མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷོ་ཊའི་སྐད་ཡིག་རྒྱ་གར་རྩ་ཁྲིམས་ནང་ཚུད་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལ་དྭགས་རྒྱལ་ས་སླེ་རུ་སློབ་ཕྲུག་བདུན་སྟོང་ལྷག་གིས་བྷོ་ཊའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་བརྒྱད་པའི་ནང་ཚུད་དགོས་པའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཚེས་ ༡༤ ཉིན་ཏེ་རྒྱ་གར་གྱི་སློབ་དཔོན་བིམ་རེའོ་ཨམ་བེཌ་ཀར་(Dr.Bhim Rao Ambedkar)མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ་ལ་དྭགས་རྒྱལ་ས་སླེ་ནང་། སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་སློབ་ཕྲུག་བདུན་སྟོང་ལྷག་གིས་སླེའི་ངག་དབང་རྡོ་རྗེའི་སྟོབས་ལྡན་གྱི་དྲན་བརྟེན་སྐྱེད་ཚལ་ནས་སྤོ་ལོ་རྩེད་ཐང་བར། བྷོ་ཊའི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་བརྒྱད་པའི་ནང་ཚུད་དགོས་པའི་དགོས་འདུན་འོག རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག

ལས་འགུལ་དེའི་སྟེང་ལ་དྭགས་ནང་ཚོགས་ཀྱི་དབུ་འཛིན་སྐུ་ཞབས་ཚེ་དབང་འཕྲིན་ལས་ལགས་གཙོས་པའི་གནད་ཡོད་མི་སྣ་ཚོས་བྷོ་ཊའི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ནང་འཇོག་དགོས་པའི་སྐོར་སོགས་ལ་གཏམ་བཤད་གནང་ཡོད་འདུག

དེ་རིང་གི་ལས་འགུལ་སྟེང་སློབ་ཕྲུག་ཚོས་བོད་ཡིག་དང་དབྱིན་ཡིག་སྐད་ཡིག་གཉིས་ནང་ཕྲེད་དར་དང་འབོད་ཚིག་འདྲ་མིན་བསྒྲགས་ཡོད་པའི་ནང་། རྒྱ་གར་གྱིས་མི་རིགས་དབྱེ་འབྱེད་དང་སྐད་ཡིག་རྩིས་མེད་གཏོང་མི་རུང་ཟེར་བ་དང་། བྷོ་ཊའི་སྐད་ཡིག་ནི་ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་སྤྱིའི་སྲོག་གཙོ་ཡིན་ཟེར་བ། དེ་བཞིན། བྷོ་ཊའི་སྐད་ཡིག་ལ་དྭགས་ཀྱི་སྨ་ལྕེ་ཡིན། བྷོ་ཊའི་སྐད་ཡིག་ལ་དྭགས་ཀྱི་ངོ་རྟགས་ཡིན་ཟེར་བ་སོགས་འཁོད་ཡོད་འདུག

དེ་རིང་གི་ལས་འགུལ་དང་བསྟུན་ཏེ་སློབ་ཕྲུག་ ༢༠༠༠ ལྷག་གིས་བྷོ་ཊའི་སྐད་ཡིག་ཐོག་རྩོམ་ཡིག་འགྲན་བསྡུར་ཞིག་མགོ་འཛུགས་གནང་ཡོད་ཅིང་། རྩོམ་ཡིག་འགྲན་བསྡུར་གྱི་གྲུབ་འབྲས་དེ་བཞི་པའི་བཅོ་ལྔའི་ཉིན་གསལ་བསྒྲགས་དང་ཨང་ཐོབ་རྣམས་ལ་བྱ་དགའ་སྩོལ་རྒྱུ་ཡིན་འདུག

ལས་འགུལ་སྟེང་ལ་དྭགས་གཞོན་ནུའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་རྣམ་རྒྱལ་ལགས་ཀྱིས། སློབ་དོན་ཨམ་བེཌ་ཀར་གྱི་འཁྲུངས་སྐར་སྲུང་གཙི་གནང་དགོས་དོན་ནི། རྒྱ་གར་ནང་མི་རིགས་དབྱེ་འབྱེད་མི་བྱེད་པར་ཐོབ་ཐང་དང་བརྩི་བཀུར་འདྲ་མཉམ་ཡོད་དགོས་པ་དང་། ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཡོངས་ལ་བྷོ་ཊའི་སྐད་ཡིག་གལ་ཆེན་ཆགས་ཡོད་སྐོར་སོགས་བརྗོད་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཐོག་བོད་ཀྱི་བླ་ཆེན་དང་མཁན་པོ་ཁག་ཅིག་ཕེབས་ཐུབ་མི་འདུག

ཆུ་ཚོད་ ༡༡ སྔོན་ལ།
Front Slider

In Conversation with Manuel Bauer — Photographer of His Holiness the Dalai Lama

༢༠༢༥/༠༩/༢༧
དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།
Mobile App

དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།

༢༠༢༥/༠༩/༢༦
“Wo La So” | Tenzin Choegyal with Camerata – Queensland’s Chamber Orchestra. Online Photo
Mobile App

བསྟན་འཛིན་ཆོས་རྒྱལ་གྱི་ཁ་བའི་མེ་ཏོག་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད།

༢༠༢༥/༠༩/༢༦
Representative Image
Mobile App

རྒྱ་གར་གཞུང་གིས་འཕགས་བོད་མཐའ་མཚམས་སུ་ཆུ་རགས་ཆེ་ཤོས་ཤིག་གསར་རྒྱག་གནང་འཆར་འདུག

༢༠༢༥/༠༩/༢༦
ཟླ་འདིའི་ཕྱི་ཚེས་ ༨ ནས་ཕྱི་ཟླ་ ༡༠ པའི་ཚེས་ ༨ བར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཐེངས་ ༦༠ པ་འཚོག་བཞིན་པ།
Mobile App

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་རྒྱལ་ཁབ་བཅུ་གྲངས་ཤིག་གི་འཐུས་མིས་བོད་དོན་གླེང་སློང་གནང་། 

༢༠༢༥/༠༩/༢༥

མཆན། 2

  1. ཁྱམས་འཇུགས་ says:
    ལོ་ 10 སྔོན།

    ལ་དྭགས་པ་ཚོས་ཅི་ཧ་གོ་གི་མ་རེད་
    རྒྱ་གར་གྱིས་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་
    བར་རྒྱལ་ཁབ་གནས་རྒྱུར་དམིགས་ཡུལ་
    ལས་རྒྱ་དཀར་གཉིས་ཀྱིས་དུམ་བུ་བགོས་ཏེ་
    ཟ་རྒྱུ་དམིགས་ཡུལ་མེད་ཙང་བོད་ཡིག་རྩ་ཁྲིམས་ནང་
    མ་བཞག་པ་རེད་རྒྱ་གར་ལ་ལ་དྭགས་མོན་པ་
    ཚ་ོ་ལས་འདབ་ཁྲི་སྟོང་མང་པོ་ཕུགས་བསམ་ཆེ་ཡོད་རེད་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་་་་་ དེ་རིང་གི་ལས་འགུལ་སྟེང་སློབ་ཕྲུག་ཚོས་བོད་ཡིག་དང་དབྱིན་ཡིག་སྐད་ཡིག་གཉིས་ནང་ཕྲེད་དར་དང་འབོད་ཚིག་འདྲ་མིན་བསྒྲགས་ཡོད་པའི་ནང་།
    རྒྱ་གར་གྱིས་མི་རིགས་དབྱེ་འབྱེད་དང་སྐད་ཡིག་རྩིས་མེད་གཏོང་མི་རུང་ཟེར་བ་དང་། བྷོ་ཊའི་སྐད་ཡིག་ནི་ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་སྤྱིའི་སྲོག་གཙོ་ཡིན་ཟེར་བ།

    དེ་བཞིན། བྷོ་ཊའི་སྐད་ཡིག་ལ་དྭགས་ཀྱི་སྨ་ལྕེ་ཡིན། བྷོ་ཊའི་སྐད་ཡིག་ལ་དྭགས་ཀྱི་ངོ་རྟགས་ཡིན་ཟེར་བ་སོགས་འཁོད་ཡོད་འདུག ་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese