མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་ཨུ་རུ་སུའི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེད་རེ་ཡིས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་གནང་སྟེ་ཡུག་རེན་གཙོས་རྒྱལ་སྤྱིའི་དཀའ་རྙོག་ཁག་གཅིག་གི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་འདུག

ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཡིག་ཐོག་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དེ་རིང་ཕྱི་དྲོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེད་རེ་ཡིས་ཨུ་རུ་སུའི་གྲོང་ཁྱེར་སཱོ་ཆི་རུ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཕྱི་སྲིད་བློན་ཆེན་སར་གྷེ་ (Sergey Lavrov) རྣམ་གཉིས་ལ་ཐུག་སྟེ། ཨི་རན་དང་སི་རེ་ཡ། ཡུག་རེན་བཅས་ཀྱི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། ད་ལྟ་ཨུ་རུ་སུའི་གཞུང་གིས་ཇོན་ཁེད་རེ་དང་སྲིད་འཛིན་པུ་ཊིན་ཐུག་མིན་གྱི་ཁ་གསལ་བརྗོད་མི་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་མཱ་རེ་ཧར་ཧྥེ་ (Marie Harf) ཡིས་རོའུ་ཌར་གསར་ལམ་ཐོག “ད་ཐེངས་ཕྱི་སྲིད་དྲུང་ཆེ་ཇོན་ཁེད་རེ་མཆོག་ཨུ་རུ་སུར་བསྐྱོད་ནས་ཨུ་རུ་སུའི་མཐོ་རིམ་དཔོན་རིགས་ཁག་ལ་ཐུག་འཕྲད་བྱས་ཏེ། ཨ་རིས་རྒྱལ་སྤྱིའི་གནད་དོན་ཁག་ལ་ལྟ་ཕྱོགས་གང་འདྲ་འཛིན་མིན་ཐད་གྲོས་མོལ་བྱ་རྒྱུ་རེད།” ཅེས་བརྗོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་མགྲིན་ཚབ་པ་པེ་སི་ཁཱོ་ཝེ་ (Dmitry Peskov) ཡིས་མཱོ་སོ་ཁཱོ་དུས་བབ་ཐོག “ཇོན་ཁེད་རེ་ཡིས་ཨུ་རུ་སུར་རྒྱལ་དོན་སྐོར་སྐྱོད་བྱས་པ་དེས། ད་ལྟ་རྒྱལ་སྤྱིའི་བརྟན་བརླིང་གང་འདྲ་ཆགས་མིན་གྱི་རྐྱེན་རྩ་གཙོ་བོ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་ཐུག་ཡོད་པ་ཤེས་ནས་ཡོང་བ་ཞིག་ཡིན་སྟབས། ང་ཚོས་མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱ་ཐུབ་པར་རེ་བ་རྒྱག་གི་ཡོད།”ཅེས་དང་། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་སར་གྷེ་རབ་བྷེ་ཁཱོ་ཝེ་ (Sergei Ryabkov) ཡིས། “ད་ཐེངས་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་དཔོན་རིགས་རྣམ་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཡུག་རེན་དང་ཡུག་རེན་གྱེན་ལོག་ཤོག་ཁག་བར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ཞིག་བཞག་ཡོད་པ་དེ་དང་། དཀྱིལ་ཤར་ཡུལ་གྲུའི་གནད་དོན་ཁག་གཅིག་ཐོག་གྲོས་མོལ་བྱ་རྒྱུ་ཡིན། ད་ལྟ་ཨ་རི་དང་ང་ཚོའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དེ་ ༢༠༡༤ ལོར་ཨོ་བྷ་མའི་གཞུང་གིས་ཡུག་རེན་གྱི་དམག་འཁྲུག་དེ་ང་ཚོས་ཇུས་འགོད་བྱས་པ་ཡིན་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསྒྲགས་ཏེ། ང་ཚོ་རྒྱལ་སྤྱིའི་སྡིངས་ཆ་ནས་ཟུར་འཕུད་བཏང་བ་མ་ཟད། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་གཅིག་མཚུངས་ལངས་ཕྱོགས་འཛིན་དགོས་པའི་བརྒྱུད་སྐུལ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ལས། ད་བར་ཨུ་རུ་སུའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གཏོར་བཤིག་གཏོང་རྒྱུའི་ངན་བྱུས་གང་ཡང་བཤམས་མེད།”ཅེས་བརྗོད་འདུག

རྒྱ་གར་གྱི་ཛི་བརྙན་འཕྲིན་དང་དབྱིན་ཡུལ་གྱི་གྷར་ཌིན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༣ ལོའི་ཟླ་ ༡༡ ནང་ཡུག་རེན་སྲིད་འཛིན་ཡཱ་ཎོ་ཁོ་བེ་ཆི་ (Viktor Yanukovych) ཡིས་ཡུ་རོབ་མཐུན་ཚོགས་དང་ལྷན་དུ་ཚོང་དོན་གྲོས་ཆོད་འཇོག་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། མཐའ་མ་ཁོང་གིས་ཨུ་རུ་སུའི་གནོན་ཤུགས་འོག་གྲོས་མཐུན་ལ་མིང་རྟགས་བཀོད་མེད་སྟབས། ༢༠༡༤ ལོའི་ཟླ་ ༢ ཚེས་ ༢༢ ཉིན་ཡུག་རེན་གྲོས་ཚོགས་ཀྱིས་དམིགས་བསལ་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ་ཡཱ་ཎོ་ཁོ་བོ་ཆི་སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་སྟབས། ཨུ་རུ་སུར་དགའ་མོས་བྱེད་མཁན་གྱེན་ལོག་ཤོག་ཁག་དང་ཡུག་རེན་གཞུང་བར་དམག་འཁྲུག་བྱུང་སྟེ། ཨུ་རུ་སུས་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ནས་གོ་མཚོན་དང་དཔལ་འབྱོར་རོགས་རམ་སྤྲད་པ་མ་ཟད། ༢༠༡༤ ལོའི་ཟླ་ ༣ པའི་ནང་ཁེར་མེ་ཡ་བཙན་བཟུང་དང་ཡུལ་མི་ ༦༡༠༠ ལྷག་བསད་ཡོད་སྟབས། ཨ་རི་གཙོས་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཐེངས་ ༦ ཙམ་བཏང་ཡོད། 

ཟླ་འདིའི་ཚེས་ ༩ ཉིན་ཨུ་རུ་སུ་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨུ་རུ་སུ་འཇར་མན་ནེའི་བཙན་འཛུལ་ལས་རྒྱལ་ཁ་ཐོབ་སྟེ་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙུ་ཞུས་སྐབས་འཇར་མན་ནེའི་སྲིད་བློན་ཨན་གྷེ་ལ་མེར་གྷལ་མཆོག་བསླེབས་ཡོད་ཀྱང་། ཨོ་བྷ་མ་བསླེབས་མེད་པ་མ་ཟད། ཁ་སང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པས་ཨ་རིས་ང་ཚོར་དཔལ་འབྱོར་ཉེས་ཆད་ག་ཚོད་ཆད་ཀྱང་། ཨ་རིའི་ཁེ་ལས་བྷོ་ཨེན་ (Boeing) དང་ཧྥོར་ཌེ་(Ford)། ཇོན་ཌེ་རེ་ (John Deere) དང་ཨལ་ཁཱོ་ (Alcoa)། ཁཱོ་ཁ་ཁཱོ་ལ་ (Coca Cola) དང་པེབ་སི་(PepsiCo)། མར་སེ་ (Mars)དང་ཨེག་ཛུན་(ExxonMobil)།  ཆི་རོན(Chevron) དང་ཁོ་ཎོ་ཁོ་ཧྥེ་ལེབ་(ConocoPhillips) བཅས་ཀྱིས་ཨ་རུ་སུའི་ས་ཐོག་ནས་ཚོང་བཞག་ནས་འགྲོ་རྩིས་བྱེད་ཀྱི་མི་འདུག གང་ཡིན་ཟེར་ན་ཁེ་ལས་པ་དག་ནི་ཨ་རིའི་གཞུང་ལྟར་མིན་པར་དོན་དངོས་གནས་ཚུལ་ཤེས་མཁན་ཞིག་ཡིན་སྐོར་བརྗོད་ཡོད་སྟབས། ད་ལྟ་ཨ་རི་དང་ཨུ་རུ་སུའི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་ཁག་པོ་ཡིན་ཞེས་སོགས་བཀོད་འདུག

དེ་རིང་ཨུ་རུ་སུའི་ཨིན་ཌར་ཧྥེག་སི་ (Interfax) ཞེས་པའི་གསར་འགྱུར་ལམ་ཐོག་མིང་སྨོས་མེད་པའི་ཨུ་རུ་སུའི་ལས་བྱེད་ཞིག་གིས། ཨུ་རུ་སུ་དང་ཨ་རིའི་འབྲེལ་ལམ་བསྐྱར་གསོ་ཐུབ་པར་ད་དུང་བཅུ་ཕྲག་ཅིག་ལྷག་འགོར་ སྲིད་པ་ཞིག་ཡིན་སྟབས། ཨ་རིས་ཡུག་རེན་གྱི་དཀའ་རྙོག་སེལ་ཐབས་ལ་དོན་འབྲས་སོན་པའི་ཆ་ཤས་ལེན་དགོས་པ་མ་ཟད། ལྷག་པར་དུ་ཡུག་རེན་གཞུང་དང་ཡུག་རེན་གྱི་ཤར་ཕྱོགས་ས་ཁུལ་ཌོ་ནེ་ཌི་སི་ཁི་(Donetsk) དང་ལུ་ཧན་སེ་ཁི་ (Luhansk) སྲིད་གཞུང་བར་ཐད་ཀར་གྲོས་མོལ་བྱེད་བཅུག་ནས་དཀའ་ངལ་སེལ་དགོས་པ་ཆགས་ཡོད་སྟབས། ད་རེབ་ཇོན་ཁེད་རེ་ཡིས་གནད་དོན་དེའི་ཐོག་གླེང་སློང་གང་འདྲ་བྱེད་མིན་ལ་རག་ལུས་ཡོད། ཅེས་བརྗོད་འདུག

ཇོན་ཁེད་རེ་ཡིས་ཨུ་རུ་སུའི་རྒྱལ་དོན་གྲོས་མོལ་ཁག་བསྒྲུབས་རྗེས། ཀྲར་ཀི་གྲོང་ཁྱེར་ཨན་ཌལ་ཡཱ་ (Antalya) ལ་བསྐྱོད་དེ་ནུབ་བྱང་དམག་ཁུལ་ཁང་གི་ཚོགས་མིའི་རྒྱལ་ཁབ་དབར་གྱི་ལྷན་ཚོགས་ཐོག་ཞུགས་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese