མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་སྐྱེས་ཚོའི་ནང་རྩ་བ་འཛུཊ་ཐབས་བྱ་རྒྱུ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་སྐབས་ ༤ པ་དབུ་འཛུགས་ཐོག ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་དབུ་མའི་ལམ་གཞུང་གིས་གཏན་ལ་ཕབ་པ་རེད་བསམ་ཏེ་ཡིན་ཤག་བྱས་ནས་བསྡད་པ་ཙམ་གྱིས་ཕན་གྱི་མེད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག དྷ་ས་སྟོད་པ་སྐྱིད་སྡུག་ཚོགས་པའི་ཚོགས་ཁང་དུ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་སྐབས་བཞི་པ་དབུ་འཛུགས་གནང་སོང་བ་དང་། ཚོགས་འདུ་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དབུས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། དེ་བཞིན་དྷ་ས་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་བཅས་ཀྱི་སྐུ་ཚབ་རྣམ་པ་དང་། ལས་འགུལ་ཁང་ལ་ས་གནས་ཁག་སུམ་ཅུ་རུ་འབྲེལ་མཐུད་པ་ཡོད་པའི་ནང་ནས་ས་གནས་ཁག་ ༡༩ ཡི་ས་རྒྱུན་ ༥༠ ཙམ་ཚོགས་བཅར་གནང་ཡོད་པ་བཅས་ཁྱོན་མི་གྲངས་ ༡༠༠ ཡས་མས་འཛོམས་འདུག་ལ། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་མཆོག་གིས་ལས་འགུལ་ཁང་ལ་ཞལ་འདེབས་གནང་མཁན་གྱི་སྦྱིན་བདག་ཁག་ཅིག་ལ་ཁ་བཏགས་དང་ཕྱག་རྟགས་གནང་སོང་།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་སྐབས། དབུ་མའི་ལམ་ནི་གཞུང་གིས་དམངས་གཙོའི་ལམ་ནས་རིམ་གྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཆགས་ཡོད་ཀྱང་། མང་ཚོགས་ཀྱི་ནང་ནས་དབུ་མའི་ལམ་ཡིན་ཟེར་ནས་ཡར་ཐོན་ཏེ་ལས་འགུལ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས་ད་ལྟའི་བར་དུ་ས་གནས་ཁག་མང་པོ་ཞིག་ཏུ་དབུ་མའི་ལམ་ངོ་སྤྲོད་དང་གོ་རྟོགས་སྤེལ་བ་སོགས་དབུ་མའི་ལམ་དང་འབྲེལ་བའི་ལས་དོན་མང་པོ་གནང་ཡོད་པ་ལྟར། འདས་པའི་ལོ་གཉིས་ཀྱི་ནང་དུའང་ལས་དོན་གང་འཚམ་བྱུང་ཡོད་ལ། ལས་འགུལ་སྤེལ་བ་དེའང་ལས་འགུལ་ཁང་རང་གི་ངོ་བོའི་ཐོག་ནས་སྤེལ་བ་རེད་མ་གཏོགས་ཚོགས་པའི་ངོ་བོར་གནས་ཏེ། ཚོགས་མི་དང་ཚོགས་དངུལ་བསྡུ་རུབ་སོགས་ཀྱི་རིགས་ད་ལྟ་བར་དུ་བྱུང་མེད་ལ། མ་འོངས་པར་ཡང་དེ་འདྲ་བྱེད་པའི་འཆར་གཞི་གང་ཡང་མེད། ལས་འགུལ་ཁང་འཛུགས་དགོས་པའི་དམིགས་ཡུལ་ནི་བཙན་བྱོལ་སྤྱི་ཚོགས་ནང་དུ། དབུ་མའི་ལམ་གཞུང་གིས་གཏན་ལ་ཕབ་པ་རེད་ཅེས་ཡིན་ཤག་བྱས་ཏེ་བསྡད་པ་ཙམ་གྱིས་ཕན་གྱི་མེད་སྟབས། མ་སྐུལ་དང་བླངས་ཀྱི་ཐོག་ནས་ལས་འགུལ་ཁང་ནང་མཉམ་ཞུགས་གནང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།

མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་མའི་ལམ་གྱི་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ལན་སྟོན་གནང་དོན། ང་ཚོའི་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་རེད་ཟེར་དུས་ཡིན་ཤག་འདྲ་བྱས་ཏེ། མང་ཚོགས་ནང་ནས་དམིགས་བསལ་གྱིས་དོ་སྣང་མ་སྤྲད་པའི་སྐྱོན་གནས་དང་འཐུས་ཤོར་དེ་འདྲ་གཏན་གཏན་ཡོང་གི་ཡོད་པ་རེད། དཔེར་ན། དེང་སང་ཚོགས་འདུ་དེ་འདྲ་ཚོགས་པའི་སྐབས་སུ་དབུ་མའི་ལམ་གྱི་སྐོར་ལ་སྐད་ཆ་བཤད་རོགས་ཀྱིས་ལབ་དུས། སྐབས་རེར་ངོ་ཡང་ཚ་བ་འདྲ་བོ་འདུག དབུ་མའི་ལམ་གྱི་སྐོར་ལ་ག་ཚོད་བཤད་ཚར་བ་རེད། ད་དུང་མུ་མཐུད་ནས་བཤད་དགོས་པའི་གནས་སྟངས་ག་རེ་ཆགས་ཀྱི་འདུག ང་རང་འདྲ་བོ་ཡིན་ན། དབུ་མའི་ལམ་གྱི་སྐོར་ལ་བཤད་དགོས་ཀྱི་ཡོད་ན། གཞོན་སྐྱེས་སློབ་གྲྭར་འགྲོ་བཞིན་པ་ཚོར་དམིགས་སུ་བཀར་ནས་དོ་སྣང་བྱས་ཏེ་ཤོད་ཀྱི་ཡོད་ལ། སློབ་ཕྲུག་ཚོར་ཤོད་སྐབས་ཁོ་རང་ཚོར་ཚོར་བ་དང་དོ་སྣང་མ་འདྲ་ཞིག་སླེབ་ཀྱི་འདུག ཁོ་ཚོ་བློ་གསར་པ་དང་ལོ་གཞོན་གཞོན་ཡིན་པས། ལོ་རྒྱུས་དང་ད་ལྟའི་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་རྒྱུས་མངའ་མེད་པ་དེ་ཚོ། ང་ཚོས་ད་ལྟ་ནས་རྒྱུས་མངའ་བཟོ་ཐུབ་པ་ཡིན་ན་གཏན་གཏན་ཐུགས་ཕན་གསོ་ཐུབ་པ་རེད། ཅེས་དང་། ལས་འགུལ་ཁང་གི་ངོས་ནས་འགྲོ་སོང་གང་ཆུང་ཆུང་བྱས་ཏེ་ལས་འགུལ་མང་པོ་ཞིག་སྤེལ་ཐུབ་པ་བྱུང་བ་དེ་ཡག་པོ་ཡིན་ལ། མི་རབས་རྒན་པོ་ཚོ་རིམ་གྱིས་རྫོགས་འགྲོ་བཞིན་ཡོད་སྟབས། གཞོན་སྐྱེས་ཚོའི་ནང་དུ་རྩ་བ་བརྟན་པོ་འཛུགས་ཐུབ་ཆེད་མ་འོངས་པར་གཞོན་སྐྱེས་ཚོ་དང་། ལྷག་པར་དུ་མཐོ་སློབ་ཁག་གི་ནང་ཆེད་དུ་དམིགས་ཏེ་བགྲོ་གླེང་གོ་སྡུར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དབུས་རྒྱུན་སྤོག་ར་ས་འཐུས་ཚོགས་གཙོ་ཚེ་རིང་སྲིད་བརྟན་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༤ པ་ནས་ ༢༠༡༥ ཟླ་ ༤ པ་བར་གྱི་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་། ལས་འགུལ་ཁང་གི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་གཙོས་ལ་དྭགས་སོགས་བོད་མི་འདུས་སྡོད་བྱས་ཡོད་པའི་ས་གནས་དང་སྡེ་ཚན་ཁག་ ༢༡ དང་། མ་སུ་རི་བོད་ཁྱིམ་དང་སེ་ལ་ཀོལ་བོད་ཁྱིམ། གྷོ་པ་པུར། དེ་བཞིན་སུ་ཇཱ་བོད་ཁྱིམ་སོགས་སློབ་གྲྭ་ཁག་ཅིག་བཅས་ཀྱི་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཡོད་པ་དང་། དེ་བཞིན། དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་ ༣ རིང་དབུ་མའི་ལམ་གྱི་མི་མང་ལས་འགུལ་སྤེལ་བ། གཞན། ༧གོང་ས་མཆོག་གི་དབུས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས། སྔ་རྗེས་སུ་གནང་བའི་དབུ་མའི་ལམ་དང་འབྲེལ་བའི་གསུང་བཤད་རྣམས་ཕྱོགས་བསྒྲིགས་གནང་བའི་འོད་སྡེར་གཉིས་ས་གནས་ཁག་ ༣༠ ལྷག་གི་ནང་ ༡༠༠༠ རེ་འགྲེམས་སྤེལ་གནང་ཡོད་པ་སོགས་བཀོད་འདུག

ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་རྩིས་ཁྲ་སྙན་སྒྲོན་གནང་བ་ལྟར་ན། ལས་འགུལ་ཁང་ལ་ཁྱོན་ཧིན་སྒོར་འབུམ་བཞི་དང་ལྔ་ཁྲི་ཆིག་སྟོང་བརྒྱ་མེད་དགུ་བཅུ་གོ་བརྒྱད་(༤༥༡༠༩༨ )བྱུང་བའི་ནང་ནས། ཧིན་སྒོར་འབུམ་གསུམ་དང་དགུ་ཁྲི་བདུན་སྟོང་བདུན་བརྒྱ་བཅུ་མེད་བཞི་( ༣༩༧༧༠༤) འགྲོ་སོང་བཏང་རྗེས། ད་ལྟ་ཧིན་སྒོར་ཁྲི་ལྔ་དང་སུམ་སྟོང་སུམ་བརྒྱ་དགུ་བཅུ་གོ་གསུམ་(༥༣༣༩༣) ལྷག་ཡོད་འདུག

ཐེངས་འདིའི་ཉིན་གྲངས་ ༣ རིང་གི་ཚོགས་ཆེན་ཐོག འགན་འཛིན་ལྷན་ཚོགས་ཐེངས་གསུམ་པའི་གྲོས་ཆོད་ཁག་དབུས་ས་གཉིས་ནས་ལག་ལེན་ཇི་ལྟར་འཁེལ་ཡོད་མེད་དང་། ལོ་གཅིག་དང་ཕྱེད་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་དང་འབྲེལ་དེའི་ཐོག་དོགས་འདྲི་གོ་སྡུར་གནང་རྒྱུ་དང་། བོད་ནང་གི་ཛ་དྲག་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ལས་འགུལ་སྤེལ་ཕྱོགས། དེ་བཞིན་༧གོང་ས་མཆོག་གི་སྐུ་ཕྱྭ་དང་དོལ་རྒྱལ་ཁ་ལ་འཁྱེར་མཁན་ཉུང་ཤས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་དང་བོད་མིའི་འཐབ་རྩོད་ལ་གཏོར་བཤིག་འགོག་རྐྱེན་བཟོ་བཞིན་པར་ལན་འདེབས་གནང་ཕྱོགས། གཞན་ཡང་། རྒྱ་གཞུང་གིས་ཉེ་སྔོན་བཏོན་པའི་རྒྱབ་ཤ་དཀར་པོ་ཞེས་པའི་ཐོག་བགྲོ་གླེང་དང་འབྲེལ། དེའི་ནང་བོད་དང་དབུ་མའི་ལམ་གྱི་སྐོར་ལ་འཁྱོག་བཤད་བྱས་པར་ལན་འདེབས། བོད་མིའི་སྒྲིག་འཛུགས་དང་ཕྱར་གྲུ་མཉམ་འདེགས་ཀྱིས་དབུ་མའི་ལམ་གྱི་གོ་རྟོགས་གོང་སྤེལ་དང་། ལས་འགུལ་ཁང་སྲ་བརྟན་ཚགས་ཚུད་ཡོང་ཐབས་སོགས་གྲོས་གཞི་ཁག་ ༩ ཡི་ཐོག་གྲོས་སྡུར་དང་། དབུས་རྒྱུན་གསར་འདེམས་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 2

  1. ཤར་མདའ། says:
    ལོ་ 11 སྔོན།

    དབུ་མའི་ལམ་ཟེར་བ་འདི་བོད་གཞུང་གིས་ལམ་ཕྱོགས་ཡིན་ན་ཚོགས་པ་ཞིག་གིས་འདི་ལྟར་འཛིན་སྐྱོང་དགོས་པའི་རྒྱུ་མཚན་གང་ལ་ཐུག་མི་མང་ལ་གོ་རྟོགས་མེད་པ་དབུས་གཞུང་གིས་ཅི་བཞིན་གསལ་བཤད་དང་སྒྲོག་སྦྱང་བྱེད་མ་ཐུབ་པས་གཞན་ཆ་ཞིག་རེད་དྲན་སོང་གཙོ་བོ་༸གོང་ས་མཆོག་གིས་འདི་ལྟར་ལམ་ཕྱོགས་ཡག་པོ་ཞིག་འུ་ཚོ་ལ་བསྟན་ན་ཡང་ད་དུང་ཤར་སྐྱོད་བྱེད་མ་ཐུབ་མ་མི་མང་ལ་ཤེས་ཡོན་གྱི་གོ་རྟོགས་མེད་པ་དང་དབུ་མའི་ལམ་གྱི་ངོ་བོ་ཅི་བཞིན་ར་སྤྲོད་མ་ཐུབ་པའི་གཞན་ཆ་རེད་དྲན་སོང་།

    Reply
  2. བོད་ཀྱི་བུ། says:
    ལོ་ 11 སྔོན།

    དབུ་མའི་ལམ་ལས་འགུལ་ཁང་ནི་རང་བཙན་ལ་ཁ་རྡུང་དང་མགོན་བཅག་མཁན་གྱི་ཚོགས་པ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese