མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ལས་བྱེད་ ༤༠ ཙམ་དགོས་ཀྱི་ཡོད་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ནང་ཡིག་རྒྱུགས་གཏོང་རྒྱུའི་སྔོན་འགྲོའི་ཟབ་སྦྱོང་དེ་མགོ་འཛུགས་གནང་ཡོད་་པ་དང་། ད་ལོ་ཟབ་སྦྱོང་བ་ཙམ་མིན་པར་སྲི་ཞུ་ལས་བྱེད་དང་ཕྱི་ལོགས་ནས་ཕེབས་མཁན་བཅས་ལ་གོ་སྐབས་གཅིག་མཚུངས་སྤྲོད་རྒྱུ་ཡིན་འདུག

གཟའ་པ་སངས་ཉིན་ནས་བཟུང་དྷ་རམ་ས་ལའི་ཉེ་འཁྲིས་དབུས་སྣེ་ལེན་ཁང་དུ། བོད་མིའི་སྒྲིག་འཛུགས་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་ཞུས་པའི་ཟླ་གཉིས་ལྷག་རིང་གི་ལས་བྱེད་དམིགས་སྒོའི་ཟབ་སྦྱོང་སྐབས་གསུམ་པ་དེ་དབུ་འཛུགས་གནང་ཡོད་ཅིང་། ཟབ་སྦྱོང་དབུ་འབྱེད་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནང་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་སྟེང་འཛུལ་ཞུགས་གནང་མཁན་སློབ་མ་ ༤༠ བྱུང་ཡོད་འདུག

ཟབ་སྦྱོང་སྐབས་དང་པོ་གཉིས་པ་དེ་དུས་ཡུན་ཟླ་དྲུག་ཡིན་ཡང་། ཐེངས་འདིར་དུས་ཡུན་ཟླ་བ་གཉིས་དང་ཕྱེད་ཙམ་ཡིན་འདུག་ལ། ལས་བྱེད་ཀྱི་ས་མིག་ཐོག་དངོས་སུ་ཡིག་རྒྱུགས་གཏོང་སྐབས། ཐེངས་འདིའི་ཟབ་སྦྱོང་ནང་ཞུགས་མཁན་ཙམ་མིན་པར། གཞུང་ཞབས་ལས་བྱེད་ཁྲོད་ནས་མཐོ་བོར་འགྲོ་འདོད་མཁན་དང་། ཕྱི་ལོགས་ནས་ཐད་ཀར་ཡིག་རྒྱུགས་ནང་ཞུགས་མཁན་སོགས་ལ་འདྲ་མཉམ་གྱི་གོ་སྐབས་སྤྲོད་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་མི་འགྱུར་རྡོར་རྗེ་ལགས་སུ་ད་རེབ་ཀྱི་ཟབ་སྦྱོང་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས་འདི་ལྟར་གསུངས་བྱུང་། བཀའ་ཤག་ནས་ད་རེབ་ང་ཚོས་ཟབ་སྦྱོང་འདི་འདྲ་ཞིག་གནང་དགོས་འདུག་ཅེས་རེ་འདུན་བཏོན་གནང་བ་རེད། རྩ་བའི་དེའི་ཐོག་ལ་འགྲོ་སོང་ཡོངས་རྫོགས་འཛིན་སྐྱོང་གིས་གནང་གི་ཡོད་ཀྱང་། གོ་སྒྲིག་བྱ་རྒྱུ་དེ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བྱེད་དགོས་ཀྱི་ཡོད་སྟབས་གོ་སྒྲིག་ཞུས་པ་རེད། བཀའ་ཤག་གི་ངོས་ནས་ང་ཚོར་ག་རེ་གསུངས་ཡོད་པ་རེད་ཟེར་ན། ད་རེབ་མི་ ༤༠ ཐམ་པའི་དམིགས་སྒོ་ཡོད་པ་དེ་ནས་ ༡༠ ཅིག་བལ་ཡུལ་རང་ལ་ཟུར་ཆད་གནང་རོགས་གནང་གསུངས་ཡོད་སྟབས། ང་ཚོས་དེ་བཞིན་དུ་གསལ་བསྒྲགས་བཏང་ཡོད་ཀྱང་ཡིད་སྐྱོ་པ་ཞིག་ལ་བལ་ཡུལ་ནས་བུ་གཅིག་དང་བུ་མོ་གཅིག་མ་གཏོགས་རག་ཡོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ལ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་གཞི་རིམ་གྱི་སྲིད་བྱུས་ཤིག་ཡོད་པ་ལྟར། ད་རེབ་ལས་བྱེད་དམིགས་བསྐོའི་ཟབ་སྦྱོང་ནང་དུའང་བུ་ལས་བུ་མོ་མང་བ་འདུག ཅེས་གསུངས་བྱུང་།

ཁོང་ལ་ཟབ་སྦྱོང་སྐབས་སློབ་ཁྲིད་ཀྱི་སྒྲོམ་གཞི་གང་དག་འཆར་འགོད་བྱས་ཡོད་མེད་དྲིས་པར་ཁོང་གིས། ཁོང་ཚོར་བསླབ་གཞིའི་ཐད་ནས་བོད་མིའི་སྒྲིག་འཛུགས་ལ་ག་རེ་མཁོ་བ་དེ་གཙོར་འདོན་བྱས་ཏེ་བཞག་ཡོད་པ་རེད། རྩ་བའི་ལས་བྱེད་ནང་འཛུལ་འདོད་ཡོད་མཁན་ཁོང་རྣམས་ཀྱིས་མཐོ་སློབ་ཁག་ནས་སློབ་སྦྱོང་ཚད་མཐོ་བོ་བྱས་བཞག་པ་རྐྱང་ཡིན་སྟབས་གཞི་རིམ་གྱི་སློབ་སྦྱོང་སྤྲོད་དགོས་དོན་མེད་ཀྱང་། ལས་ཀ་དངོས་ལ་ཞུགས་སྐབས། བོད་མི་ནང་ཁུལ་གྱི་ནང་མའི་གན་རྒྱ་ཞིག་འཇོག་དགོས་ན་བོད་ཡིག་ནང་ཇི་ལྟར་འབྲི་དགོས་པ་དང་། ལས་ཁུངས་ཕན་ཚུན་ཡི་གེ་གཏོང་སྐབས་གང་འདྲ་བྱས་ནས་འབྲི་དགོས་པ་སོགས་ཡིག་བསྐུར་རྣམ་གཞག་དག་སློབ་ཁྲིད་བྱ་རྒྱུ་དང་། དེ་བཞིན། བླ་མ་ཞིག་ལ་སྐྱབས་ཞུ་རིགས་གང་འདྲ་བྱས་ནས་འབྲི་དགོས་པ་དང་། མཛད་སྒོ་རིགས་ལ་མགྲོན་ཤོག་ཅིག་འཕུལ་དགོས་ན་ཇི་ལྟར་འབྲི་དགོས་པ་སོགས་སློབ་ཁྲིད་བྱ་རྒྱུ་རེད། དེ་བཞིན། དབྱིན་ཡིག་ལ་ཆ་བཞག་ན། དེ་རིང་བཀའ་བློན་བྱེ་བྲག་པ་ཞིག་གིས་གཏམ་བཤད་ཅིག་གནང་དགོས་ལབ་སྟེ། དེའི་མ་ཟིན་ཞིག་རྒྱོབས་ཤོག་གསུང་སྐབས་ཇི་ལྟར་འབྲི་དགོས་པ་དང་། འཆར་གཞི་ཁག་ལ་སྙན་ཐོ་འབྲི་རྒྱུ་དང་འཆར་གཞི་བཟོ་རྒྱུ་སོགས་སློབ་ཁྲིད་བྱ་རྒྱུ་མ་ཟད། ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་སྒྲིག་གཞི་ཁག ལྷག་པར་དུ་ལས་བྱེད་པའི་བླང་དོར་དང་ལས་འགན། ཀུན་སློང་འཁུར་ཕྱོགས། གཞི་རྩའི་རྩིས་ཀྱི་འགྲོ་སྟངས་སོགས་ཀྱི་ཐོག་སློབ་ཁྲིད་བྱ་རྒྱུ་རེད། ཅེས་གསུངས་བྱུང་།

གསར་འགོད་པས་ཁོང་ལ་དེ་སྔོན་ཟབ་སྦྱོང་ཟླ་དྲུག་ཙམ་རིང་སྤྲོད་ཀྱི་ཡོད་ཀྱང་། ཐེངས་འདིར་ཟླ་གཉིས་ལྷག་ལས་མེད་དོན་གང་ཡིན་སྐོར་དྲིས་པར་ཁོང་གིས། སྐབས་སྔོན་མ་དག་ལ་ང་རང་རྒྱུས་མངའ་ཆེན་པོ་མེད་ཀྱང་། སྙན་ངག་དང་སུམ་རྟགས་སོགས་གཏིང་ཟབ་པོ་སློབ་ཁྲིད་བྱ་རྒྱུར་དགོངས་པ་བཞེས་པ་ཡིན་སྲིད་པ་རེད། ཟབ་སྦྱོང་དེ་ཟླ་གསུམ་བཞི་རྒྱུན་རིང་པོ་བྱས་ན་དོན་དག་ཐོག་ལ་ག་ཚོད་ཅིག་འབབ་ཀྱི་ཡོད་མེད་དང་། དུས་ཚོད་ཐུང་ཐུང་ནང་ཚ་ཚ་འུར་འུར་གྱིས་གནད་དོན་ཚང་མའི་ཐོག་ལ་ཤེས་རྟོགས་ཐུབ་པ་དང་། བསམ་བློའི་ནང་གོ་རྟོགས་སླེབ་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་པོར་མཐོང་སྟེ་དུས་ཡུན་ཐུང་དུ་བཏང་བ་རེད། ཅེས་གསུངས་བྱུང་།

གསར་འགོད་པས་ཁོང་ལ་སྔོན་མ་ཡིན་ན་ལས་བྱེད་དམིགས་སྒོའི་ཟབ་སྦྱོང་ནང་འཛུལ་བཞུགས་བྱེད་མཁན་དང་སྙན་ཞུ་འབུལ་མཁན་ལ་མ་གཏོགས་དངོས་གཞིའི་ལས་བྱེད་ཀྱི་ཡིག་རྒྱུགས་ཁོངས་བཞུགས་ཆོག་གི་མེད་པ་མ་ཟད། ཟབ་སྦྱོང་ནང་འཛུལ་བཞུགས་གནང་མཁན་ཚོར་དངོས་གཞིའི་ཡིག་རྒྱུགས་ཁྲོད་ཕྱོགས་བསྡོམས་སྐར་གྲངས་གང་ཐོབ་ཐོག་སྐར་གྲངས་ ༣ ནས་ ༡༠ བར་བསྣན་སྲོལ་ཞིག་བྱུང་ཡོད་པས། ཐེངས་འདིར་བསྒྱུར་བཅོས་གང་གནང་ཡོད་དྲིས་པར་ཁོང་གིས། ཟབ་སྦྱོང་འདི་ནི་ལས་བྱེད་དམིགས་སྒོའི་ཟབ་སྦྱོང་ཡིན་པ་ལས་ཁོ་ཚོ་ལས་བྱེད་དམིགས་སྒོའི་ཐོག་བཞག་པ་ཡིན་ཟེར་ནས་གང་ཡང་ལབ་ཡོད་པ་མ་རེད། འོན་ཀྱང་ཁ་སང་སྲིད་སྐྱོང་མཆོག་གིས་ལས་བྱེད་ ༤༠ ཙམ་དགོས་ཀྱི་ཡོད་གསུངས་སོང་། ང་རང་ཚོའི་ཡིག་ལམ་ཐོག་ལ་ལས་བྱེད་ ༢༤ དགོས་ཀྱི་ཡོད་པ་རེད། ད་ལྟ་བཀའ་ཤག་གིས་དེའི་ཐོག་ལས་བྱེད་ ༡༦ ཁ་སྣོན་གྱིས་ལས་བྱེད་ ༤༠ འདེམས་སྒྲུག་གནང་རྒྱུའི་དགོངས་པ་འདུག ཡིན་ནའང་མ་འོངས་པར་དངོས་གཞིའི་ཡིག་ཚད་དེ་ཚང་མར་གོ་སྐབས་སྤྲོད་རྒྱུ་རེད། ད་ཡོད་ལས་བྱེད་ནང་གནས་རིམ་མཐོ་བོར་ཡིག་ཚད་གཏོང་འདོད་མཁན་ཡོད་པ་རེད་ལ། ཕྱི་ལོགས་ནས་ཐད་ཀར་ཡིག་ཚད་ནང་ཞུགས་མཁན་ཡང་ཡོང་གི་རེད་བམས་གྱི་འདུག དེ་དག་ལ་གོ་སྐབས་མ་སྤྲད་ན་དྲང་བདེན་ཆགས་ཀྱི་མེད་པ་མ་ཟད་བཟང་སྤྱོད་ཐོག་ནས་ཀྱང་འགྲིག་གི་མེད་སྟབས། ཐེངས་འདིའི་ཟབ་སྦྱོང་ནང་ཞུགས་མཁན་ཚོར་དམིགས་བསལ་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཟབ་སྦྱོང་དབུ་འབྱེད་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་སྔོན་ཟབ་སྦྱོང་ཐེངས་དང་པོ་དང་གཉིས་པའི་སྐབས་གནས་ཚུལ་རེ་གཉིས་བྱུང་ཡོད་པ་རེད། དགེ་རྒན་གྱི་ཟབ་ཁྲིད་སྐབས་སློབ་མ་རེ་ཟུང་གིས་སོ་སོའི་ལག་ཐོགས་ཁ་པར་སྔོག་བསྡད་པའི་འདྲ་པར་དྲ་ལམ་དུ་ཁྱབ་པ་དང་། སྲི་ཞུ་བ་ཁག་གཅིག་མཚན་མོ་འཕྱི་པོར་ཉལ་ཁང་ནང་ལོག་པའི་གནས་ཚུལ་དེ་འདྲ་བྱུང་ཡོད་སྟབས། ཁྱེད་རང་ཚོར་ཡང་ལས་བྱེད་མ་ཆགས་གོང་ལ་མིང་ཆལ་ཡོང་རྒྱུའི་ཉེན་ཁ་ཡོད། གཞི་རྩའི་སྲི་ཞུ་བ་ཚོར་མི་མང་གིས་སྐྱོན་བརྗོད་བྱེད་དགོས་དོན་ནི། མི་མང་གིས་སྲི་ཞུ་བར་ཡིད་ཆེས་དང་རེ་བ། རྒྱབ་སྐྱོར་དང་ཤ་ཞེན་ཆེན་པོ་བྱེད་ཀྱིན་ཡོད་པའི་རྟགས་རེད། ད་རེས་ཁྱེད་རང་ཚོས་སློབ་སྦྱོང་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལས་བྱེད་འདེམས་ལྷན་ནས་རྣམ་པ་ཚོར་ཟབ་སྦྱོང་སྤྲོད་ཆེད་བཀའ་ཤག་ལ་སྒོར་འབུམ་ ༡༡ གི་སྔོན་རྩིས་བཀའ་འཁྲོལ་ཞུས་ཡོད། དེ་མི་ ༤༠ ལ་བགོས་ན་མི་རེར་ཧིན་སྒོར་ ༢༧༥༠༠ རེ་གཏོང་གི་ཡོད་སྟབས། ཟབ་སྦྱོང་སྐབས་སློབ་སྦྱོང་ཡག་པོ་མ་བྱས་ན། ཁྱེད་རང་ཚོའི་དུས་ཚོད་འཕྲོ་བརླག་དང་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་ཡང་འཕྲོ་བརླག་ཆགས་ཀྱི་ཡོད་སྟབས། དེ་རིང་ཉིན་དང་པོ་རང་ནས་ཁྱེད་རང་ཚོས་སྲི་ཞུ་བ་བྱེད་རྒྱུ་ཡིན་མིན་བསམ་བློ་ཡག་པོ་གཏོང་དགོས། སོ་སོས་འཚོ་བ་བསྐྱལ་ཏེ་དཔལ་འབྱོར་ཡག་པོ་བཟོ་དགོས་བསམ་ན་ལམ་ཁ་གཞན་མང་པོ་ཡོད་པ་རེད། ཅེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་གཞུང་ཞབས་ཚོར་ལྟ་ཕྱོགས་གང་འདྲ་ཡོད་མེད་གསུངས་དོན། སྤྱི་ཡོངས་ནས་བོད་པའི་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་ནང་སྤུན་མཆེད་ཡོད་མཁན་ཚོ་མ་གཏོགས་ལས་བྱེད་ནང་ཚུད་ཀྱི་མེད་པ་དང་། ལྐོག་ཟ་རུལ་སུངས་ཡོད་པ་རེད་ཅེས་བཀའ་མོལ་ཡོང་གི་ཡོད་ཀྱང་། ངས་མཐོ་སློབ་ཁག་དང་མང་ཚོགས་ཐུག་སྐབས་དེ་འདྲ་བྱེད་མཁན་ཡོད་ན་ང་ལ་ཐད་ཀར་ཡི་གེ་གཏོང་རོགས་ཞེས་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ནང་ལྐོག་བཟའ་རུལ་སུངས་རྩ་བ་ནས་མེད་ཅེས་ཞུ་གི་མེད། ལྐོག་བཟའ་དང་འབྲེལ་བའི་གནས་ཚུལ་རེ་ཟུང་བྱུང་ཡོད་པ་དེ་དག་ལ་ང་ཚོས་ཉེས་ཆད་བཏང་བ་བྱུང་ཡོད། ཅེས་སོགས་གསུངས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 2

  1. འཇིགས་མེད་སེངྒེ། says:
    ལོ་ 11 སྔོན།

    ལས་བྱེད་འདེམས་བསྐོ་ལྷན་ཁང་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་རེད། བཀའ་ཤག་གི་གནོན་ཤུགས་མི་སླེབས་ཆེད་ལས་ཁུངས་དེ་ཉིད་ཟུར་དུ་འཛུགས་ཡོད། འོན་ཀྱང་དེ་རིང་ཁ་སང་ལས་བྱེད་འདེམས་ལྷན་ལ་བཀའ་ཤག་གིས་ཐད་ཀར་བཏང་འཛིན་གནང་བ་མ་ཟད། ལས་བྱེད་ཀྱི་འོས་ཆོས་ཆ་རྐྱེན་དང་ཡིག་རྒྱུགས་གཏོང་སྟངས་སོགས་ལའང་བཀའ་ཤག་གིས་ཐག་གཅོད་གནང་གི་འདུག
    དེ་བཞིན་བལ་ཡུལ་ཁུལ་ལ་ཞབས་སྟེགས་ཟུར་བཅད་གནང་བ་དེ་ཡང་བཀའ་ཤག་གིས་ཐག་གཅོད་གནང་འདུག དེ་ཚོ་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་གྱི་ཡོད་དམ།

    Reply
  2. རིག་འཛིན་རྡོ་རྗེ། says:
    ལོ་ 11 སྔོན།

    སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་གཞུང་གི་ལས་བྱེད་རྣམས་མང་མང་ཚོགས་ནང་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་ཞིག་གསུང་གི་འདུག མང་ཚོགས་ཀྱིས་འགྱུག་པ་ལེབ་རྡུང་བྱེད་ཀྱིན་ཡོད་པ་མ་རེད། ཧ་གོ་དགོས་པ་ཞིག་ནི་ལས་བྱེད་དཀྱིས་མ་ཚོར་མང་ཚོགས་ཀྱིས་དུས་ནམ་ཡང་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་མ་རེད། བཀའ་བློན་དང་དྲུང་ཆེ་ཚོར་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་རེད། བཀའ་བློན་ཚོར་མཚོན་ན་ཡང་དུས་ཚོད་ངེས་ཅན་ནང་དབང་ཆ་དེར་འཕོ་འགྱོར་འགྲོ་རྒྱུ་ཡོད་པ་ཞིག་རེད། དྲུང་ཆེ་གོང་འོག་དེ་ཚོས་ཁ་བཟང་རང་གིས་བླངས་ཏེ། མང་ཚོགས་ནང་ཆེ་མདོག་རྫིག་མདོག་སྟོན་པ་ད་དང་། སྦྱང་མདོག་གྲུང་མདོག་གིས་མང་ཚོགས་ལ་མགོ་སྐོར། སྲི་ཞུ་ལས་བྱེད་ཚོར་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་དེ་མང་ཚོགས་ཀྱི་སྣང་བར་འགྲོ་གི་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese