མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༥ བཅོས་བསྒྱུར་ཀྱི་ལོ་གལ་ཆེན་ཞིག་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༡༥ ལོ་ནི་རྒྱ་ནག་ཁྱོན་ཡོངས་ནས་བཅོས་བསྒྱུར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལུགས་བསྒྲགས་འདུག

ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་གཙོ་སྐྱོང་འོག རྒྱ་ནག་དམར་ཤོག་ཚོགས་པའི་བཅོས་བསྒྱུར་སྣེ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨ པ་པེ་ཅིན་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཕྱི་ལོ་ ༢༠༡༤ ལོའི་རྒྱ་ནག་གི་བཅོས་བསྒྱུར་བྱ་བར་སྤྱི་བསྡོམས་དང་། ༢༠༡༥ ལོའི་བྱ་བའི་གཙོ་གནད་གོ་སྒྲིག་སོགས་ཡིག་ཆ་ཁག་ ༤ གཏན་འབེབས་བྱས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༡༥ ལོ་ནི་རྒྱ་ནག་བཅོས་བསྒྱུར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལུགས་བསྒྲགས་ཡོད་ཀྱང་། དཔྱད་ཞིབ་པ་ཚོས་སྐད་ཆ་འདི་འདྲ་དེ་སྔོན་ཡང་ཐེངས་མང་བྱུང་ཡོད་ཀྱང་། ད་ལྟའི་རྒྱ་ནག་གི་བཅོས་བསྒྱུར་ལ་ཡར་རྒྱས་ཀྱི་མདུན་སྐྱོད་བྱུང་མེད་པ་མ་ཟད། མའོ་དུས་སྐབས་སུ་ཕྱི་ནུར་བརྒྱབ་ཡོད་སྐོར་བརྗོད་འདུག

དེ་རིང་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་འདུའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༡༤ ལོ་ནི་ཁྱོན་ཡོངས་ནས་གཏིང་ཟབ་ཀྱིས་བཅོས་བསྒྱུར་བྱེད་པ་མགོ་བཙུགས་པའི་ལོ་ཞིག་ཡིན་པ་དང་། ལོ་འདིའི་ནང་སྣེ་ཁྲིད་ཚོགས་ཆུང་ ༨༠ ལྷག་གིས་གཏན་འབེབས་བྱས་པའི་བཅོས་བསྒྱུར་ལས་འགན་གཙོ་བོ་རྣམས་ཀྱི་གཞི་རྩ་ལེགས་འགྲུབ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོ་ནི་ཁྱོན་ཡོངས་ནས་གཏིང་ཟབ་ཀྱིས་བཅོས་བསྒྱུར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་སྟབས། རིམ་པ་ཁག་གི་སྲིད་གཞུང་གིས་བཅོས་བསྒྱུར་གྱི་མགོ་རུས་མཁྲེགས་པོ་བཙལ་ཏེ། ཞིབ་ཕྲའི་བྱེད་ཐབས་སྤྱད་དེ་དཔའ་ངར་ཞིམ་མེད་དང་གནད་ཁེལ་ནུས་ལྡན་གྱིས་མུ་མཐུད་བཅོས་བསྒྱུར་ལ་གྲུབ་འབྲས་གསར་པ་ལེན་ཐབས་བྱེད་དགོས་སྐོར་བརྗོད་འདུག

གོང་གི་གནས་ཚུལ་དེའི་ཐད་པེ་ཅིན་གཙུག་ལག་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཤཱ་ཡེ་ཡང་གིས། འདས་པའི་ལོ་གཉིས་གསུམ་གྱི་ནང་དུ་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་བཅོས་བསྒྱུར་ལ་འཕེལ་རྒྱས་འགྲོ་རྒྱུ་ལས་ལྡོག་སྟེ་ཕྱི་ནུར་བརྒྱབ་ཡོད་པ་རེད། ཕྱི་ལོ་ ༢༠༡༥ བཅོས་བསྒྱུར་གྱི་ལོ་གལ་ཅེན་ཞིག་ཡིན་ལུགས་བརྗོད་པ་དེ། སྔོན་ཆད་རྒྱ་གཞུང་གི་མགོ་ཁྲིད་ཚོས་ཐེངས་མང་བསྐྱར་བཟློས་བྱེད་མྱོང་བའི་སྐད་ཆ་ཞིག་རེད། དུས་རབས་ཉི་ཤུ་པའི་ལོ་རབས་ ༨༠ མགོ་སྟོད་དུ་ཏུན་ཞོ་ཕིན་གྱིས་བཅོས་བསྒྱུར་ཟེར་བ་གླེང་མགོ་བརྩམས་པ་དང་། དེས་རྒྱ་ནག་ལ་སྐུལ་འདེད་ངེས་ཅན་ཞིག་ཐེབས་ཡོད། དེ་བཞིན་ལོ་རབས་ ༩༠ རྗེས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅོས་བསྒྱུར་ཟེར་བ་དེས་ཀྱང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བར་ཕན་ནུས་ཆེན་པོ་ཐོན་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༠༣ ལོར་ཧུའུ་ཅིན་ཐའོ་སྲིད་སྟེགས་སུ་བསླེབས་རྗེས། རྒྱ་ནག་གི་བཅོས་བསྒྱུར་ཡོངས་རྫོགས་གཞི་རྩའི་ཆ་ནས་མཚམས་ཆད་དེ། གནད་དོན་མང་པོ་ཚབས་ཆེན་གྱི་གནས་སུ་ལྷུང་མགོ་བརྩམས་པ་དང་། ལྷག་པར་དུ་ཞི་ཅིན་ཕིན་སྲིད་སྟེགས་སུ་བསླེབས་པ་ནས་སྔར་ལས་ཉམས་ཆག་ཏུ་ཕྱིན་ཏེ་མའོ་དུས་སྐབས་སུ་ཕྱི་ནུར་བརྒྱབ་ཡོད་སྐོར་བརྗོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༨ ནས་ ༢༩ ཉིན་རྒྱ་ནག་རྒྱལ་ཡོངས་མཐོ་རིམ་སློབ་ཆེན་སོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་ཚོགས་ཆེན་ཐེངས་ ༢༣ པ་པེ་ཅིན་དུ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། སློབ་ཆེན་ཁག་གི་ཕྲག་ཏུ་མཱ་ཁེ་སི་རིང་ལུགས་ལ་སློབ་སྦྱོང་ཞིབ་འཇུག་དང་དྲིལ་བསྒྲགས་བྱེད་པ་དང་། རྒྱ་ནག་གི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་ལྕི་མོའང་ཡོད་སྟབས། ཏང་གིས་སློབ་ཆེན་ཁག་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ནི། རྒྱ་ནག་གི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་ཆེན་ལེགས་པོ་བསྒྲུབ་པའི་རྩ་བའི་འགན་ལེན་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་ལག་བསྟར་དོན་འཁྱོལ་ཡོང་བར་རིམ་པ་ཁག་གི་ཏང་གི་རྒྱུན་ལས་ཁང་དང་བསམ་བློ་དྲིལ་བསྒྲགས་ཁང་། སློབ་གསོ་ལས་ཁུངས་སོགས་ཀྱིས་ཤུགས་སྣོན་བྱས་ཏེ། ཏང་གི་སློབ་གསོའི་ཁ་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་འཛུགས་པའི་ལམ་ཕྱོགས་རྒྱུན་འཁྱོངས་དགོས་ལུགས་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་རྒྱ་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་སློབ་ཆེན་སློབ་མའི་རང་དབང་གི་འབོད་སྒྲ་རྩ་མེད་བཟོ་རྩིས་ཡིན་པ་དང་། ཉེ་བའི་ལོ་ཤས་ནས་སོ་སོའི་ཁེ་ཕན་རྩོད་ལེན་ཆེད་རྒྱ་ནག་གི་སློབ་ཆེན་ཁག་གི་ནང་གཡས་ཕྱོགས་དང་གཡོན་ཕྱོགས་ཀྱི་རྩོད་གླེང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཞི་ཅིན་ཕིན་གྱིས་ཁོ་རང་གི་སྲིད་སྐྱོང་འདུ་ཤེས་གསལ་བོ་བཟོ་འདོད་པ་ཡིན་སྐོར་བརྗོད་ཀྱིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

ཆུ་ཚོད་ ༡༣ སྔོན་ལ།
༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཉམས་ཞིབ་ཚོགས་ཆེན་ཐཻངས་པོའི་ཉིན་གཉིས་པའི་གཏམ་བཤད་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་དང་། ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ༢༠༢༥།༡༢།༤ དུས་བབ་ཀྱི་པར།
Mobile App

༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གླེང་བའི་ཉིན་གཉིས་པ།

༢༠༢༥/༡༢/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་འཚོག་བཞིན་པ། ༢༠༢༥།༡༢།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་འཚོགས།

༢༠༢༥/༡༢/༠༤
French President Emmanuel Macron meets with Chinese President Xi Jinping in 2022.
Mobile App

ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་ལགས་རྒྱ་ནག་ནང་སྐོར་སྐྱོད་གནང་བཞིན་འདུག

༢༠༢༥/༡༢/༠༤
ཐུགས་དམ་སྐོར་ལ་ཉམས་ཞིབ་བགྲོ་གླེང་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༣
Mobile App

ཐུགས་དམ་སྐོར་ལ་ཉམས་ཞིབ་པའི་བགྲོ་གླེང་འཚོག་བཞིན་འདུག

༢༠༢༥/༡༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese