མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀླུ་སྒྲུབ་བསྟན་དར་ལཊ་ཀློད་གྲོལ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་ལགས་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག

འབྲེལ་ཡོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་སྐད་འབོད་གནང་བའི་ཉེས་མིང་འོག ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་ལགས། དེ་རིང་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་དང་། ཁོང་གི་འཛིན་གྲྭ་གཅིག་པ་སོགས་མེན་ཡཱང་དུ་བསུ་རུ་སོང་ཡོད་པ་དང་། མི་འགྱངས་བར་ཕྱིར་ཕ་ཡུལ་དུ་འབྱོར་རྒྱུ་ཡིན་འདུག ཡིན་ནའང་། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་ཀླུ་སྒྲུབ་བསྟན་དར་ལགས་ཀྱི་བཙོན་རོགས། རྔ་པ་སྤྲོ་ཚིགས་དགོན་པའི་གྲྭ་འཇམ་དབྱངས་བརྩོན་འགྲུས་ལགས་ཀྱིས་དེ་སྔོན་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༣༡ ཉིན་ཁོང་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་གཏོང་སྐབས། བཙོན་ཁང་དེའི་ནང་ཁོང་གིས་ངོ་ཤེས་པའི་བོད་རིགས་ཆབ་སྲིད་བཙོན་པ་ཁྱོན་ ༣༩ ཡོད་པ་དང་། ཁོང་ཚོའི་ནང་ནས་རྔ་སྨད་ལོ་རྟའི་སྐར་མ་ཚེ་བཙོན་དང་། ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོར་ལོ་ ༩ ། སྐྱོར་དཔོན་ཀླུ་སྒྲུབ་ཕུན་ཚོགས་ལ་ལོ་ ༡༣། ཀླུ་སྒྲུབ་ཡེ་ཤེས་ལ་ལོ་ ༡༣། ལི་ཐང་རོང་རྒྱས་ཨ་གྲགས་ལ་ལོ་ ༨། ཨ་ཁུ་བྷོར་ལོ་ ༡༠། ཀུན་མཁྱེན་ལ་ལོ་ ༩། ཀིརྟི་དགོན་གྱི་གྲྭ་འཕྲིན་ལས་ཚེ་རིང་ལ་ལོ་ ༩། ཚེ་ཁོར་ལོ་ ༡༣། གཏེར་མཛོད་ལ་ལོ་ ༡༥། རྔ་མ་འ་ཁམས་ཀྱི་དཔལ་རྒྱས་ལ་ལོ་ ༡༡། འཕགས་པར་ལོ་ ༡༢། འོད་ལྡན་ལ་ལོ་ ༩། རིན་ཆེན་ལ་ལོ་ ༡༡།རྟོགས་ལྡན་དགོན་པའི་གྲྭ་སེང་གྷར་ལོ་ ༨། འཕྲིན་ཁོར་ལོ་ ༧། སྨེ་བ་ཞང་གི་ཀུན་རྡོར་ལོ་ ༨ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

ཡང་གྲྭ་འཇམ་དབྱངས་བརྩོན་འགྲུས་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་རྫོང་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གནང་སྐབས། ཁོང་དང་སྤྲོ་ཚིགས་དགོན་པའི་གྲྭ་པ་ ༡༨ ཙམ་གྱིས་མི་མང་དང་མཉམ་དུ་རྔ་པ་རྫོང་གི་སྲང་ལམ་དུ། ༧གོང་ས་མཆོག་བོད་དུ་ཕེབས་དགོས། བོད་མིར་རང་དབང་དང་ཞི་བདེ་དགོས་ཞེས་སྐད་འབོད་རྒྱག་བཞིན་ཁྲོམ་སྐོར་གནང་སྐབས། རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ། ཁོང་གིས་མཐོང་ས་ནས་མི་སྐྱ་ཕོ་མོ་ ༡༣ ཙམ་དམར་གསོད་དང་། གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་་་་་་ ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་རྫོང་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གནང་སྐབས། ཁོང་དང་སྤྲོ་ཚིགས་དགོན་པའི་གྲྭ་པ་ ༡༨ ཙམ་གྱིས་མི་མང་དང་མཉམ་དུ་རྔ་པ་རྫོང་གི་སྲང་ལམ་དུ། ༧གོང་ས་མཆོག་བོད་དུ་ཕེབས་དགོས། བོད་མིར་རང་དབང་དང་ཞི་བདེ་དགོས་ཞེས་སྐད་འབོད་རྒྱག་བཞིན་ཁྲོམ་སྐོར་གནང་སྐབས།
    རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ། ཁོང་གིས་མཐོང་ས་ནས་མི་སྐྱ་ཕོ་མོ་ ༡༣ ཙམ་དམར་གསོད་དང་། གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་སྐོར་བརྗོད་སོང་། གསར་འགོད་པ། པདྨ་མཚོ ་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese