མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྣེ་ལེན་ལས་བྱེད་ཅིག་ལ་མེ་མདས་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐོ་རངས་ཙམ་ལ་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་གི་ལས་བྱེད་ཅིག་ལ་མེ་མདས་བརྒྱབ་སྟེ་ད་ལྟ་ཅན་དྷི་གྷར་སྨན་ཁང་དུ་ཡོད་འདུག

དེ་རིང་ཐོ་རངས་ཆུ་ཚོད་ ༤ པ་ཡས་མས་སུ། དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་གི་ལས་བྱེད་དབང་ཕྱུག་ཞུ་བར་མི་ཞིག་གིས་མེ་མདས་བརྒྱབ་སྟེ། དཔུང་པར་རྨས་སྐྱོན་ཕོག་ཡོད་པ་དང་། ད་ལྟ་ཅན་དྷི་གྷར་པི་ཇི་ཨེ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག་ལ། སྨན་པས་ཁོང་གི་སྲོག་ལ་ཉེན་ཁ་མེད་སྐོར་བརྗོད་ཡོད་འདུག ད་ལྟའི་ཆར་ཁོང་ལ་མེ་མདའ་རྒྱག་མཁན་སུ་ཡིན་དང་ཅིའི་ཕྱིར་བརྒྱབ་པ་ཡིན་གསལ་བོ་ཤེས་མི་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཀུན་དགའ་བཀྲ་ཤིས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་ཞོགས་པར་དབུས་སྣེ་ལེན་ཁང་དུ་གནས་ཚུལ་དེ་བྱུང་རྗེས། ལམ་སང་བདེ་སྲུང་དྲུང་ཆེ་མར་ཕེབས་ཏེ། རྨས་མ་ཅན་དྷི་གྷར་པི་ཇི་ཨེ་(PGI)སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། སྨན་ཁང་གིས་ཁོང་གི་སྲོག་ལ་ཉེན་ཁ་མེད་སྐོར་བརྗོད་སོང་། དེ་རིང་ང་ཚོས་གཙོ་བོ་ལས་ཀ་གཉིས་བྱས་པ་རེད། དང་པོ་མེ་མདའ་ཕོག་པའི་ལས་བྱེད་ལམ་སང་སྨན་ཁང་དུ་བསྐྱལ་བ་དང་། གཉིས་པ་ང་ཚོ་རྒྱ་གར་ས་ཐོག་ཏུ་ཡོད་དུས་གནས་ཚུལ་དེ་བྱུང་བ་དང་ས་གནས་ཉེན་རྟོག་ལས་ཁུངས་ལ་སྙན་གསེང་ཞུས་པ་རེད། ཅེས་བརྗོད་བྱུང་།

མེ་མདའ་རྒྱག་མཁན་སུ་ཡིན་གྱི་དོགས་གཞི་འདྲ་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་གནས་ཚུལ་གསལ་བོ་ཆགས་ཡོད་པ་མ་རེད། གང་ཡིན་ཟེར་ན། གཅིག་ནས་གནས་ཚུལ་དེ་བྱུང་ནས་ཆུ་ཚོད་ཁ་ཤས་མ་གཏོགས་ཕྱིན་མེད་པ་དང་། གཉིས་ནས་མེ་མདའ་ཕོག་མཁན་གྱིས་ལམ་སང་སྐད་ཆ་མང་པོ་བཤད་རྒྱུ་ཡོད་པ་མ་རེད། ད་ལྟའི་ཆར་མེ་མདའ་རྒྱག་དགོས་པའི་རྒྱུ་མཚན་དང་རྒྱག་མཁན་སུ་ཡིན་སོགས་གསལ་བོ་ཤེས་ཀྱི་མི་འདུག སྤྱི་ཚོགས་ཐོག་གནས་ཚུལ་དེ་ལས་འཕྲོས་པའི་ག་རེ་གླེང་གི་ཡོད་ཀྱང་། བདེ་སྲུང་ལས་ཁུངས་ངོས་ནས་ད་ལྟ་གསལ་བོ་ཞུ་རྒྱུ་མི་འདུག གང་ཡིན་ཟེར་ན། ཞུས་པ་དེ་དངོས་དོན་དང་མཐུན་པ་ཞིག་དགོས་པ་རེད། ས་གནས་ཉེན་རྟོག་ལས་ཁུངས་ནས་ཞིབ་འཇུག་བྱེད་བཞིན་ཡོད་སྟབས། ག་ལེར་གསལ་བོ་ཆགས་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

 སྣེ་ལེན་ཁང་ནང་རྐུན་མ་འཛུལ་བའི་སྐད་ཆ་ཞིག་ཡོང་གི་ཡོད་པ་དེ་བདེན་མིན་དྲིས་པར་ཁོང་གིས། ཁ་ཤས་ཀྱིས་རྐུན་མ་རེད་མདོག་མདོག་ཤོད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་རྐུན་མ་ཡིན་མིན་གསལ་བོ་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 3

  1. ཁྱུང་རང་སྒྲ། says:
    ལོ་ 11 སྔོན།

    དང་ཐོག་གསར་འགྱུར་ཡག་པོ་སྤེལ་འདུག་པར་ཐུགས་རྗེ་ཆེ་ཞུ། གནས་ཚུལ་ཚབས་ཆེན་འདི་འདྲ་རིགས་ང་རང་ཚོའི་བརྒྱུད་ལམ་ཁག་ཏུ་ཐོན་དགོས་པ་དེ་གལ་ཆེན་པོ་རེད། དབུས་སྣེ་ལེན་ཁང་ནང་མེ་མདའ་བཟུང་ནས་ཡོང་མཁན་ཞིག་ཡིན་ན། ཏག་ག་སེ་རྐུན་མ་འདྲ་བོ་མ་རེད། གནས་ཚུལ་ཚབས་ཆེན་ཡིན་པས། རྒྱ་གར་གཞུང་དང་བདེ་སྲུང་གིས་ངེས་པར་དུ་ཐུགས་གཟབ་གནང་དགོས་པ་རེད། འདི་ང་ཚོར་བརྡ་ཞིག་བརྒྱབ་པ་རེད།

    Reply
  2. བསོད་ནམས་རྡོ་རྗེ། says:
    ལོ་ 11 སྔོན།

    གསར་འགྱུར་ཆེན་པོ་དང་གནས་ཚུལ་ཛ་དྲག་པོ་དེ་འདྲ་གང་ཡང་མ་རེད་དོ།།
    ཞེད་སྣང་བྱེད་དགོས་པ་དང་དཀྲོག་གཏམ་བཟོ་དགོས་པ་ཡོད་མ་རེད། རྡ་རམ་ས་ལར་ལོ་རྟག་པར་མི་གཉིས་གསུམ་རེ་རྒྱུན་ལྡན་མིན་པའི་ཐོག་ནས་རྐྱེན་འདས་འགྲོ་བཞིན་ཡོད་ཡོད་པ་རེད། ང་རྡ་རམ་ས་ལར་ལོ་མང་པོར་བསྡད་མྱོང་མཁན་ཞིག་ཡིན། ན་ནིང་སྦག་སུའི་མགྲོན་ཁང་ཞིག་ཏུ་བུད་མེད་ཅིག་གྲོངས་པ་རེད། སྦག་སུའི་རྒྱུག་ཆུའི་ནང་དུ་ཕོ་གསར་ཞིག་གི་ཕུང་བོ་རེག་པ་རེད། དེ་དག་ཐོག་མ་མི་ཞིག་གི་བསད་པ་ཡིན་མདོག་མདོག་བཤད་པ་རེད། རྗེས་སུ་གཞན་གྱིས་བསད་མེད་པ་ཁུངས་སྐྱེལ་བྱུང་བ་རེད། རྡ་རམ་ས་ལ་གཅིག་པུ་མ་རེད་མི་མང་པོ་འདུས་སྡོད་བྱེད་སའི་སྤྱི་ཚོགས་གང་དུ་ཡིན་ནའང་གནས་ཚུལ་དེ་ཡོང་གི་ཡོད་པ་རེད།
    ཁ་སང་ཁེ་ཉིན་རྡ་རམ་ས་ལའི་ཁང་སྟོང་ཞིག་གི་ནང་དུ་མི་ཞིག་གྲོངས་ཡོད་པ་དེའང་ས་བསྒྲགས་གནམ་བསྒྲགས་བྱས་ཏེ་ཅིག་རེད་མདོག་མདོག་བྱས་པ་དང་། དེ་རིང་གི་གནས་ཚུལ་དེ་ཡང་ཧ་ཆང་ཞེད་སྣང་ཚ་བོ་ཞིག་རེད་མདོག་མདོག་བྱེད་པ་དེ་འདྲ་དགོས་པ་མ་རེད། གལ་སྲིད་དེ་འདྲའི་ཞེད་སྣང་ཚ་བོ་ཞིག་བྱེད་རྩིས་ཡོད་མཁན་ཞིག་ཡིན་ན་རྡ་རམ་ས་ལའི་ས་ཁང་ནང་ལས་ཀ་བྱས་སྡོད་མཁན་ར་བཟི་བ་ཞིག་དང་། སྣེ་ལེན་ཁང་གི་ལས་བྱེད་དཀྱུས་མ་ཞིག་གསོད་དགོས་དོན་སྣེ་གཅིག་ཀྱང་ཡོད་མ་རེད།
    ང་རང་གིས་ཚོད་དཔག་བྱས་ན་དེ་རིང་གི་གནས་ཚུལ་དེའང་དེ་འདྲ་ཞེ་སྣང་བྱེད་གོས་པ་གང་ཡང་ཡོད་མ་རེད་བསམ་གྱི་འདུག། གང་ཡིན་ཟེར་ན་སྣེ་ལེན་ཁང་ཡོད་སའི་ས་སྟོང་དེ་ནས་ལས་བྱེད་དཀྱུས་མ་ཞིག་ལ་མེ་མདས་བརྒྱབ་ནས་གསོད་དགོས་པ་ཡོད་པ་མ་རེད། གཅིག་བྱས་ན་རྐུན་མ་ལག་ཏུ་མེ་མདའ་འཁུར་ཡོད་མཁན་ཞིག་སྟབས་མ་ལེགས་པར་ཁོ་རང་ཐོག་ཏུ་ཁེལ་ནས་རྐུན་མས་ཞེད་སྣང་གིས་མེ་མདའ་བརྒྱབ་པ་རེད་བསམ་གྱི་འདུག ད་ལྟའི་རྐུན་མ་ཚོས་སོ་སོ་སྲུང་སྐྱོབ་བྱེད་ཆེད་མཚོན་ཆ་ཞིག་ཡོད་ཡོད་པ་རེད། དེང་སྐབས་རྡ་རམ་ས་ལ་དང་གངས་སྐྱིད་གཡས་གཡོན་ན་རྐུན་མ་ཧ་ཅང་མང་པོ་ཡོད་པ་སྐད་གྲགས་ཆགས་བསྡད་ཡོད་པ་རེད། ད་ལོའི་ལོ་གསར་གྱི་སྔ་རྗེས་ལ་རྡ་རམ་ས་ལ་དང་གངས་སྐྱིད་ཀྱི་མི་ཚང་20ཙམ་གྱི་ནང་ལ་འཛུལ་ཚར་བ་རེད། གཙུག་ལག་ཁང་ཉེ་འཁྲིས་ཀྱི་རྒྱལ་བ་རིན་པོ་ཆེའི་སྐུ་སྲུང་བ་ཞིག་གི་སྐྱེས་དམན་ལའང་རྐུན་མས་ཉེས་རྡུང་བཏང་སྟེ་གསོད་གྲབས་ཤིག་བྱས་ཡོད་པ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    དྷ་སར་བོད་རིགས་གཅིག་གི་རོ་རྙེད་། བོད་རིགས་གཅིག་ལ་མེ་མདའ་བརྒྱབས། ཨ་ཁ་ཁ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese