མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུལ་རྒོལ་མདུང་རྩེ་ནང་ལ་སྐོར།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ཚོགས་འདུ་ཚོགས་རྗེས་རུལ་རྒོལ་གྱི་མདུང་ཁ་དེ་ད་ལྟ་ལས་ཀ་བྱེད་བཞིན་པའི་གཞུང་མཐོ་རིམ་དཔོན་རིགས་ ༩༦ ལ་གཏད་ཡོད་པ་རེད་ཟེར།

ཟླ་སྔོན་མའི་ཚེས་ ༡༢ ནས་ ༡༤ ཉིན་བར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ཚོགས་ཆེན་ཐེངས་ ༥ བ་དེ་བསྐོངས་སྐབས། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་ཝོང་ཆེ་ཧྲན་ (Wang Qishan)གྱིས་ཞི་ཅིན་ཕིན་གྱི་སྐད་ཆ་ལུང་འདྲེན་བྱས་ཏེ། ལྐོག་ཟ་རུལ་སུངས་ག་ཚོད་མང་ཡང་རྒོལ་རྡུང་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་པ་དང་། དུས་ཚོད་དང་ས་མཚམས། གནས་རིམ་སོགས་ལ་ངེས་གཏན་མེད་པར་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བསྒྲགས་བྱས་ཡོད་སྟབས། ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ཏུ་ཞི་ཅིན་ཕིན་གྱི་རུལ་སུངས་རྒོལ་རྡུང་གི་ཁ་ཕྱོགས་གསར་བའི་མདུང་རྩེ་ནང་ལ་གཏད་དེ། ད་ལྟ་རྒྱ་གཞུང་གི་ལས་གནས་སུ་ཡོད་པ་དང་། དགོངས་པ་ཞུས་ཟིན་པའི་མཐོ་རིམ་དཔོན་རིགས་ ༩༦ ཙམ་དམིགས་ཡུལ་དུ་བཟུང་ཡོད་ཅིང་། དེ་དག་ལས་ཁག་ཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་ཁག་ཅིག་ལ་ཞིབ་བཤེར་བྱ་རྒྱུ་ལྷག་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཚེས་ ༡ ཉིན་རྒྱ་ནག་ལྟ་ཞིབ་ཅེས་པའི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་པ་ལྟར་ན། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ཚོགས་འདུའི་སྐབས་ལྐོག་ཟ་རུལ་སུངས་ལ་རིམ་པ་ ༣ ཙམ་གཏན་འབེབས་བྱས་ཡོད་ཅིང་། དེ་དག་གི་ཁ་ཕྱོགས་གཙོ་བོ་ད་ལྟ་ལས་གནས་སུ་བཞུགས་བཞིན་པའི་མཐོ་རིམ་དཔོན་རིགས་དག་བཟུང་ཡོད་ཅིང་། རིམ་པ་དང་པོའི་ཁྲོད་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་དང་སྔོན་ཆད་སི་ཁྲོན་ཞིང་ཆེན་གྱི་མགོ་གཙོ་ལའུ་ཆེ་པའོ་ (Liu Qibao)ནས་མགོ་བཙུགས་ཡོད་འདུག ལའུ་ཆེ་པའོ་ལ་ལོ་སྔོན་མ་ནས་ཞིབ་བཤེར་མགོ་བཙུགས་ཏེ་ད་བར་ཐེངས་བཞི་བྱས་པའི་བརྒྱུད་རིམ་ཁྲོད། ཁོས་ཀྲོའུ་ཡོན་ཁང་དང་ལིན་ཅུ་ཧྭ་སོགས་ཀྱི་ནག་ཉེས་རྩིས་སྤྲོད་བྱས་ཡོད་འདུག

གནས་ཚུལ་དེའི་ནང་། ལའུ་ཆེ་པའོ་ལ་ལས་ཀ་བྱེད་ཞོར་དུ་ཞིབ་བཤེར་བྱས་པ་དེས་རུལ་སུངས་རྒོལ་རྡུང་གི་ལས་འགུལ་དེ་ཅུང་གུ་ཡངས་དང་ཚོད་འཛིན་ལྟ་བུ་བྱས་པ་མཚོན་ཡང་། ཞིབ་བཤེར་ལྷན་ཁང་གི་ཚོགས་འདུའི་སྐབས། ཝོང་ཆེ་ཧྲན་གྱིས་སྲིད་འཛིན་ཞི་ཅིན་ཕིན་གྱི་སྐད་ཆ་བསྐྱར་བཤད་བྱས་པ་དང་ལྐོག་ཟ་རུལ་སུངས་རྒོལ་རྡུང་གི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་བསྒྲགས་པ་དེར་གཞིགས་ན། རུལ་རྒོལ་ལས་འགུལ་དེ་ད་དུང་མུ་མཐུད་སྤེལ་རྒྱུ་ཡིན་པ་མ་ཟད། སྔར་ལས་ཤུགས་ཆེ་རུ་བཏང་སྟེ་ད་ལྟ་དབུས་གཞུང་ནང་ལས་ཀ་བྱེད་བཞིན་པ་ཚོ་ཡང་ཞིབ་བཤེར་ནང་ཚུད་རྒྱུ་ཡིན་སྐོར་འཁོད་འདུག

ལའུ་ཆེ་པའོ་ནི་ཕྱི་ལོ་ ༢༠༠༧ ནས་ ༢༠༡༢ བར་སི་ཁྲོན་ཞིང་ཆེན་གྱི་མགོ་གཙོ་དང་ཞིང་ཆེན་ཨུ་ཡོན་རྒྱུན་ལས་འགན་འཛིན་ཡིན་འདུག ༢༠༡༢ ལོའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་ཁོའི་གོ་གནས་འཕར་ཏེ་དབུས་ཆབ་སྲིད་སྡེ་ཚན་ནང་མགོ་གཙོ་དང་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་ཡིན་འདུག

ཧོང་ཀོང་གི་འགྲན་གླེང་དུས་དེབ་ཀྱིས་གནས་ཚུལ་སྤེལ་པ་ལྟར་ན། ད་ལྟ་ཞིབ་བཤེར་འོག་ཚུད་ཡོད་པའི་ལའུ་ཆེ་པའོ་དང་གནས་བབ་གཅིག་པ་ཡིན་པའི་མཐོ་རིམས་དཔོན་རིགས་ ༥ ཡོད་པ་དང་། དེ་དག་ནི་ཝང་ཧྲིན་ཅོན་དང་ཀྲོང་ཕེན། ལོ་ཀྲན་ཀོན། ཝང་ཅཱ་རའུ། ཀྲོང་ཆིན་ལེ་བཅས་ཡིན་འདུག

ཝང་ཧྲིན་ཅོན་ནི་རྒྱ་ནག་དབུས་མི་དམངས་རྒྱུན་ལས་ཨུ་ཡོན་འགན་འཛིན་གཞོན་པ་ཡིན་པ་དང་། ཁོ་སྔོན་ཆད་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་འགན་འཛིན་དང་ཏང་རྩ་འཛུགས་མགོ་གཙོ། དབུས་ཆབ་སྲིད་ལྷན་ཁང་གི་དྲུང་ཡིག་སོགས་ཡིན་འདུག ཀྲོང་ཕེན་ནི་རྒྱ་ནག་འཕེལ་རྒྱས་ཨུ་ཡོན་འགན་འཛིན་ཟུར་པ་ཡིན་འདུག ལོ་ཀྲན་ཀོན་ནི་ད་ལྟ་རྒྱ་ནག་སྲིད་གྲོས་འགན་འཛིན་གཞོན་པ་དང་། སྔོན་ཆད་ཧི་ནན་ཞིང་ཆེན་གྱི་མགོ་གཙོ་ཡིན་འདུག ཝང་ཅཱ་རའུ་ནི་ད་ལྟ་རྒྱ་ནག་སྲིད་གྲོས་འགན་འཛིན་གཞོན་པ་དང་སྔོན་ཆད་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འགན་འཛིན་ཡིན་འདུག ཀྲོང་ཆིན་ལེ་ནི་ད་ལྟ་སྲིད་གྲོས་འགན་འཛིན་གཞོན་པ་དང་སྔོན་ཆད་ཧི་པའེ་ཞིང་ཆེན་གྱི་མགོ་གཙོ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

སྐར་མ ༡༣ སྔོན་ལ།
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

སྐར་མ ༥༨ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡༩ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

༢༠༢༦/༠༢/༡༢

མཆན། 1

  1. ཐོ་རེངས། says:
    ལོ་ 11 སྔོན།

    རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཐག་བཅད་ཐོག སྲིད་གཞུང་མཐོ་རིམ་དཔོན་རིགས་རྣམས་ཀྱི་ལྐོག་ཟ་རུལ་སོང་གི་བྱ་སྤྱོད་ལ་ཁ་གཏད་བྱེད་རྒྱུར་ཐག་བཅད་པ་འདི་ནི་ཆེས་བསམ་ཡུལ་ལས་འདས་པའི་སྔོན་ཐོན་གྱི་མཛད་པ་ཞིག་རེད། རྒྱ་གར་སོགས་དམངས་གཙོ་རྒྱལ་ལུང་པ་ལའང་འདི་འདྲའི་སྤཽབས་པ་མེད་དོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese