མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་དར་གོས་ལམ་བུ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

 བདུན་ཕྲག་རྗེས་མའི་ནང་ཞི་ཅིན་ཕིན་པ་ཀི་སི་ཐན་ནང་སྐོར་སྐྱོད་བྱས་ཏེ་ཚོང་དོན་དང་དམག་དོན་གྲོས་མཐུན་ཁག་གཅིག་འཇོག་རྒྱུ་ཡིན་འདུག

ཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༢༠ དང་ ༢༡ བཅས་ཉིན་གཉིས་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་པ་ཀི་སི་ཐན་ནང་སྐོར་སྐྱོད་དང་འབྲེལ། སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཐུག་སྟེ་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༤༦ ལྷག་གི་ཚོང་དོན་དང་དམག་དོན་གྲོས་མཐུན་ཁག་གཅིག་འཇོག་རྒྱུ་ཡིན་འདུག

པ་ཀི་སི་ཐན་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་དུས་བབ་ཐོག “ད་ཐེངས་མཐུན་གྲོགས་རྒྱལ་ཁབ་གཉིས་བར་གཞུང་ལམ་དང་མེ་འཁོར་ལྕགས་ལམ། གློག་ཤུགས་མཁོ་འདོན་བཅས་ཀྱི་ཐོག་གྲོས་མཐུན་བཞག་སྟེ། ཨི་རག་བྷེན་མཚོ་ཐོག་གི་པ་ཀི་སི་ཐན་གྱི་གྷོ་ཝ་ཌར་གྲུ་ཁ་ (Gwadar port) དང་རྒྱ་ནག་ཤིན་ཅང་གི་གྲུ་ཁ་གཉིས་མཐུད་ནས་དཀྱིལ་ཤར་ཡུལ་གྲུ་ཁག་ནས་རྒྱ་ནག་ནང་རྡོ་སྣུམ་ནང་འདྲེན་དང་། པ་ཀི་སི་ཐན་གྱིས་ཨ་སྒོར་ཐེར་འབུམ་ ༤ ལྷག་སྤྲད་ནས་རྒྱ་ནག་གི་མཚོ་དམག་བྱིངས་གྲུ་ ༨ ཙམ་ཉོ་རྒྱུའི་འཆར་གཞི་ཡོད། ” ཅེས་དང་། པ་ཀི་སི་ཐན་གྲོས་ཚོགས་འོག་མའི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་མུ་ཤཱ་ཧེ་ཌི་ (Mushahid Hussain Sayed) ཡིས། “རྒྱ་ནག་གཞུང་གིས་པ་ཀི་སི་ཐན་མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་བརྩི་བཞིན་ཡོད་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་བྱས་ནས་གཉིས་ཕན་མཉམ་རྒྱལ་ཡོང་ཐབས་ལ་ཤུགས་སྣོན་རྒྱག་གི་ཡོད་སྟབས། ཨ་རི་དང་རྒྱལ་ཁབ་གཞན་གྱིས་ཚབ་ནམ་ཡང་བྱེད་ཐུབ་ཀྱི་མ་རེད།”ཅེས་བརྗོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན་དཔལ་འབྱོར་དུས་བབ་དང་ཨ་རིའི་ (The Wall Street Journal) ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ༢༠༠༩ ལོར་ཨ་རིས་ཁེད་རི་ལུ་ཎར་བྷར་མན་བཅའ་ཡིག (Kerry-Lugar-Berman Act) ཅེས་པའི་འོག ༢༠༡༠ ནས་ ༢༠༡༤ ལོའི་བར་ལོ་རེར་པ་ཀི་སི་ཐན་ལ་ཨ་སྒོར་ཐེར་འབུམ་ ༥ ཡི་རོགས་དངུལ་སྤྲད་དེ། གཞུང་ལམ་གསར་རྒྱག་དང་འཛུགས་སྐྲུན་ལས་གཞི་ཁག་འཕེལ་རྒྱས་བཏང་ཡོད་ཀྱང་། ༢༠༠༧ ལོ་ནས་བཟུང་པ་ཀི་སི་ཐན་དང་རྒྱ་ནག་བར་ཚོང་དོན་འབྲེལ་ལམ་སྔར་ལྷག་ཆེ་རུ་ཕྱིན་ཏེ། ལོ་རེར་ཨ་སྒོར་ཐེར་འབུམ་ ༡༠ ལྷག་གི་ཚོང་འབྲེལ་བྱེད་བཞིན་ཡོད། ཉེ་སྔོན་ནས་བཟུང་ཨ་རིས་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཁོངས་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་སྟབས། པ་ཀི་སི་ཐན་གྱིས་ཀྱང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་གར་ལ་ཐོབ་ཐང་དེ་སྤྲོད་རྒྱུར་དགག་པ་རྒྱག་བཞིན་ཡོད་འདུག

༼རྒྱ་ནག་དང་པ་ཀི་སི་ཐན་གྱི་འབྲེལ་ལམ། ཨེ་ཤ་ཡའི་ཡུལ་བབ་སྲིད་ཇུས་གསར་པ།༽ཞེས་པའི་དཔེ་དེབ་ལྗགས་རྩོམ་གནང་མཁན་ཨན་ཌོར་ (Andrew Small) ལགས་ཀྱིས་ཨ་རིའི་ (The Wall Street Journal) ཐོག “རྒྱ་ནག་གཞུང་གིས་དེ་སྔོན་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་པ་ཀི་སི་ཐན་ལ་ཁྱབ་རྒྱ་ཆེ་བའི་རོགས་རམ་སྤྲད་མེད་པ་དག་ལ་ཡ་ལན་སློག་ཆེད། ད་ཐེངས་གཞལ་དུ་མེད་པའི་གས་ཐོར་ཆེན་པོ་ (big-bang) བྱུང་བ་ལྟར་གྱི་རོགས་རམ་དང་ཚོང་དོན་གྲོས་མཐུན་འཇོག་རྒྱུ་ཐག་གཅོད་བྱས་པ་དེ་ནི། རྒྱལ་ཁབ་གཞན་ལ་ཁ་གཏད་གཅག་པ་ཞིག་རེད” ཅེས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡིས། “འཁོར་ཐག་ཅིག་དང་གཞུང་ལམ་གཅིག་ཟེར་བའི་དཔལ་འབྱོར་མཉམ་འབྲེལ་སྲིད་ཇུས་འདིས་རྒྱལ་ཁབ་ཚང་མར་ཕན་ཐོགས་བསྐྲུན་གྱི་ཡོད་ན། རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་མཉམ་ལས་ལམ་བུ་འདི་ནི་མཉམ་སྤྱོད་མཉམ་རྒྱལ་གྱི་གར་སྟེགས་ཐོག་མ་དེ་ཆགས་རྒྱུ་རེད།”ཅེས་བརྗོད་འདུག

མིང་བརྗོད་མེད་པའི་པ་ཀི་སི་ཐན་བདེ་སྲུང་མི་སྣ་ཞིག་གིས་རྒྱ་གར་བང་ཆེན་ཐོག ད་ལྟ་རྒྱ་ནག་གཞུང་གིས་རྒྱ་མཚོའི་འདབས་འབྲེལ་གྱི་དར་གོས་ལམ་བུ་གསར་བཟོ་བྱས་ཏེ། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ཁག་དང་མཐུད་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། ད་ཐེངས་ཞི་ཕིན་ཕིན་པ་ཀི་སི་ཐན་ནང་ཡོང་ནས་ལམ་ཁ་དེ་བཟོ་རྒྱུ་རེད། ཅེས་དང་། ཨ་རིའི་ཇོན་ཧོག་ཀིང་གཙུག་ལག་སློབ་ཆེན་གྱི་དབུས་ཨེ་ཤ་ཡའི་གནད་དོན་ཆེད་མཁས་པ་ཕེར་ཌི་རེག་ (Frederick Starr) གིས། པ་ཀི་སི་ཐན་དང་རྒྱ་ནག་གི་དཔལ་འབྱོར་མཉམ་འབྲེལ་ལམ་བུ་འདིས་དབུས་ཨེ་ཤ་ཡ་དང་ཁཱོ་ཀཱ་སུ་ (Caucasus) མངའ་ཁུལ་བརྒྱུད་རྒྱ་ནག་དང་ཡུ་རོབ་མཐུད་རྒྱུ་མ་ཟད། རྒྱ་གར་དང་པ་ཀི་སི་ཐན་ཡང་མཐུད་རྒྱུ་ཡིན་སྟབས། ལོ་ ༣༠ རྗེས་རྒྱ་ནག་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

སྐར་མ ༢༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

སྐར་མ ༥༩ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་་་ རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་པ་ཀི་སི་ཐན་ནང་སྐོར་སྐྱོད་དང་འབྲེལ། སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཐུག་སྟེ་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༤༦ ལྷག་གི་ཚོང་དོན་དང་དམག་དོན་གྲོས་མཐུན་ཁག་གཅིག་འཇོག་རྒྱུ་ཡིན་འདུག ་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese