མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་རོང་ཅི་ཡི་གཏོང་ཕོད་ལ་བསྔཊ་བརྗོད།

བོད་ཀྱི་དུས་བབ།
༢༠༡༥/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་ཡིས་ཞིང་གྲོང་གི་དཀའ་ངལ་ཅན་གྱི་བྱིས་པ་ཚོའི་ཤེས་ཡོན་ཡར་རྒྱས་ཆེད་ཁྱོན་རྒྱ་སྒོར་དུང་ཕྱུར་ ༤༦ ལྷག་གིས་རོགས་རམ་བྱས་ཡོད་འདུག
དེ་རིང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་པེ་ཅིན་དགེ་འོས་སློབ་ཆེན་གྱི་མང་ཕན་ཞིབ་འཇུག་ཁང་གིས། འདས་ལོར་རྒྱལ་ཡོངས་ནང་སྤྱི་ཚོགས་ཕན་བདེའི་ཆེད་ཞལ་འདེབས་ཕོན་ཆེན་གནང་མཁན་གྱི་མི་སྣ་ ༡༠༠ ཡི་མིང་གཞུང་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ནང་ཞལ་འདེབས་གནང་མཁན་མང་ཆེ་བ་ཁེ་ལས་གཉེར་མཁན་གྱི་ཕྱུག་པོ་ཡིན་ཡང་། ཕྱི་ལོ་ ༢༠༡༣ དང་ ༢༠༡༤ བསྟུན་མར་ལོ་གཉིས་རིང་རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་མིང་གཞུང་དེའི་ནང་གི་ཨང་རིམ་མཐོ་གྲས་སུ་བསླེབས་ཡོད་པ་མ་ཟད། ཁོང་གིས་སྔ་རྗེས་སུ་ཁྱོན་རྒྱ་སྒོར་དུང་ཕྱུར་ ༤༦ ལྷག་ཞལ་འདེབས་སུ་སྤྲད་དེ། དཀའ་ངལ་ཡོད་པའི་ཞིང་གྲོང་གི་བྱིས་པ་ཚོའི་ཤེས་ཡོན་སློབ་སྦྱོང་ཐད་རོགས་རམ་གནང་ཡོད་སྐོར་བརྗོད་འདུག 

གོང་གི་གནས་ཚུལ་ཐད་རྒྱ་ནག་རོ་ཕར་ཊི་ཕྱུག་བདག་ཚོགས་པའི་གཙོ་གཉེར་བ་(Rupert Hoogewerf)ཡིས། ཆབ་སྲིད་མི་སྣ་ཞིག་ཞལ་འདེབས་ཕོན་ཆེན་སྤྲོད་མཁན་གྱི་མིང་གཞུང་ནང་བསླེབས་པ་མཐོང་བ་ཐོག་མ་དེ་ཡིན་སྐོར་བརྗོད་ནས་མཐོང་ཆེན་བྱས་ཡོད་དང་། གནས་ཚུལ་དེ་བརྒྱུད་ལམ་དུ་ཁྱབ་རྗེས། མི་མང་པོས་ཀྲུའུ་རོང་ཅི་ནི་རྒན་ཡོལ་དུ་ཕྱིན་པའི་རྒྱ་ནག་གི་ཆབ་སྲིད་མགོ་ཁྲིད་ཚོའི་ཁྲོད་ནས་ཆེས་གཏོང་ཕོད་ཅན་དང་། ཆེས་ཕན་སེམས་ཅན་གྱི་མི་སྣ་ཞིག་ཡིན་པའི་བསྔགས་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་ནང་མང་ལ་ཕན་སེམས་ཆེ་ཞིང་སྐྱོན་གྱིས་མ་གོས་པའི་སྲིད་བློན་ཀྲུའུ་ཨེན་ལི་དང་ཀྲུའུ་རོང་ཅི་ལྟ་བུ་ཞིག་བྱུང་མྱོང་མེད་སྐོར་སོགས་རྗོད་ཀྱི་འདུག

ཡང་པེ་ཅིན་གྱི་རིག་གནས་ཞིབ་འཇུག་ཁང་ཞིག་གི་འགན་འཛིན་མའོ་ཞོ་ཝེ་ཟེར་བས། རྒྱ་གཞུང་གི་ལས་བྱེད་ཚོའི་ནང་ཞལ་འདེབས་ཕོན་ཆེན་སྤྲོད་མཁན་མེད་པའི་རྒྱུ་མཚན་ནི། དངུལ་དེ་སྤྲད་རྗེས་མི་མང་གིས་དངུལ་དེའི་ཡོང་ཁུངས་ཡག་པོ་ཡོད་མེད་ལ་ལབ་གླེང་དང་བརྟག་དཔྱད་མང་པོ་བྱེད་ཀྱི་ཡོད་པས་ཡིན་ལ། གཞུང་ཞབས་ཤིག་གིས་སྒོར་མོ་དེ་འདྲ་མང་པོ་གསོག་ཐུབ་རྒྱུའང་ཁག་པོ་ཡིན་སྐོར་དང་། ཀྲུའུ་རོང་ཅི་ཡིས་དམིགས་དཔེ་ཡག་པོ་ཞིག་བཞག་ཡོད་ཀྱང་། དེ་ཡིས་རྒྱ་ནག་གི་དཔོན་རིགས་ཚོར་སྐུལ་འདེད་ཅི་ཡང་གཏོང་མི་ཐུབ་པ་མ་ཟད། ། ཀྲུའུ་ཡིས་ཁོ་བོའི་དཔེ་དེབ་དག་ལས་བྱུང་བའི་སྒོར་མོ་ཚང་མ་སྤྱི་ཚོགས་བདེ་རྩའི་ཆེད་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། མཐར་གཏུགས་ན་དཔེ་དེབ་པར་སྐྲུན་བྱས་པ་དེའང་སོ་སོའི་མིང་གྲགས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་འདུག

ནུབ་ཕྱོགས་དང་བསྡུར་བ་ཡིན་ན། རྒྱ་ནག་གི་ཆབ་སྲིད་མི་སྣའི་ནང་སྤྱི་ཚོགས་བདེ་རྩའི་ཆེད་ཞལ་འདེབས་སྤྲོད་མཁན་ཉུང་ཉུང་ཞིག་ལས་མེད་ཀྱང་། དེ་སྔོན་ཞལ་འདེབས་གྲངས་འབོར་མང་ཤོས་ཀྱི་གྲས་སུ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལི་རིས་ཧན་གྱིས། ཁོ་རང་གི་ཕ་ཡུལ་ཐེན་ཅིན་གྱི་སློབ་མ་ཚོར་ཁྱོན་རྒྱ་སྒོར་ཁྲི་ ༣༥༠༠ ཙམ་གྱིས་བདེ་རྩ་ཚོགས་པ་ཞིག་བཙུགས་ཡོད་པ་དང་། འདས་ལོར་རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་ཆོ་ཧྲི་ཡིས། རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལམ་ལུགས་དང་བཅའ་ཁྲིམས་འདྲ་མཉམ་གོང་འཕེལ་དུ་གཏོང་ཆེད་རྒྱ་སྒོར་ཁྲི་ ༡༡༠༠ ཞལ་འདེབས་སུ་སྤྲད་ཡོད་པ་རེད། དེ་བཞིན། རྒྱ་ནག་གི་མགོ་ཁྲིད་འདས་པོ་ཏུན་ཞའོ་ཕིན་ཁྱིམ་ཚང་གིས་ཀྱང་ན་གཞོན་ཚོའི་ཚན་རྩལ་གསར་གཏོད་སྐུལ་འདེད་ཆེད་རྒྱ་སྒོར་ཁྲི་ ༡༠༠ ཞལ་འདེབས་སུ་སྤྲད་མྱོང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

སྐར་མ ༤༥ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡༩ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

༢༠༢༦/༠༢/༡༢
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་ནང་མང་ལ་ཕན་སེམས་ཆེ་ཞིང་སྐྱོན་གྱིས་མ་གོས་པའི་སྲིད་བློན་ཀྲུའུ་ཨེན་ལི་དང་ཀྲུའུ་རོང་ཅི་ལྟ་བུ་ཞིག་བྱུང་མྱོང་མེད་སྐོར་སོགས་རྗོད་ཀྱི་འདུག ་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese