མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་མུ་མཐུད་ཉི་ཧོང་ལ་སྲུང་སྐྱོབ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཨ་རིའི་ནང་སྐོར་སྐྱོད་དང་འབྲེལ་ཏེ་ཨ་རིའི་གྲོས་ཚོགས་ནང་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་རྐྱེན་འདས་སུ་སོང་བའི་ཨ་རིའི་དམག་མི་རྣམས་ལ་མྱ་ངན་ཞུས་ཡོད་འདུག

ཁ་སང་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིའི་དམག་མི་འདས་གྲོངས་སོང་པ་རྣམས་ལ་ལོ་རྒྱུས་རང་བཞིན་གྱི་ཐུགས་གསོ་གནང་ཡོད་ཀྱང་། ཁོང་གིས་འཐབ་འཁྲུག་ཁྲོད་ཨེ་ཤ་ཡའི་ལྷོ་ཀོ་རི་ཡ་དང་རྒྱ་ནག་སོགས་ཀྱི་བུད་མེད་མནར་གཅོད་མྱངས་མཁན་རྣམས་ལ་ཐུགས་གསོ་བྱས་མེད་པའི་ཐད་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད་འདུག

ཉེ་ཆར་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཨ་རིར་སྐོར་སྐྱོད་བྱེད་དོན་གཙོ་བོ་དེ་ཞི་བདེ་རྒྱ་མཚོའི་ཚོང་འབྲེལ་འཕེལ་རྒྱས་ཀྱི་གྲོས་མོལ་ཆེད་ཡིན་པ་དང་། ད་དུང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཁོང་གཉིས་ཀྱིས་དམག་དོན་མཉམ་ལས་ཀྱི་རྩ་འཛིན་གསར་བ་ཞིག་མོས་མཐུད་བྱས་ཡོད་པའི་ནང་། ཨ་རིའི་ཉི་ཧོང་གི་སྲུང་སྐྱོབ་ཐད་མི་མཐུན་འགན་འཁུར་རྒྱུ་དང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་དང་ཉི་ཧོང་དང་རྒྱ་ནག་གི་རྩོད་གཞིའི་འོག་ཡོད་པའི་ Senkakus གླིང་ཕྲན་བཅས་སུ་ཨ་རིས་སྲུང་སྐྱོབ་རོགས་འདེགས་བྱེད་རྒྱུ་སོགས་ཡིན་འདུག

ཁ་སང་བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་འཁྲུག་ཆེན་གཉིས་པ་དྲན་གསོ་ཉིན་མོ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་བསྐོངས་སྐབས། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་འཐབ་འཁྲུག་ཁྲོད་ཚེ་སྲོག་ཤོར་བའི་ཨ་ རིའི་དམག་མི་ ༤༠༠༠༠༠ རྣམས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུས་ཡོད་པ་དང་། ཁོང་གིས། “ངའི་སྙིང་ཉེ་བའི་གྲོགས་པོ་རྣམས། ངས་ཉི་ཧོང་དང་ཉི་ཧོང་གི་མི་དམངས་ཚོའི་ཚབ་བྱས་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད་ཚེ་སྲོག་ཤོར་བའི་ཨ་རིའི་དམག་མི་རྣམས་ཀྱི་བླ་སྲོག་ལ་ངས་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་གསོ་བྱེད་བཞིན་ཡོད།” ཅེས་བརྗོད་ཡོད་འདུག

ཝ་ཤིན་ཊོན་གྱིས་གནས་ཚུལ་སྤེལ་པ་ལྟར་ན། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲུལ་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙིའི་སྟེང་ཨ་རིའི་གྲོས་ཚོགས་ཀྱིས་ནན་སྐུལ་བྱས་ཏེ་གླེང་དགོས་པ་ཞིག་ནི། ཉི་ཧོང་གི་དམག་མིས་ཨེ་ཤ་ཡའི་བུད་མེད་སྟོང་ཕྲག་མང་པོར་བཙན་གཡེམ་བྱས་པ་དེ་ཡིན་པ་དང་། དེ་ནི་ཨ་རིའི་ཐུན་གྲོགས་རྒྱལ་ཁབ་ལྷོ་ཀོ་རི་ཡའི་ན་ཟུག་ཆེ་ཤོས་ཤིག་ཡིན་ཡང་། ད་རེབ་ཉི་ཧོང་སྲིད་བློན་གྱིས་གནད་དོན་དེར་གཡོལ་ཐབས་བྱས་ཡོད་འདུག ཁོང་གིས། “དམག་འཁྲུག་ལ་སེམས་གཏིང་ནས་གནོང་འགྱོད་བྱེད་ཀྱིན་ཡོད།” ཅེས་དང་། “ང་ཚོའི་བྱ་སྤྱོད་ཀྱིས་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་མི་རྣམས་ལ་སྡུག་བསྔལ་བསྐྲུན་ཡོད་ཀྱང་ང་ཚོས་དུས་ནམ་ཡང་ཕྱོགས་གཅིག་ལ་བལྟས་ན་འགྲིག་གི་མེད།” ཅེས་བརྗོད་འདུག

ལྷོ་ཀོ་རི་ཡའི་མནར་གཅོད་མྱངས་པའི་བུད་མེད་ ༥༣ ཡོད་པའི་ཁྲོད་ཀྱི་གཅིག་ད་ལྟ་ལོ་ན་ ༨༣ ཡིན་པའི་ཡོན་སོན་ལེ་ (Yong Soo-lee) འཁོར་ལོའི་རྐུབ་སྟེགས་སུ་བསྡད་དེ་ཚོགས་ཞུགས་བྱས་ཡོད་པ་དང་། ཁོ་མོ་ནི་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མཱ་ཁེ་ཧོན་དྷ་ (Mike Honda) ཡིས་གདན་འདྲེན་བྱས་ཡོད་པ་དང་། ཁོ་མོས་ “ སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་ཁོའི་སྲིད་གཞུང་གི་འགན་ཁུར་ཏེ་ཉི་ཧོང་གོང་མའི་དམག་མིས་བུད་མེད་ཚོར་མནར་གཅོད་བཏང་བར་ཐུགས་གསོ་མ་བྱས་པ་དེ་ནི་ངོ་གནོང་དགོས་པ་ཞིག་དང་ཧ་ལས་དགོས་པ་ཞིག་རེད།” ཅེས་བརྗོད་འདུག

ཞི་བདེ་རྒྱ་མཚོའི་ཚོང་འབྲེལ་གླེང་མོལ་བྱེད་སྐབས། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར། ཞི་བདེ་རྒྱ་མཚོའི་ཚོང་འབྲེལ་འཕེལ་རྒྱས་ཀྱི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པ་ནི་བུ་རབས་ཚ་རྒྱུད་ཀྱི་སླད་དུ་ཡིན་པ་དང་། ཞི་བདེ་རྒྱ་མཚོའི་ཚོང་འབྲེལ་འཕེལ་རྒྱས་ཀྱི་གྲོས་མོལ་ནི་རྒྱལ་ཁབ་ ༡༢ ཡི་གུ་ཡངས་ཚོང་ར་ཡིན་པ་དང་། ཨ་རི་དང་ཉི་ཧོང་གཉིས་ནི་དེའི་ཁྲོད་ཀྱི་རྒྱལ་ཁབ་གཙོ་བོ་ཡིན་ལ། གྲོས་མོལ་འདི་ནི་ཁྲིམས་ལུགས་དང་དམངས་གཙོ། རང་དབང་སོགས་ཀྱི་རིན་ཐང་གོང་སྤེལ་གྱི་ལམ་བུ་གཙོ་བོ་ཞིག་ཡིན་ཚུལ་སོགས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese