྒན་ཚོར་ཐོབ་ཐང་དང་མཐུན་རྐྱེན་ཐོག་དཀའ་ངལ་གང་འཚམ་ཡོང་གི་ཡོད་སྟབས། མ་འོངས་པའི་ལོ་ ༣ རིང་དགེ་རྒན་དེ་ཚོ་གནས་ཐུབ་དང་མི་ཐུབ་དྲིས་པའི་ལན་དུ་ཤེས་རིག་བཀའ་བློན་མཆོག་གིས། དགེ་རྒན་དེ་ཚོ་སློབ་གྲྭའི་ནང་མ་སོང་གོང་ནས་མཐུན་རྐྱེན་ག་རེ་ཡོད་པ་གསལ་བོར་བཤད་ཡོད་སྟབས། འཛུལ་ཞུགས་བྱེད་མིན་ཁོ་རང་ཚོའི་གདམ་ག་རེད། དང་པོ་ཆ་རྐྱེན་དང་ལེན་བྱས་ཏེ་སློབ་གྲྭའི་ནང་འཛུལ་རྗེས། སླར་ཡང་མཐུན་རྐྱེན་གྱིས་འགྲིག་གི་མི་འདུག་ལབ་ན་འཕྲལ་དུ་འགྲིག་འགྲོ་ཐབས་མེད་པ་དང་། ས་གནས་ཁག་གི་ལས་བྱེད་དང་དབུས་ལས་བྱེད། གཏན་འཇགས་ལས་བྱེད་བཅས་ལའང་དབྱེ་བ་མང་པོ་ཡོད་སྟབས། འཛུལ་ཞུགས་བྱེད་མཁན་ཚོའི་ངོས་ནས་ཆ་རྐྱེན་ཚང་མ་ཤེས་པའི་ཐོག་ནས་འཛུལ་ཞུགས་གནང་བ་གཞིར་བཟུང་ལག་བསྟར་བྱས་ནས་འགྲོ་དགོས་པ་ཞིག་ཆགས་ཡོད། ཅེས་སོགས་གསུངས་སོང་།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཤེས་རིག་བཀའ་བློན་མཆོག་ནས་སློབ་གྲྭ་རྩིས་ལེན་དེ་ཚོད་ལྟའི་སྒང་འགྲོ་བཞིན་ཡོད་ལུགས་གསུངས་བ་ལྟར། མ་འོངས་པར་ཡག་པོ་མ་ཆགས་པ་ཡིན་ན་ག་རེ་གནང་རྒྱུ་ཡིན་དྲིས་པར་ཁོང་གིས། སློབ་གྲྭ་རྩིས་ལེན་ཐད་རྒྱ་གར་གཞུང་ལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་མང་པོ་ཡོད་སྟབས། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཡོངས་རྫོགས་སྡེབ་གཅིག་ལ་རྩིས་ལེན་གནང་བ་ཡིན་ན་དཀའ་རྙོག་མང་པོ་ཆགས་སྲིད་སྟབས། སློབ་གྲྭ་རྩིས་ལེན་སྟངས་དང་མ་འོངས་པར་དཀའ་ངལ་སྣ་ཚོགས་འཕྲད་སྲིད་པ་སོགས་ལ་ཚོད་ལྟ་བྱེད་ཀྱི་ཡོད་པ་ལས་རྩིས་ལེན་རྒྱུར་འགྱུར་བ་གཏན་ནས་མེད། ཡིན་ནའང་། གཞན་དབང་སྟབས་བསྟུན་ཡིན་དུས་མཐའ་མའི་ཐག་གཅོད་རྒྱ་གར་གཞུང་གིས་གནང་དགོས་པ་ཞིག་ཆགས་ཡོད་སྐོར་སོགས་ལན་འདེབས་གནང་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. བསྟན་ཆོས། says:
    ལོ་ 11 སྔོན།

    འཐུས་ཤོར་འགྲོ་བཞིན་དུ་རྩིས་ལེན་བྱེད་ཀྱིན་ཡོད་སྐོར་ལན་འདེབས་གནང་སོང་།ཞེས་པ་བདེན པར་ནམ་ཡང་འཛིན་མི་ཐུབ་པ་ཞིག་རེད། སྲིད་སྐྱོང་འདི་ལ་འདོད་པ་མེད་རྟགས་བསྟན་པ་ཙམ་རེད། འགྲོ་གྲོན་གྱིས་ལྕོག་ན། འཐུས་ཤོར་རྩ མེད་བཟོ་ཐུབ་ཀི་རེད་དོ།།

    Reply
  2. བདེ་རྒྱལ། says:
    ལོ་ 11 སྔོན།

    གོ་ཚོད་ལྟར་ན། འཛིན་རིམ་བརྒྱད་པ་བར་ལོ་འདིའི་ནང་རྩིས་ལེན་གྲུབ་པ་རེད་ཟེར། བདེན་མིན་མ་ཤེས།

    Reply
  3. Dorjee says:
    ལོ་ 11 སྔོན།

    འདས་པའི་ལོ་གཉིས་མ་ཟིན་ཙམ་རིང་སྔོན་འགྲོའི་སློབ་གྲྭ་ཁག་ ༣༣ དང་གཞི་རིམ་འོག་མའི་སློབ་གྲྭ་ ༤ བཅས་རྩིས་ལེན་ཐུབ་མེད་ན། ད་ལོ་གཅིག་ལས་ལྷག་ཡོད་པ་མ་རེད། དུས་ཚོད་ཐུང་ཐུང་དེའི་ནང་ལ་ལས་འཆར་ཡོངས་རྫོགས་མཇུག་བསྡུ་ཐུབ་གི་རེད་དམ།

    Reply
  4. བློ་དར། says:
    ལོ་ 11 སྔོན།

    སློབ་གྲྭ་འདི་དག་རྩིས་ལེན་ཁྲོད་ནས་སློབ་ཕྲུག་ཚོའི་ཤེས་ཡོན་འཐུས་ཤོར་བཏང་བ་དེ་ཕངས་པོ་ཞེ་དྲག་རེད། ཡིན་ནའང་ཕུགས་ལ་བསམ་བློ་བཏང་ན་ཕན་ཐོགས་ཆེན་བ་ཡོད་རེད། དེར་བརྟེན་ཏེ་ང་ཚོས་ཆུང་བསྐྱུར་ཆེ་ལེན་མི་བྱེད་ཐབས་མེད་རེད། ཡིན་ནའང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འཐུས་ཤོར་གཏོང་གི་མེད་པའི་རེ་བ་ཡོད། གོ་ཐོས་སུ་འདིའི་བར་དུ་རྙོག་དྲ་རེ་ཟུང་ཡོད་པའི་སྐད་ཆ་འདུག དེ་རིགས་ལ་རང་ཕྱོགས་ནས་འཐུས་ཤོར་ནོར་འཁྲུལ་རིགས་མ་ལྷག་པ་གནང་རྒྱུ་གལ་ཆེའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese