མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་སྤྱི་ཁྱབ་ཀྱི་གོ་གནས་སྤར།

བོད་ཀྱི་དུས་བབ།
༢༠༡༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་གྱི་སྤྱི་ཁྱབ་ནུར་བྷེ་ཀེ་རེ་རྒྱ་ནག་དབུས་ནུས་ཤུགས་ལས་དོན་ལྷན་ཁང་གི་འགན་འཛིན་དུ་གནས་རིམ་འཕར་ཡོད་འདུག

དེ་རིང་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་དང་རོའུ་ཌར་དྲ་རྒྱ་ཐོག་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་གྱི་སྤྱི་ཁྱབ་ནུར་བྷེ་ཀེ་རེ་ (Nur Bekri)ཡི་ལས་གནས་སྤར་ཏེ། རྒྱ་ནག་དབུས་ནུས་ཁུངས་ལས་དོན་ལྷན་ཁང་གི་འགན་འཛིན་དང་། རྒྱལ་ཡོངས་འཕེལ་རྒྱས་དང་བཅོས་བསྒྱུར་ལྷན་ཁང་གི་ཚོགས་གཞོན་ལ་བསྐོ་བཞག་བྱས་ཡོད་ཀྱང་། ཁོང་གི་ཚབ་ཏུ་ཡུ་གུར་རང་སྐྱོང་ཁུལ་གྱི་སྤྱི་ཁྱབ་སུ་ཞིག་བསྐོ་རྒྱུ་ཡིན་མིན་ཕྱིར་བསྒྲགས་བྱས་མེད་སྐོར་བཀོད་འདུག

འདིའི་ཐད་ཤིན་ཅང་དམར་ཤོག་ཚོགས་པའི་ཚོགས་གཙོ་ཀྲང་ (Zhang Chunxian) གིས་བརྗོད་དོན། “ནུར་བྷེ་ཀེ་རེ་ནི་ཡུ་གུར་མི་རིགས་ཁྲོད་ཀྱི་ཕུལ་བྱུང་ལས་བྱེད་ཅིག་ཡིན་པ་མ་ཟད། མགོ་ཁྲིད་ཅིག་གི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་ཀྱང་ཡིན། དེ་སྔོན་ཁོང་གིས་ཤིན་ཅང་གི་བརྟན་ལྷིང་སྲུང་སྐྱོབ་ལ་འགན་འཁུར་ནས་ཡུལ་བདེ་ཞི་འཇགས་བཟོས་ཡོད་སྟབས། ད་ལྟ་ཤིན་ཅང་སྔར་ལྷག་འཕེལ་རྒྱས་དང་བརྟན་ལྷིང་ལྡན་པ་ཞིག་ཆགས་ཡོད”ཅེས་བརྗོད་འདུག

ཁ་སང་ཤིན་ཅང་གི་ཉིན་རེའི་ཚགས་ཤོག་གིས་གནས་ཚུལ་སྤེལ་བ་ཞིག་གི་ནང་། “ནུར་བྷེ་ཀེ་རེ་ཡི་ཤིན་ཅང་གི་དམར་ཤོག་ཚོགས་པའི་ཚོགས་གཞོན་གྱི་གོ་གནས་དེ། ཤིན་ཅང་གྱི་རྒྱལ་ས་ཨོ་རམ་ཁེའུ་ཡི་སྤྱི་ཁྱབ་ཟུར་བ་ཛཱ་ཀཱེར་(Shohrat Zakir)ལ་སྤྲོད་སྲིད་པ་ཞིག་རེད”ཅེས་བརྗོད་འདུག

༢༠༠༩ ལོའི་ཟླ་ ༧ ཚེས་༥ ཉིན་ཤིང་ཅང་གི་རྒྱལ་ས་ཝུ་རུ་མུ་ཆི་ནང་། ཡུ་གུར་བ་བརྒྱ་ལྷག་གིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྟབས། རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཡོང་སྟེ། གང་བྱུང་མེ་མདའ་རྒྱག་པ་དང་དུག་རླངས་གཏོར་བ་སོགས་དྲག་ཆས་བེད་སྤྱོད་བཏང་ཡོད་སྟབས། ཕྱོགས་སོ་སོ་ནས་ཡུ་གུར་བ་ཆིག་ཁྲིར་ཉེ་བ་འདུ་འཛོམས་ཀྱིས་གཞུང་གི་ལས་ཁུངས་དང་རླངས་འཁོར། ཚོང་ཁང་དང་ཟ་ཁང་། སྤྱི་དམངས་ཀྱི་སྡོད་ཤག་བཅས་ལ་གཏོར་བཅོམ་དང་མེར་བསྲེགས་བཏང་ཡོད། སྐབས་དེར་རྒྱ་ནག་གི་དམག་མིས་གང་བྱུང་མེ་མདའ་བརྒྱབ་སྟེ་མི་ ༦༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྨས་སྐྱོན་ཕོག་པ་དང་བོར་བརླག་ཏུ་སོང་བ་ ༢༠༠༠ ཙམ་བྱུང་ཡོད།

ཡུ་གུར་མི་རིགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་མཚམས་མ་ཆད་པར་བྱས་པར་བརྟེན། འདས་པའི་ལོ་ཤས་རིང་ད་ལྟའི་ཡུ་གུར་རང་སྐྱོང་ཁུལ་གྱི་སྤྱི་ཁྱབ་ནུར་བྷེ་ཀེ་རེ་ཡིས་བདེ་འཇགས་བརྟན་བརླིང་ཆེད་ལས་ཀ་འདྲ་མིན་བྱས་ཡོད་པ་དང་། ཤིན་ཅང་ནི་རྒྱ་གར་དང་ཨབ་གྷན། པ་ཀི་སི་ཐན་དང་འདབས་འབྲེལ་ཆགས་ཡོད་ཅིང་། རྡོ་སྣུམ་དང་སོལ་རླངས། རྡོ་སོལ། ས་གཏེར་གྱིས་ཕྱུག་པའི་ཡུལ་གྲུ་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་ནུར་བྷེ་ཀེ་རེ་རྒྱ་ནག་དབུས་ནུས་ཁུངས་ལས་དོན་ལྷན་ཁང་གི་འགན་འཛིན་ལ་བསྐོ་བཞག་བྱས་པ་ཞིག་ཡིན་འདུག

རྒྱ་ནག་ཞི་མན་གཙུག་ལག་སློབ་ཆེན་གྱི་ནུས་ཁུངས་ཉམས་ཞིབ་ཁང་གི་འགན་འཛིན་ལིན་བྷོ་ (Lin Boqiang) ཡིས། ཞིན་ཅང་ནི་རྒྱ་ནག་རྒྱལ་ནང་གི་ནུས་ཁུངས་དང་རྡོ་སྣུམ་འབོར་ཆེན་ཡོད་པའི་ས་ཁུལ་ཞིག་ཡིན་སྟབས། ཁོང་ལས་གནས་དེར་བསྐོ་བཞག་བྱས་པ་དེ་ནི་འོས་ཤིང་འཚམ་པ་ཞིག་དང་དུས་ལ་བབ་པ་ཞིག་རེད་ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གི་དཔོན་རིགས་ཆེ་གྲས་མང་ཆེ་བ་ཧན་མི་རིགས་ཆགས་ཡོད་ཀྱང་། ད་རེབ་ནུར་བྷེ་ཀེ་རེ་ལས་གནས་དེར་བསྐོ་བཞག་བྱས་པ་དེ་ནི། རྒྱ་གཞུང་གིས་ཡུ་གུར་གྱི་ཐོན་ཁུངས་རྩ་མེད་བཟོ་ཆེད་ཡིན་པ་ལས་གྲངས་ཉུང་མི་རིགས་ལ་ཆེ་མཐོང་བྱས་པ་ཞིག་མིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

A view inside the Main Tibetan Temple during His Holiness the Dalai Lama’s teaching in Dharamsala, HP, India on October 4, 2025. Photo by Ven Zamling Norbu
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་མཛད།

༢༠༢༥/༡༠/༠༤
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།
Mobile App

བོད་ནང་ཤོག་སྦག་སྤར་བ་ལས་འཕྲོས་པའི་གཏམ་གླེང།

༢༠༢༥/༡༠/༠༤
Mobile App

ཧི་མ་ཅལ་གྱི་རྒྱལ་སའི་ཁུལ་དུ་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་འགྲེམས་སྟོན་གནང་།

༢༠༢༥/༡༠/༠༤
Mobile App

པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས་བོད་ནང་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་འདུག

༢༠༢༥/༡༠/༠༣
HUMAN RIGHTS FIRST HONORS RICHARD GERE WITH INAUGURAL VISIONARY AWARD FOR LIFETIME ACHIEVEMENTS IN HUMAN RIGHTS. Tibettimes Photo
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་འབུལ་གཏན་ཁེལ།

༢༠༢༥/༡༠/༠༣
Himachal dastak Representative Image
Mobile App

བོད་ཁྱིམ་གྱི་སློབ་མ་ཞིག་ལ་བཙན་གཡེམ་བྱས་ཡོད་མེད་ཐད་ཉེན་རྟོག་པས་ཞིབ་འཇུག་བྱེད་མུས་ཡིན་འདུག

༢༠༢༥/༡༠/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese