མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ར་ཤེལ་ནང་གི་དྲུག་བཞི།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ཆར་རྒྱ་ནག་པེ་ཅིན་གྱི་པར་རིས་སྒྱུ་རྩལ་པ་ཞོ་ཡོན་ (Xu Yong) གྱིས་ལོ་ངོ་ ༢༥ ལྷག་རང་གཅེས་ཉར་བྱས་པའི་བརྩམས་ཆོས་སམ་འདས་དོན་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཐོ་རིམ་སློབ་མའི་དམངས་གཙོའི་ལས་འགུལ་སྐབས་ཀྱི་པར་ ༦༤ ཙམ་ཧོང་ཀོང་མི་རབས་གསར་པའི་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ཏེ། “ར་ཤེལ” 《底片》ཞེས་པའི་པར་དེབ་ཀྱི་ངོ་བོར་འགྲེམས་སྤེལ་བྱས་ཡོད་འདུག

པར་དེ་དག་རྒྱ་ནག་ནང་འགྲེམ་སྤེལ་བཀག་འགོག་བྱས་ཡོད་པ་མ་ཟད། ཧོང་ཀོང་གི་དཔེ་ཁང་ཁ་ཤས་ལ་ཡང་འགྲེམ་སྤེལ་བྱེད་མ་བཅུག་པའི་དཀའ་ངལ་འཕྲད་ཡོད་འདུག་པ་དང་། ཉིན་ཤས་སྔོན་པར་དེབ་ཁ་ཤས་སྦྲགས་ཁང་བརྒྱུད་ཞོ་ཡོན་གྱི་ཁྱིམ་དུ་བསྐུར་ཡོང་བར་མཐའ་མཚམས་རྒྱ་ནག་ཞིབ་བཤེར་ལས་ཚན་པས་གཞུང་བཞེས་བཏང་ཡོད་འདུག

ཟླ་འདིའི་ཚེས་ ༢༥ ཉིན་ནེའུ་ཡོག་དུས་བབ་དྲ་ཚིགས་སྟེང་། ཞོ་ཡོན་གྱི་དེབ་གསར་བ་ “ར་ཤེལ་”ཞེས་པ་འདིའི་ནང་དུ།  རྒྱ་ནག་གི་མི་རབས་གསར་པའི་དཔུང་ཁག་ཅིག་གིས་ ༡༩༨༩ ལོར་རྒྱ་ནག་དམར་པོའི་སྲིད་དབང་གཅིག་སྡུད་སྲིད་གཞུང་ལ་ངོ་རྒོད་དང་། མ་འོངས་པར་ཕུགས་བསམ་གྱིས་ཁེངས་ཏེ་དམངས་གཙོའི་ང་རོ་སྒྲོག་པའི་ལོ་རྒྱུས་ཤུལ་བཞག་གི་པར་རྐྱང་རེད།

རྒྱ་གཞུང་གི་དབང་ཆ་མཁྲེགས་འཛིན་པ་ཚོར་མཚོན་ན། པར་འདི་དག་ནི་ཁོ་ཚོར་ཁོང་ཁྲོ་སློང་གཞི་ཞིག་ཏུ་འགྱུར་སྲིད་ཀྱང་། ཞོ་ཡོན་གྱིས་ལོ་ ༢༥ ལྷག་ལ་ཉར་ཚགས་བྱས་པའི་པར་འདི་དག་ཆབ་སྲིད་དང་འབྲེལ་བ་མེད་པའི་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་ཟད། ཁོས་བཤད་རྒྱུར་ “འདི་ནི་སྒྱུ་རྩལ་གྱི་པར་དེབ་ཅིག་ཡིན་པ་དང་ཁོས་སྔོན་ཆད་པར་དེབ་ཉི་ཤུ་ལྷག་པར་སྐྲུན་ཟིན་ཡོད་སྟབས། དེ་དག་གི་གོ་དོན་དང་རྒྱབ་ལྗོངས་ལ་གླེང་སློང་བྱེད་འདོད་མི་འདུག” ཅེས་བརྗོད་འདུག

ཟླ་འདིའི་ཚེས་ ༢༦ ཉིན། ཨེ་ཤེ་ཡའི་རྒྱ་ཡིག་སྡེ་ཚན་གྱི་གསར་འགོད་པས་ཧོང་ཀོང་གི་དུས་རབས་གསར་པའི་དཔེ་སྐྲུན་ཁང་གི་ལས་མི་པའོ་ཕོ་ (Bao Pu) ལ་ཁ་པར་བརྒྱུད་པར་དེབ་དེའི་སྐོར་ལ་བཅའ་འདྲི་ཞིག་བྱས་སྐབས། ཁོང་གིས་ “དཔེ་དེབ་དེ་ང་ཚོའི་ལས་ཁུངས་ཀྱིས་དཔར་སྐྲུན་བྱས་ཡོད་པ་ཙམ་ལས་དེའི་རྗེས་ཀྱི་གནས་ཚུལ་གང་ཡང་ངས་མི་ཤེས། འོན་ཀྱང་། ད་ལྟ་ང་པེ་ཅིན་དུ་ཡོད་སྟབས། དེའི་སྐོར་གྱི་གནས་ཚུལ་ཕྱིར་ཧོང་ཀོང་ལ་འབྱོར་ནས་བཤད་དགོས་”ཤེས་བརྗོད་ཡོད་འདུག

དུས་རབས་གསར་བའི་དཔེ་སྐྲུན་ཁང་གསར་འཛུགས་གནང་མཁན་གྲས་ཅཱང་ཡོའུ་ལིས་ (Jiang Yuelei)ལ་བཅའ་འདྲི་བྱས་སྐབས་ཁོང་གིས་ “ཞི་ཡོན་གྱིས་པར་འདི་དག་དཔར་སྐྲུན་བྱས་ན་ཁོ་རང་ལ་ཉེན་ཁ་ཡོད་པ་གསལ་བོར་ཤེས་ཀྱི་ཡོད་ཀྱང་། ཁོང་གིས་ཉེན་ཁར་མ་འཛེམས་པར་དཔར་སྐྲུན་བྱ་རྒྱུའི་ཐག་གཅོད་བྱས་པ་རེད།”ཅེས་བརྗོད་འདུག

ཞོ་ཡོན་ལ་ཁྱོན་སྡོམ་སྐབས་དེའི་དཔར་ག་ཚོད་ཡོད་མེད་གསར་འགོད་པར་བརྗོད་མེད་ཀྱང་། ད་རེབ་ཀྱི་པར་དེབ་དེའི་ནང་པར་གྲངས་ ༦༤ བཀོད་ཡོད་འདུག རྒྱ་ནག་མི་མང་ལ་མཚོན་ན་གྲངས་ཀ་ ༦༤ འདི་ནི་བརྒྱུད་ལམ་ཁག་ནས་ཆེས་མཐོང་དཀོན་པ་དང་། སྲིད་གཞུང་གིས་དུས་རྒྱུན་དོགས་ཟོན་དམ་དྲག་བྱེད་ཡུལ་གྱི་ཨང་གྲངས་ཤིག་ཆགས་ཡོད། དེ་ནི་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ནང་ཆེན་དུ་ཟླ་ ༦ ཚེས་ ༤ ཉིན་རང་དབང་དང་དམངས་གཙོ་ལ་དགའ་བའི་སློབ་ཕྲུག་ཁྲི་ཕྲག་མང་པོས་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞུང་གིས་ཁྲབ་ལྡན་འཁོར་ལོ་བཏང་སྟེ་དྲག་གནོན་བྱས་པའི་ཉིན་མོ་དེ་མཚོན།

པར་དེབ་འདི་རྒྱ་ནག་ནང་ལོགས་སུ་འགྲེལ་སྤེལ་བཀག་འགོག་བྱས་ཡོད་པ་མ་ཟད། པར་གྱི་བདག་པོ་ཞོ་ཡོན་རང་ལའང་རག་མི་འདུག གཟའ་འཁོར་སྔོན་མའི་ནང་། “ར་ཤེལ་”དཔེ་དེབ་ཤོག་སྒམ་གཅིག་ལཱེན་པོང་སྦྲགས་ཁང་བརྒྱུད་ཞོ་ཡོན་གྱི་ཁྱིམ་དུ་བསྐུར་ཡོད་ཀྱང་རྒྱ་ནག་གཞུང་གིས་གཞུང་བཞེས་བཏང་ཡོད་འདུག ཞོ་ཡོན་གྱིས་རང་ཉིད་ལ་ཆག་སྒོ་ཡོང་རྒྱུ་ཡིན་པ་ངོས་ལེན་བྱས་ཀྱང་། ཁོས་ད་དུང་ “ར་ཤེལ་འདི་དག་རྙིང་ནས་སེར་པོར་ཆགས་འདུག་སྟབས། ངས་འདི་དག་ད་དུང་དཔར་སྐྲུནམ་བྱས་པར་ག་དུས་བར་བསྒུག་དགོས་སམ།” ཞེས་བརྗོད་འདུག

པར་དེ་དག་ X འོད་ཤོག་དང་ངོ་རྒོལ་བྱེད་མཁན་དག་ཀྱང་གསལ་ལ་མི་གསལ་བའི་རགས་དབྱིབས་ཤིག་ལས་མཐོང་མི་ཐུབ་པས། ར་ཤེལ་དེ་དག་ལ་ཕར་བལྟས་ཚོད་ཀྱིས་རྫུན་མ་ཞིག་ཏུ་སྣང་ཡང་། ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ (iPone)དང་། ལག་དེབ་ (iPad) སོགས་བརྒྱུད་ན་ལས་སླ་བོར་མཐོང་ཐུབ། ཐོག་མར་ཁ་པར་དེ་དག་གི་ “རྒྱུན་སྤྱོད་འཇུག་སྒོ་”(Accessibility)ནང་དུ་ཕྱིན་ཏེ་ “ རམ་འདེགས་ཁྱད་ཆོས་”(Common Features) འདེམས་རྗེས་“ཚོན་མདོག་ལྡོག་འགྱུར”(Inverted Colors) ལ་འགྲོ་དགོས་པ་དང་། དེའི་རྗེས་པར་ཆས་ཀྱི་ཤེལ་ངོས་ནས་ཁྱོད་ཀྱིས་ཞོ་ཡོན་གྱི་ར་ཤེལ་པར་དེ་དག་བཀྲུས་རྗེས་ཀྱི་པར་ངོ་མ་ཞིག་ཏུ་མཐོང་ཐུབ་སྐོར་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

སྐར་མ ༢ སྔོན་ལ།
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

སྐར་མ ༤༧ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡༩ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese