མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཙོན་པའི་དབང་བོ་གསོན་ལེན་གནས་ཚུལ་ཇེ་གསལ་དུ་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་གཙོས་པའི་སྲོག་ཆད་བཙོན་པ་ཚོའི་དབང་བོ་གསོན་ལེན་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཞིག་ཁྱབ་ཡོད་ཅིང་། ཉེ་ལམ་སྲིད་གྲོས་ཚོགས་འདུའི་མཇུག་ཏུ། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ཟུར་བ་ཧོང་ཅེད་ཧྥོ་ཡིས་གནས་ཚུལ་དེ་ངོས་ལེན་བྱས་ཡོད་འདུག

ལོ་ངོ་བཅུ་གྲངས་གོང་ནས་བཟུང་རྒྱ་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་གཙོ་བྱས་པའི་བཙོན་པ་ཚོའི་དབང་བོ་གསོན་ལེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིག་ཕྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་པ་དང་། ༢༠༠༦ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་གཞུང་གི་བཙོན་པའི་དབང་བོ་གསོན་ལེན་ལ་ཞིབ་འཇུག་བྱས་བར་འབྲས་བུ་ཆེན་པོ་ཞིག་ཐོན་ཐུབ་མེད་ཀྱང་། ༡༩༩༩ ལོ་ནས་རྒྱ་ནག་ནི་རྒྱལ་སྤྱིའི་སྟེང་དབང་བོ་བརྗེ་ལེན་བྱེད་མཁན་ཨང་གཉིས་པ་ཆགས་ཡོད་པའི་ངོས་འཛིན་གཅིག་ཅར་དུ་བྱུང་ཡོད། རྒྱ་ནག་གཞུང་གིས་གནས་ཚུལ་དེར་ངོས་ལེན་རྩ་བ་ནས་བྱས་མེད་པ་མ་ཟད། བཙོན་པའི་དབང་བོ་གསོན་ལེན་བྱེད་བཞིན་པའི་ལས་གཞི་མང་པོ་ཞིག་ཧ་ཅང་གསང་རྒྱ་དམ་པོའི་ཐོག་མུ་མཐུད་ལག་བསྟར་བྱས་ཡོད་འདུག

སྐབས་དེར་རྒྱ་ནག་ལ་དབང་བོ་ཞལ་འདེབས་ཀྱི་ཐེབས་རྩ་ཚོགས་པ་མེད་སྟབས། རྒྱ་ནག་ནང་གི་མིའི་དབང་བོ་མང་པོའི་ཡོང་ཁུངས་གསལ་བོ་མེད་པ་དང་། ༢༠༠༥ ལོའི་ཟླ་ ༧ བའི་ནང་རྒྱལ་སྤྱིའི་མཆིན་པ་བརྗེ་ལེན་ (World Conference of liver transplant) ཀྱི་ཚོགས་ཆེན་སྟེང་། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ཟུར་བ་ཧོང་ཅེད་ཧྥོ་ཡིས་ (Huang Jiefu) ཟེར་བས་རྒྱ་ནག་གིས་སྲོག་ཆད་བཙོན་པ་ཚོའི་དབང་བོ་བེད་སྤྱོད་གཏོང་གི་ཡོད་པ་ངོས་ལེན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་གནས་དེའི་སྐོར་ལ་གསལ་བཤད་གང་ཡང་བྱས་མེད། ཉེ་ཆར་རྒྱ་ནག་དབུས་སྲིད་གྲོས་ཚོགས་ཆེན་རྗེས་ལ། ཧོང་ཅེད་ཧྥོ་ཡིས་བཙོན་པའི་དབང་བོ་གསོན་ལེན་བྱེད་པ་ནི་ཛ་དྲག་གི་ནད་པ་སྐྱོབ་ཆེད་ཡིན་སྐོར་བརྗོད་ཡོད་པ་དང་། དེའི་རྗེས་ཧོང་ཀོང་རྨ་བྱའི་དྲ་བའི་སྟེང་བཙོན་པའི་དབང་བོ་གསོན་ལེན་བྱེད་པ་ནི་ཀྲུའུ་ཡོན་ཁཱང་གི་ནག་ཉེས་ཡིན་སྐོར་གྱི་གླེང་གཞི་ཞིག་བྱུང་ཡོད།

༄༅ ཟླ་སྔོན་མའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་གསུམ་པའི་གསར་འགོད་གསལ་བསྒྲགས་སྟེང་། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ཟུར་བ་དང་ད་ལྟའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས། རྒྱ་ནག་དབང་བོ་ཞལ་འདེབས་ཐེབས་རྩ་ཚོགས་པ་དང་དབང་བོ་སྤོ་འཛུགས་ཁང་གི་མགོ་གཙོ་ཧོང་ཅེད་ཧྥོ་ཡིས་ “རྒྱ་ནག་གིས་ ༢༠༠༩ ལོའི་སྔོན་ལ་སྲོག་ཆད་བཏང་བའི་བཙོན་པ་ཚོའི་དབང་བོ་བླངས་པ་ནི། དབང་བོ་ནུས་སྟོབས་ཉམས་པའི་ནད་པ་ཚོའི་ཚེ་སྲོག་སྐྱོབ་ཆེད་རེད། སྐབས་དེར་སྤྱི་དམངས་ནང་ལ་རང་མོས་ཀྱིས་དབང་བོ་ཞལ་འདེབས་རྒྱག་མཁན་མེད་སྟབས་ཐབས་གཞན་མེད་སོང་བ་རེད། ཡིན་ནའང་ཁ་གསལ་བོ་བྱས་ཏེ་ཞུས་ན་བྱ་སྤྱོད་དེ་ནི་དུག་ཆང་བཏུངས་ནས་སྐོམ་པ་སེལ་ཐབས་བྱེད་པ་དང་གཅིག་མཚུངས་རེད།” ཅེས་བརྗོད་ཡོད་འདུག

ཟླ་སྔོན་མའི་ཚེས་ ༡༥ ཉིན། ཧོང་ཀོང་རྨ་བྱ་གསར་ཁང་གི་གསར་འགོད་པས་ཧོང་ཅེད་ཧྥོ་ལ་སྲོག་ཆད་བཙོན་པའི་དབང་བོ་གསོན་ལེན་སྐོར་ལ་བཅར་འདྲི་ཞིག་ཞུས་སྐབས། ཁོས་རྫི་གསང་དོད་པོས་ “ཁ་གསལ་བོ་བྱས་ནས་བཤད་མི་ཐུབ།” “རྒྱལ་ཁབ་ཀྱི་གསང་བ་ཡིན” སོགས་ཀྱི་ལན་ཙམ་ལས་གསལ་བོར་བརྗོད་མེད་ཀྱང་། བཙོན་པའི་དབང་བོ་གསོན་ལེན་དང་། དབང་བོ་ཉོ་ཚོང་བྱེད་མཁན་ནག་ཚོགས་དག་གི་རྒྱབ་ཕྱོགས་ཀྱི་སྟག་རྒན་གཙོ་བོ་དེ་ཀྲུའུ་ཡོན་ཁང་ཡིན་པའི་རྣམ་འགྱུར་གསལ་བོར་བསྟན་ཡོད་འདུག

ཧོང་ཅེད་ཧྥོ་ནི་རྒྱ་ནག་གི་དབང་བོ་གསོན་ལེན་གནས་ཚུལ་དང་སྟག་རྒན་ཚོའི་བར་འབྲེལ་བ་ཡོད་ཚུལ་གླེང་སློང་བྱེད་མཁན་ཐོག་མ་དེ་ཆགས་སྟབས། ཟླ་སྔོན་མའི་ཚེས་ ༢༣ ཉིན་ཞཱིན་ཐང་རིན་བརྙན་འཕྲིན་དྲ་བའི་སྟེང་། དབྱེ་ཞིབ་པ་ཁ་ཤས་ཀྱིས། དེ་ནི་རྒྱ་ནག་གཞུང་གིས་ཀྲུའུ་ཡོན་ཁཱང་གད་སྙིགས་ཀྱི་སྣོད་ལྟ་བུར་བེད་སྤྱོད་བྱས་ཏེ། རྒྱལ་སྤྱིའི་སྟེང་གི་རྒྱ་ནག་གི་དབང་བོ་གསོན་ལེན་གྱི་ནག་ཉེས་ཡོད་ཚད་ཀྲུའུ་ཡོན་ཁཱང་གི་སྟེང་གི་མགོ་ལ་གཡོག་འདོད་པ་ཡིན་ཚུལ་བརྗོད་འདུག

པེ་ཅིན་དུ་གནས་སྡོད་ཆབ་སྲིད་དཔྱད་བརྗོད་པ་ཧྭ་ཕོ་ (Hua Po) ཡིས། “རྒྱ་ནག་གཞུང་གིས་ཀྲུའུ་ཡོན་ཁཱང་གད་སྙིགས་ཀྱི་སྣོད་ཆས་བྱས་ཏེ་རྒྱལ་སྤྱིའི་སྟེང་རྩིས་སྤྲོད་བྱ་རྒྱུ་གཏན་འཁེལ་རེད། ཁྲིམས་འགལ་ཐོག་དབང་བོ་གསོན་པོ་ཉོ་ཚོང་བྱེད་མཁན་གྱི་ནག་ཚོགས་ཁྲོད་ཀྲུའུ་ཡོན་ཁཱང་ལྐོག་འཛུལ་བྱས་ཏེ། སྲོག་ཆད་བཙོན་པའི་དབང་བོ་གསོན་ལེན་བྱེད་པའི་ལས་དོན་ཡོངས་རྫོགས་ཀྲུའུ་ཡོན་ཁཱང་གིས་འཆར་གཞི་ཇུས་འགོད་བྱས་པའི་གནས་ཚུལ་ཁ་ཇེ་གསལ་དང་རྣམ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་སྲིད་གཞུང་གིས་གནས་ཚུལ་ཡོད་ཚད་ཤེས་རྟོག་བྱུང་ཡོད་ཀྱང་ཆ་ཤས་ཙམ་ལས་ཕྱིར་བསྒྲགས་བྱས་མེད། ལྷག་པར་དུ་ཀྲུའུ་ཡོན་ཁཱང་གི་ཕྱོགས་གཞན་གྱི་ནག་ཉེས་ཕྱིར་བསྒྲགས་བྱ་མི་སྲིད།” ཅེས་བརྗོད་འདུག ཁོང་གིས་མུ་མཐུད་དུ། “གལ་སྲིད་བཀག་བསྐྱིལ་འོག་ཡོད་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྐྱང་པའི་གནད་དོན་ལ་གཏིང་ཟབ་མོར་རྩད་ཞིབ་བྱས་ན། ཏང་གཅིག་གིས་སྲིད་དབང་འཛིན་པའི་གནོད་སྐྱོན་འབྱུང་བཞིན་སྟབས། ཁོ་ཚོས་དེ་ནི་སྲོག་ཆད་བཙོན་པ་ཚོའི་དབང་བོ་གསོན་ལེན་གྱི་གནད་དོན་ཡོངས་རྫོགས་ལ་འབྲེལ་བ་ཡོད་ཚུལ་བརྗོད་ཡོད།” ཅེས་བརྗོད་འདུག

ཟླ་སྔོན་མའི་ཚེས་ ༢༠ ཉིན། རྒྱ་ནག་སོ་ཧོ་དྲ་བས་གནས་ཚུལ་སྤེལ་ལ་ལྟར་ན། ༢༠༠༩ ལོའི་སྔོན་ལ་རྒྱ་ནག་གི་དབང་བོ་བརྗེ་ལེན་ལས་དོན་ཁྲོད་ཀྱི་དབང་བོའི་ཡོང་ཁུངས་བརྒྱ་ཆ་ ༦༠ ཙམ་སྲོག་ཆད་བཙོན་བའི་དབང་བོ་ཡིན་པ་དང་། བརྒྱ་ཆ་ ༧ ཙམ་རང་འགུལ་གྱིས་ཞལ་འདེབས་བརྒྱབ་ཡོད་པ། བརྒྱ་ཆ་ ༢༨ ཙམ་དབང་བོ་གསོན་ལེན་བྱས་(འབྱུང་ཁུངས་གསལ་བོ་མེད་པ།)ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་འདུག

༢༠༠༦ ལོའི་ཟླ་ ༣ ཚེས་ ༨ ཉིན་ཏཱ་ཅི་ཡོན་དྲ་ཚིགས་སྟེང་། རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་བཙོན་པ་ཚོའི་དབང་བོ་གསོན་ལེན་བྱེད་པའི་གནས་ཚུལ་ཐོག་མར་བདེན་དཔང་ར་སྤྲོད་བྱས་ཡོད་འདུག སྐབས་དེར་དངོས་མིང་བརྗོད་འདོད་མེད་མཁན་མིང་གཞན་ལ་ཕེ་ཊིར་ (Peter) ཞེས་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་འདུག ཕེ་ཊིར་ནི་རྒྱ་མི་ཞིག་ཡིན་པ་དང་ཁོ་རྒྱ་ནག་ནང་སྡོད་སྐབས་ཉི་ཧོང་གི་བརྙན་འཕྲིན་ལས་ཁང་ཞིག་གི་རྒྱ་ནག་གི་གསར་འགོད་པའི་ལས་ཀ་བྱས་ཡོད་འདུག ཁོང་གིས། རྒྱ་ནག་གི་ཧྲིན་ཡཱང་ཞིང་ཆེན་སུའུ་ཅ་ཊོན་ (苏家屯)གྱི་ས་ཆར་ཕ་ཤའི་ལུགས་ (fascist)དང་མཚངས་བའི་གསང་བའི་བཙོན་ཁག་ཞིག་ཡོད་པ་དང་། བཙོན་ཁང་དེའི་ནང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ ༦༠༠༠ ལྷག་བཙོན་འཇུག་བྱས་ཡོད་པ། བཙོན་ཁང་དེའི་ནང་དུ་མིའི་ཕུང་བོ་མེར་བསྲགས་གཏོང་ས་ཞིག་ཀྱང་ཡོད་འདུག བཙོན་ཁང་དེར་འཁྲིད་ཟིན་པའི་བཙོན་པ་གཅིག་ཀྱང་གསོན་པོར་ཕྱིར་ལོག་མྱོང་མེད་པ་དང་། དེ་གར་བཙོན་པ་ཚོའི་ཁོག་པའི་དབང་བོ་ཚང་མ་བླངས་ནས་ཉོ་ཚོང་རྒྱག་གི་ཡོད་པ་མ་ཟད། དབང་བོ་བླངས་རྗེས་ཕུང་བོ་མེར་བསྲེགས་གཏོང་གི་འདུག ཅེས་སོགས་བརྗོད་ཡོད་པ་དང་། ཁོང་གིས་མུ་མཐུད་དུ། ཉེ་ཆར་ཧྲིན་ཡཱང་མཱ་སན་ཅཱ་དང་། ཏཱ་པེ་བཙོན་ཁང་གི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་བྱེད་མཁན་བཙོན་པ་ཚོའང་སུའུ་ཅ་ཊོན་དུ་གནས་སྤོར་བྱེད་བཞིན་པ་མ་ཟད། རྒྱ་ནག་ཤར་བྱང་ཞིང་ཆེན་གསུམ་གྱི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་བཙོན་པ་རྣམས་ཀྱང་སུའུ་ཅཱ་ཊོན་ལ་གནས་སྤོར་བྱེད་ཀྱི་འདུག ཅེས་སོགས་བརྗོད་འདུག

ལོ་དེའི་ཟླ་ ༣ བའི་ནང་བསླར་ཡང་རྒྱ་ནག་གཞུང་གིས་བཙོན་བའི་དབང་བོ་གསོན་ལེན་བྱེད་བཞིན་པའི་བདེན་པ་ར་སྤྲོད་བྱེད་མཁན་ཞིག་བྱུང་ཡོད་པ་དང་། ཁོ་མོའི་དངོས་མིང་བརྗོད་འདོད་མེད་པར་མིང་གཞན་ལ་ཨད་ཉེ་ (Anne)ཟེར་བ་ཞིག་གིས། ཁོ་མོའི་ཁྱོ་ག་སྔོན་མ་སྨན་པ་ཞིག་ཡིན་པ་དང་། ཁོ་རང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ ༢༠༠༠ ལྷག་གི་མིག་གསོན་ལེན་བྱས་མྱོང་ཚུལ་བརྗོད་ཡོད་འདུག ཨད་ཉེ་མོ་རང་ཡང་ཧྲིན་ཡཱང་ལའོ་ཉེན་སུའུ་ཅཱ་ཊོན་རྒྱ་ནུབ་ཟུང་འབྲེལ་སྨན་ཁང་ (沈阳辽宁苏家屯血栓中西医结合医院) གི་ཅ་དངོས་མཁོ་སྒྲུབ་བདག་ཉར་བ་ཡིན་པ་དང་། སྐབས་དེར་མོས་སྨན་ཁང་དེའི་ཉེ་འགྲམ་གྱི་ས་འོག་ཏུ་གཞི་རྒྱ་ཆེ་བའི་ཁང་པ་ཞིག་ཡོད་པ་དང་། ཁང་པ་དེའི་ནང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ ༦༠༠༠ ལྷག་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག དེའི་རྗེས་སྒོམ་སྒྲུབ་པ་ ༤༠༠༠ ཙམ་རྩ་མེད་བཟོས་ཡོད་ཀྱང་ད་དུང་བཙོན་པ་ ༢༠༠༠ ཙམ་ཤུལ་དུ་ཡོད་སྟབས། ཁོང་ཚོའི་ཚེ་སྲོག་བསྐྱབ་ཐུབ་ན་སྙམ་པའི་རེ་བའི་འོག་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་ཡིན་ཚུལ་བརྗོད་འདུག

༢༠༠༦ ལོར་རྒྱ་ནག་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ཏུ། རྒྱ་གཞུང་གིས་བཙོན་པ་ཚོའི་དབང་བོ་གསོན་ལེན་བྱེད་ཀྱིན་ཡོད་པའི་གླེང་སློང་ཤུགས་ཆེན་པོ་བྱུང་བ་དང་བསྟུན་ཏེ། ལོ་དེའི་ཕྱི་ཟླ་ ༣ བའི་ནང་རྒྱ་ནག་ཕྱི་འབྲེལ་འགྲིན་ཚབ་པ་ཆིན་ཀཱང་ (Qin Gang) གིས། “ ཀྲུང་གོས་བཙོན་པའི་དབང་བོ་གསོན་ལེན་བྱས་ཏེ་གཞན་ལ་སྤོ་འཛུགས་བྱེད་བཞིན་ཡོད་པའི་གླེང་གཞི་དེ་ནི་ཁུངས་ལུང་མེད་པའི་རྫུན་གཏམ་དང་། ཀྲུང་གོར་མི་དགའ་མཁན་ཚོས་ཆེད་དུ་བཟོས་པའི་འུར་སྒྲོག་ཅིག་རེད།”ཅེས་བརྗོད་འདུག

༢༠༠༦ ལོའི་ཟླ་ ༤ ཚེས་ ༡༠ ཉིན། རྒྱ་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གསར་འགྱུར་མགྲིན་ཚབ་པ་མའོ་ཆིན་ཨན་ (Mao Qun’an)གྱིས་ “སྐམ་ས་ཆེན་མོའི་དབང་བོ་ཡོང་ཁུངས་གཙོ་བོ་དེ་སྤྱི་དམངས་འདས་གྲངས་ཕྱིན་པ་ཚོས་རང་མོས་ཐོག་དབང་བོ་ཞལ་འདེབས་བརྒྱབ་པ་ཡིན།”ཞེས་བརྗོད་པ་དང་། ཟླ་དེའི་ཚེས་ ༡༡ ཉིན་མའོ་ཆིན་ཨན་གྱིས་ཡང་བསྐྱར་ “ཕྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གིས་སྲོག་ཆད་བཙོན་པ་ཚོའི་དབང་བོ་གསོན་ལེན་བྱེད་ཀྱིན་ཡོད་པའི་གནས་ཚུལ་ནི་རྒྱ་ནག་ལ་གནག་སེམས་འཆང་སྟེ་སྒྲུང་བཟོས་པ་ཞིག་དང་། དེའི་དམིགས་ཡུལ་རྒྱལ་ཁབ་ལ་ཁྲིམས་འཛིན་ལུགས་སྲོལ་མེད་ཚུལ་བསྒྲུབས་ཏེ་མང་ཚོགས་ལ་མགོ་སྐོར་གཏོང་ཐབས་བྱེད་ཀྱིན་ཡོད་པ་རེད། ” ཅེས་བརྗོད་འདུག

༢༠༠༦ ལོའི་ཟླ་ ༡༡ པའི་ནང་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ཧོང་ཅེད་ཧྥོ་ཡིས་རྒྱ་གཞུང་གིས་སྲོག་ཆད་བཙོན་པ་ཚོའི་དབང་བོ་གསོན་ལེན་བྱས་ཏེ། མི་གཞན་ལ་སྤོ་འཛུགས་བྱེད་བཞིན་ཡོད་པ་ངོས་ལེན་བྱས་ཡོད་པ་དང་། ༢༠༡༢ ལོར་ཧོང་ཅེད་ཧྥོ་ཡིས་རྒྱལ་སྤྱིའི་སྨན་རིག་དུས་དེབ་ (The Lancet) ཟེར་བའི་སྟེང་དབྱིན་ཇིའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། “རྒྱ་ནག་ནི་འཛམ་གླིང་སྟེང་ལམ་ལུགས་ལྟར་སྲོག་ཆད་བཙོན་པའི་དབང་བོ་སྤོ་འཛུགས་ལག་བསྟར་བྱེད་མཁན་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་དང་། སྲོག་ཆད་བཙོན་པ་ཚོའི་དབང་བོ་ནི་རྒྱ་ནག་གི་དབང་བོ་སྤོ་འཛུགས་ཀྱི་ཡོང་ཁུངས་གཙོ་བོ་ཆགས་ཡོད།” ཅེས་བརྗོད་འདུག

སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ཉིན། རྒྱ་ནག་སྨན་བའི་དབང་བོ་བརྗེ་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོང་ཅེད་ཧྥོ་ཡིས། རྒྱ་ནག་གི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ ༢༠༡༥ ལོའི་ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་སྲོག་ཆད་བཙོན་པ་ཚོའི་དབང་བོ་བེད་སྤྱོད་མཚམས་འཇོག་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་སྤྱི་དམངས་ཀྱིས་རང་མོས་ཐོག་དབང་བོ་ཞལ་འདེབས་སུ་ཕུལ་ཏེ་མི་གཞན་པའི་དབང་བོ་བརྗེ་སྤོར་གྱི་ལམ་ལུགས་ཐོག་འགྲོ་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

ཆུ་ཚོད་ ༢༣ སྔོན་ལ།
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    དབང་བོ་ལས། དབང་པོ་དག་པ་མིན་ནམ། ལགས། འཇིགས་རྒྱ་ལགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་ ཟླ་སྔོན་མའི་ཚེས་ ༢༠ ཉིན། རྒྱ་ནག་སོ་ཧོ་དྲ་བས་གནས་ཚུལ་སྤེལ་ལ་ལྟར་ན། ༢༠༠༩ ལོའི་སྔོན་ལ་རྒྱ་ནག་གི་དབང་བོ་བརྗེ་ལེན་ལས་དོན་ཁྲོད་ཀྱི་དབང་བོའི་ཡོང་ཁུངས་བརྒྱ་ཆ་ ༦༠ ཙམ་སྲོག་ཆད་བཙོན་བའི་དབང་བོ་ཡིན་པ་དང་། བརྒྱ་ཆ་ ༧ ཙམ་རང་འགུལ་གྱིས་ཞལ་འདེབས་བརྒྱབ་ཡོད་པ།
    བརྒྱ་ཆ་ ༢༨ ཙམ་དབང་བོ་གསོན་ལེན་བྱས་(འབྱུང་ཁུངས་གསལ་བོ་མེད་པ།)ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་འདུག ་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese