མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུལ་སུངས་བྲོས་བྱོལ་བ་ཚོ་ཕྱིར་ལོག་ནས་མགོ་བཏགས་ཞུ་བཞིན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་རིགས་མང་པོ་ཞིག་གིས་རྒྱ་སྒོར་ཕོན་ཆེན་འཁྱེར་ཏེ་ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་བྱས་ཡོད་པ་དང་། ཞི་ཅིན་ཕིན་གྱི་རུལ་རྒོལ་ལས་འགུལ་གྱི་དམིགས་འབེན་གཅིག་གནས་ཚུལ་དེར་ཁ་གཏད་གཅོག་རྒྱུ་དེ་ཡིན་ཡང་། ལག་བསྟར་གྱི་གོ་རིམ་ཁྲོད་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཡང་མང་པོ་འབྱུང་བཞིན་ཡོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་རུལ་སུངས་རྒོལ་རྡུང་ལས་འགུལ་ཁྲོད། ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་དུ་བསྡད་ཡོད་པའི་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བྱེད་མཁན་དཔོན་རིགས་ཚོ་ཕྱིར་རྒྱ་ནག་ནང་འགུག་ཐབས་བྱེད་རྒྱུ་དང་། རྒྱལ་ཁབ་ཁག་གི་གཞུང་དང་མཉམ་འབྲེལ་ཐོག་བྲོས་བྱོལ་བ་དེ་དག་འཛིན་བཟུང་བྱེད་ཐབས་སོགས་ལ་ཤུགས་སྣོན་རྒྱག་གི་ཡོད་པ་ལྟར། ཉིན་འདི་འགར་རྒྱ་ནག་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་ཁག་ཅིག་ཐོག ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་བྱས་པའི་རུལ་སུངས་དཔོན་རིགས་ཁག་ཅིག་ལ་ཕྱི་རྒྱལ་ནས་དཀའ་ངལ་མང་པོ་འཕྲད་པ་དང་། ཁག་ཅིག་ཕྱིར་རྒྱལ་ནང་དུ་ལོག་སྟེ་སྲིད་གཞུང་ལ་མགོ་བཏགས་ཞུས་ཡོད་ཚུལ་སོགས་བཀོད་འདུག

རྒྱ་ནག་དཔྱད་བརྗོད་པ་ཚོས། གནས་ཚུལ་དེ་རྒྱ་ནག་གཞུང་གིས་རུལ་སུངས་དཔོན་རིགས་ཚོར་ཉེན་བརྡ་དང་། རྒྱ་རིགས་མང་ཚོགས་ལ་མགོ་སྐོར་གཏོང་ཐབས་ཤིག་ཡིན་ཡང་། ཕྱི་རྒྱལ་རང་དབང་ལུང་པའི་འགྲོ་སྟངས་ཅུང་ཤེས་མཁན་ཞིག་དང་། ལྷག་པར་དུ་ཨ་རི་དང་ཡུ་རོབ་སོགས་ཀྱི་སྤྱི་དམངས་ཐོབ་ཐང་སྐོར་ཤེས་མཁན་ཞིག་ཡིན་ན། ད་རེབ་རྒྱ་ནག་གི་བྱེད་ཐབས་དེ་ནི་ཕྲུ་གུ་ལ་གདོན་འདྲེའི་ཞེད་སྣང་སྐུལ་བ་དང་འདྲ་བ་མ་ཟད། རྒྱ་ནག་གི་རུལ་སུངས་བྲོས་བྱོལ་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་དང་། ཞི་ཅིན་ཕིན་གྱི་རུལ་རྒོལ་ལས་འགུལ་ལ་ཟློག་ཕྱོགས་ནས་ནུས་པ་ཁག་ཅིག་འཐོན་བཞིན་ཡོད་པའི་མཚོན་རྟགས་ཡིན་སྐོར་བརྗོད་འདུག

ད་རེབ་རྒྱ་ནག་གིས་འདིའི་སྐོར་གྱི་གནས་ཚུལ་ཁག་ཅིག་སྤེལ་བའི་ནང་། རྒྱ་ནག་གི་ཀྲུང་གོ་ཝང་ཞེས་པའི་དྲ་ཚིགས་ཐོག ལིའོ་ཉིན་ཞིང་ཆེན་ཧྥིན་ཁྲིན་གྲོང་ཁྱེར་ཨུ་ཡོན་མགོ་གཙོ་ཟུར་བ་ཝང་གོ་ཆིང་ (Wang Guoqiang) ཨ་རིར་བྲོས་བྱོལ་བྱས་ཏེ་འཚོ་བར་དཀའ་ངལ་སྤྲད་པའི་སྐོར་ལ་ཝང་གོ་ཆིང་ཁོ་རང་ཉིད་ཀྱིས་འདི་ལྟར་བརྗོད་འདུག “ བྲོས་བྱོལ་གྱི་འཚོ་བ་རོལ་བཞིན་པའི་རིང་ང་རང་སྡོད་ས་ཀྲུང་གོས་ཧ་གོ་མི་ཡོང་ངམ་སྙམ་པའི་ཞེད་སྣང་སྐྱེས་པ་མ་ཟད། ཨ་རིའི་གཞུང་གིས་འཛིན་བཟུང་བྱ་རྒྱུར་ཡང་ཞེ་སྣང་སྐྱེ་བཞིན་ཡོད། ང་དང་སྐྱེས་དམན་གཉིས་ལ་ཕྱི་སྐྱོད་ལག་འཁྱེར་ཡོད་ཀྱང་བེད་སྤྱོད་མེད་པ་དང་། ན་ཚ་བྱུང་ཡང་སྨན་པར་བསྟན་མི་ཐུབ་པ། ཕ་ཡུལ་གྱི་མི་ཚོ་ལ་འབྲེལ་བ་བྱ་མི་ཐུབ་པའི་གནས་སྟངས་འོག ལོ་གཉིས་དང་ཟླ་བརྒྱད་ལྷག་རིང་ང་དང་སྐྱེས་དམན་གཉིས་མགྲོན་ཁང་ཆུང་ཆུང་ཞིག་གི་ནང་ནས་བསྡད་པ་དང་། ཉིན་རྟག་པར་ཁང་པའི་ཕྱི་ལ་འགྲོ་མ་ཐུབ་པར་བག་ལེབ་རེ་ཟོས་ཏེ་གྲོད་ཁོག་བརྒྱག་ཐབས་བྱས་པ་ཡིན། རྗེས་སུ་ཁཱ་ལེ་ཧྥོ་ཎེ་ཡ་ནས་མི་གཞན་དང་མཉམ་དུ་ཁང་པ་ཞིག་གླས་ཏེ་་བསྡད་པ་ཡིན། སྐབས་དེར་ཁང་པའི་ཆ་རྐྱེན་ཧ་ཅང་སྐྱོ་བོ་ཡིན་པ་མ་ཟད། ཁང་བདག་གཤིས་སྤྱོད་རྩུབ་པོ་དེས་ངའི་དགའ་མ་མཐོང་ན་མིག་གཉིས་ཆགས་སྲེད་ཀྱིས་ཁེངས་ཡོང་བ་དང་། ངའི་དགའ་མ་ཉིན་རྟག་པར་ཁོ་ལ་ཞེད་སྣང་སྐྱེ་བཞིན་ཡོད་པ་མ་ཟད། ཁོས་ངའི་སྟེང་ལའང་ངན་སེམས་འཆང་ནས་འཆར་གཞི་ངན་པ་མང་པོ་འཐེན་པ་རེད། ཅེས་བརྗོད་འདུག པད་ཏོའུ་དྲ་བས་གནས་ཚུལ་བཀོད་པ་ལྟར་ན། ཝང་གོ་ཆིང་ནི་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༨ ཚེས་ ༡༥ ཉིན་རྒྱ་ནག་ནས་བྲོལ་བྱོལ་ཕྱིན་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༡༢ ཚེས་ ༢༢ ཉིན་ཨ་རི་ནས་ཕྱིར་རྒྱ་གཞུང་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་ལ་མགོ་བཏགས་བྱས་ཡོད་འདུག

རྒྱ་ནག་གི་བུད་མེད་རུལ་སུངས་པ་དང་པོ་ཀྲེ་ཅང་ཞིང་ཆེན་འཛུགས་བསྐྲུན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཡཱང་ཞོ་ཀྲོ་ (Yang Xiuzhu) སེང་གྷ་པུར་དང་ཨ་རི། ནེ་ཐར་ལན་ཌི་སོགས་རྒྱལ་ཁབ་མང་པོ་ཞིག་ཏུ་བྲོས་བྱོལ་བྱས་མཐར། ནེ་ཐར་ལན་ཌིའི་ Rotterdam གྲོང་ཁྱེར་ཏུ། ཧ་ཅང་ནག་ཁུང་བརླན་གཤེར་ཡོད་པའི་ས་འོག་ཁང་ཆུང་ཞིག་ཏུ་བསྡད་ཡོད་པ་དང་། ཁོ་མོ་འཛིན་བཟུང་མ་བྱས་བར་རྒྱུན་པར་ངུ་འབོད་བྱེད་བཞིན་ཡོད་ཀྱང་། ནེ་ཐར་ལན་ཌིས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཞི་འཇམ་དུ་གྱུར་ཡོད་འདུག

པད་ཏོའུ་དྲ་བས་གནས་ཚུལ་བཀོད་པར། ༢༠༠༣ ལོའི་ཟླ་ ༤ ཚེས་ ༢༠ ཉིན་ཡཱང་ཞོ་ཀྲོ་ཡིས་རང་གི་བུ་མོ་བཟའ་མི་གཉིས་དང་ཚ་བོ་བཅས་ཧྲང་ཧེ་གནམ་ཐང་ནས་སེང་གྷ་པུར་བརྒྱུད་དེ་ཨ་རིར་བྲོས་བྱོལ་བྱས་ཡོད་པ་དང་། ༢༠༠༤ ལོའི་ཟླ་ ༢ པའི་ནང་ཀྲེ་ཅང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པར་ཁོ་མོ་འཇུ་བཟུང་བྱེད་དགོས་པའི་བཀའ་རྒྱ་བཏང་བ་ལྟར། ༢༠༠༥ ལོའི་ཟླ་ ༥ ཚེས་ ༣༡ ཉིན་ནེ་ཐར་ལན་ཌི་ནས་འཛིན་བཟུང་བྱས་ཡོད་པ་དང་། ༢༠༡༡ ལོའི་ཟླ་ ༨ ཚེས་ ༢ ཉིན་ཡཱང་ཞོ་ཀྲོ་ཡི་གྱོད་དོན་ལ་འབྲེལ་ཡོད་མི་སྣ་དག་ཀྱང་ཕྱིར་རྒྱ་ནག་ཏུ་ལོག་ནས་མགོ་བཏགས་ཡོད་སྐོར་བཀོད་འདུག  

ཁྲཱེང་ཧྲ་གྲོང་ཁྱེར་རྒྱལ་ཡོངས་ས་ཞིང་ལས་ཁུངས་ཀྱི་མགོ་གཙོ་ཙའོ་ཐན་ཀྲུའོ་ (Zuo Tianzhu) ཨ་རིར་བྲོས་བྱོལ་བྱས་ཏེ་འཚོ་བར་དཀའ་ངལ་འཕྲད་ཡོད་པ་དང་། ཕྱི་རྒྱལ་གྱི་སྐད་མ་ཤེས་པའི་རྐྱེན་གྱིས་ལས་ཀའང་ཡག་པོ་རག་མེད་པ་མ་ཟད། རྗེས་སུ་ཁོའི་ཟུར་བསྟན་མ་ཡང་ཁོ་དང་ཁ་བྲལ་ཡོད་འདུག དེའི་རྗེས་ཙའོ་ཐན་ཀྲུའོ་མཐོང་མྱོང་མཁན་ཚོས་བརྗོད་པ་ལྟར་ན་ཁོས་རོ་ཁང་ཞིག་ཏུ་མིའི་ཕུང་བོ་སྐྱེན་འདྲེན་གྱི་ལས་ལ་ཞིག་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག་ཟེར།  

ཡུའུ་ནན་ཞིང་ཆེན་འགྲིམ་འགྲུལ་ལས་ཁུངས་ཀྱི་མགོ་གཙོ་ཧོའུ་ཞེན་ (Hu Xing) སེང་གྷ་པུར་དུ་བྲོས་བྱོལ་བྱས་ཏེ། ཁོས་སེང་གྷ་པུར་ནས་མགྲོན་ཁང་གསུམ་བརྗེས་ཡོད་པ་དང་། ཁོ་ཕྱི་རྒྱལ་དུ་ཡོད་ཀྱང་སེམས་ནང་དུས་རྒྱུན་རྒྱ་ནག་ནས་ཐར་ཐུབ་མེད་པའི་དངངས་སྐྲག་སྐྱེས་བཞིན་ཡོད་པ་དང་། ཁོས་རྒྱུན་པར། ཁོ་རང་གི་རྗེས་འདེད་གཏོང་མཁན་དེ་སེང་གྷ་པུར་གྱི་ཉེན་རྟོག་པ་ཡིན་ནམ་རྒྱ་ནག་གི་ཉེན་རྟོག་པ་ཡིན། ཡང་ན་ནག་ཚོགས་ཤིག་གིས་ཁོ་གསོད་བརྩིས་བྱེད་ཀྱིན་ཡོད་དམ་ཞེས་དྲི་བ་དང་དོགས་པའི་ཀླུང་ནས་འཚོ་སྐྱེལ་དགོས་བྱུང་ཡོད་འདུག པད་ཏའོ་དྲ་བས་གནས་ཚུལ་བཀོད་པ་ལྟར་ན། ཧོའུ་ཞེན་གྱིས་ ༢༠༠༧ ལོའི་ཟླ་ ༡ ཚེས་ ༡༩ ཉིན་ལག་འཁྱེར་རྫུན་མ་བཟོས་ཏེ་ཕྱི་རྒྱལ་དུ་བྲོས་རྗེས། རྒྱ་ནག་རྒྱལ་ཡོངས་འཛིན་བཟུང་ཉེན་རྟོག་པས་ཁ་ཏ་བསླབ་བྱ་བྱས་མཐར་ཁོས་ཕྱིར་རྒྱ་ནག་ནང་ལོག་རྒྱུ་ཁས་ལེན་བྱས་ཏེ་རང་སྐྱོན་ངོས་ལེན་བྱས་ཡོད་འདུག  

ཧྥོ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་བ་ཝང་ཀྲིན་ཀྲོན་ (Wang zhenzhong) ༢༠༠༢ ལོའི་ཟླ་ ༥ ཚེས་ ༢༢ ཉིན་ཨ་རིར་བྲོས་བྱོལ་བྱས་ཏེ། ཁཱ་ལི་ཧྥོ་ཎེ་ཡ་ནས་ཨ་སྒོར་ཁྲི་ ༡༠༠ ལྷག་གི་ཁང་པ་ཞིག་དང་(buick) རྟགས་ཅན་གྱི་རླངས་འཁོར་ཞིག་ཉོས་ནས་བསྡད་ཡོད་ཀྱང་། རྗེས་སུ་ཨ་རིའི་ནག་ཚོགས་ཤིག་གིས་ཁོ་ལ་བུ་ལོན་སྤྲོད་དགོས་པ་དང་། གལ་སྲིད་བུ་ལོན་མ་སྤྲད་ཚེ་རྐང་ལག་གཅོད་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་པ་མ་ཟད། རིམ་གྱིས་ཁོའི་དགའ་རོགས་ཀྱིས་ཀྱང་ཁོ་རང་གཡུགས་ཏེ་ཕྱིན་པ་བཅས་ལ་བརྟེན་ཏེ་ཁོ་ལ་ནད་གཞི་ཞིག་བྱུང་ནས་ ༢༠༠༧ ལོར་འདས་གྲོངས་སུ་ཕྱིན་ཡོད་འདུག

རྒྱ་ནག་དངུལ་ཁང་ཀོང་ཏོན་ཞིང་ཆེན་ཁཱེ་ཕིན་ཡན་ལག་གི་འགན་འཛིན་ཟུར་བ་ཡོའུ་ཀྲིན་ཏོན་ (Yu Zhendong) ཨ་རིར་བྲོས་བྱོལ་བྱས་ཏེ། དཀའ་ངལ་དང་འཇིགས་སྣང་མང་པོ་བྱུང་མཐར། ༢༠༠༢ ལོའི་ཟླ་ ༡༢ པའི་ནང་ཨ་རིའི་ཁྲིམས་འཛིན་ལྷན་ཚོགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། ༢༠༠༤ ལོའི་ཟླ་ ༢ བའི་ནང་ཁོ་ལ་ནག་ཉེས་གསུམ་བགྲང་ནས་ཉེས་ཆད་བཅད་ཡོད་འདུག ༢༠༠༤ ལའི་ཟླ་ ༤ ཚེས་ ༡༦ ཉིན་ཨ་རིའི་གཞུང་གིས་རྒྱ་ནག་ལ་བརྩིས་སྤྲོད་བྱས་ཡོད་འདུག

རྒྱ་ནག་དངུལ་ཁང་ཀོང་ཏོན་ཞིང་ཆེན་ཁཱེ་ཕིན་ཡན་ལག་དངུལ་ཁང་གི་འགན་འཛིན་ཞོའུ་ཀོ་ཅོན་ (Xu Guojun) ༢༠༠༡ ལོར་ཐོག་མར་ཁེ་ན་ཌར་བྲོས་བྱོལ་ཕྱིན་པ་དང་། རྗེས་སུ་ཨ་རིར་ཕྱིན་ཏེ་བཟའ་མི་གཉིས་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཡོད་སྟབས། ཞོའུ་ཀོ་ཅོན་གྱིས་ཟ་ཁང་ཞིག་ཏུ་གཟའ་འཁོར་གཅིག་གི་ཉི་མ་བདུན་དང་། ཉི་མ་གཅིག་ལ་ཆུ་ཚོད་ ༡༠ ནས་ ༡༥ བར་ལས་ཀ་བྱས་ཡོད་འདུག ༢༠༠༤ ལོའི་ཟླ་ ༩ བའི་ནང་། ཨ་རིའི་གཞུང་གིས་ཁོ་བཟའ་མི་གཉིས་འཛིན་བཟུང་བྱས་ཡོད་པ་དང་། ༢༠༠༩ ལོའི་ཟླ་ ༥ པའི་ནང་ཨ་རིའི་ལ་སི་ཝེ་གྷེ་སུའི་ཁྲིམས་ཁང་གིས་ཞོའུ་ཀོ་ཅོན་གྱིས་དངུལ་གཙང་འཁྲུད་བྱེད་ཐབས་དང་། དངུལ་དབོར་འདྲེན་བྱས་པ་བཅས་ནག་ཉེས་འོག་ལོ་ ༢༢ ཡི་ཁྲིམས་ཐག་བཅད་ཡོད་འདུག

པད་ཏོའུ་དྲ་བས་གནས་ཚུལ་སྤེལ་བར། ༢༠༠༡ ལོར་ཞོའུ་ཀོ་ཅོན་དང་དངུལ་ཁང་དེའི་འགན་འཛིན་ཟུར་བ་ཞོའུ་ཁྲའོ་ཧྥན་དང་ཡོའུ་ཀྲིན་ཏོན་གསུམ་གྱིས་ཨ་སྒོར་ས་ཡ་ ༥༠༠ འཁྱེར་ནས་ཧོང་ཀོང་གི་ཕྱི་སྐྱོད་ལག་འཁྱེར་རྫུན་མ་བཟོས་ཏེ་ཨ་རིར་ཐོངས་མཆན་ཞུས་ཡོད་པ་དང་། ༢༠༠༡ ལོའི་ཟླ་ ༥ བའི་ནང་ཁོང་གསུམ་གྱིས་ཨ་རིའི་མི་སེར་ལ་གཉེན་སྒྲིག་རྫུན་མ་བྱས་ཡོད་འདུག  ༢༠༠༤ ལོར་ཨ་རི་གཞུང་གིས་ཁོ་འཛིན་བཟུང་བྱས་ཡོད་པ་དང་། ༢༠༠༩ ལོའི་ཟླ་ ༥ ཚེས་ ༦ ཉིན་ཁོ་ལ་ལོ་ ༢༢ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་སྤྱི་ཚོང་དངུལ་ཁང་གི་ཁྲོན་ཆིན་ཅུའི་ལོན་གྱི་ཡན་ལག་དངུལ་ཁང་གི་ལས་བྱེད་ཁྲིན་ཞེན་(Chen Xin) གྱིས་རྒྱ་སྒོར་ཁྲི་ ༤༠༠༠ ལྷག་འཁྱེར་ཏེ་ཁྲིན་ཏུའུ་དང་ཀོང་ཀྲོའུ། ཧེ་ཁོ་སོགས་སུ་བརྒྱུད་དེ་ཝེ་ཋི་ནམ་དང་འབར་མ་སོགས་སུ་བྲོས་བྱོལ་བྱས་སྐབས། ཁོས་ཐོབ་ཐང་ལག་འཁྱེར་ ༢༩ རྫུན་བཟོ་དང་བརྗེ་སྤོར་བྱས་ཡོད་པ་མ་ཟད། ཁྲིན་ཞེན་གྱི་ཉིན་ཐོའི་ནང་དུ་། “ངའི་སེམས་ནང་ལ་དངངས་སྐྲག་གི་ཚོར་བ་ཞིག་ཡོད་པ་དང་། ལས་དབང་གིས་གོ་སྒྲིག་བྱས་པའི་མི་ཚོའི་ཚོར་བ་ད་ལྟ་ངས་མྱོང་ཐུབ་ཀྱི་འདུག ངའི་དྲན་ཤེས་ཡོད་ཚད་རྦད་དེ་ས་རུ་ཟགས་སོང་། ངའི་ལག་ཏུ་ཐོབ་ཐང་ལག་འཁྱེར་དང་དངུལ་བྱང་བཅུ་ཕྲག་ལྷག་ཡོད་ཀྱང་། ང་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་ཐུབ་མཁན་སུ་ཡང་མི་འདུག” ཅེས་སོགས་བྲིས་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ། 

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡༧ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༢༣ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese