མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱིད་གྲོང་དང་གཉའ་ལམ་གྱི་ས་བབ་འགྱུར་ལྡོག་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཚན་རིག་པ་སྐོར་ཞིག་གིས་བརྟག་དཔྱད་བྱས་འབྲས་སུ་བཞི་པའི་ཉེར་ལྔའི་བལ་ཡུལ་ས་ཡོམ་གྱི་རྐྱེན་པས་སྐྱིད་གྲོང་དང་གཉའ་ལམ་གྱི་ས་བབ་ཆགས་ཚུལ་ལ་འཕོ་འགྱུར་ཕྱིན་ཡོད་ཚུལ་གསལ་བསྒྲགས་བྱས་འདུག

ཁ་སང་རྒྱ་ནག་ས་ཁམས་རིག་པའི་གཙུག་ལག་སློབ་ཆེན་གྱི་ས་ཁམས་རིག་པ་བ་ཝང་ཆི་ (Wang Qi) ཡིས་སྣེ་ཁྲིད་པའི་ས་གཤིས་རིག་པ་བའི་རུ་ཁག་ཅིག་གིས་ཟླ་སྔོན་མའི་ཚེས་ ༢༥ ཉིན་བལ་ཡུལ་དུ་བྱུང་བའི་ས་ཡོམ་སྐོར་ལ་བརྟག་དཔྱད་བྱས་པ་བརྒྱུད་དེ། ས་ཡོམ་དེའི་ཤུགས་རྐྱེན་འོག་བོད་རང་སྐྱོང་ལྗོངས་འོག་གི་སྐྱིད་གྲོང་དང་གཉའ་ལམ་ཁུལ་གྱི་ས་བབ་སན་ཊེ་མི་ཊར་དྲུག་ཅུ་ (60 centimeter) ལྷག་ལྷོ་ངོས་སུ་སྤོ་ཤུད་ཕྱིན་ཡོད་པ་གསལ་བསྒྲགས་སྤེལ་འདུག

ཝང་ཆི་ཡིས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ། “བཞི་པའི་ཉེར་ལྔའི་ས་ཡོམ་རྐྱེན་པས་རྒྱ་གར་ས་ཁོངས་ (Indian Plate) དང་ཡུ་རོབ་དང་ཨེ་ཤ་ཡའི་ས་ཁོངས་(Eurasian plate) སྒུལ་སྐྱོད་བྱས་ཏེ་ཨེ་ཤ་ཡའི་རྨང་གཞིའི་ས་བབ་ལ་གཡོ་ཁྱོམ་ཆེན་པོ་ཐེབས་ཡོད་པ་མ་ཟད། སྐྱིད་གྲོང་དང་གཉའ་ལམ་ནི་ས་ཡོམ་བྱུང་སའི་ལྟེ་བར་ཉེ་བོ་ཆགས་ཡོད་སྟབས། སན་ཊེ་མི་ཊར་ ༦༠ ལྷག་ལྷོ་ངོས་སུ་སྤོ་ཤུད་ཕྱིན་ཡོད་པ་མ་ཟད། གཉའ་ལམ་གྱི་ས་བབ་སན་ཊེ་མི་ཊར་ ༡༠ ལྷག་མར་ཆག་འདུག ཡིན་ཡང་ང་ཚོས་ཉེ་ལམ་ཚན་རིག་པ་ཁག་གཅིག་གིས་ཇོ་མོ་གླང་མའི་མཐོ་ཚད་མི་ཊར་ ༢ ཚེག་ ༥ མར་ཆག་པ་དང་། ཧི་མ་ཡ་ལའི་རི་རྒྱུད་ཀྱི་མཐོ་ཚད་མི་ཊར་ ༡ ཙམ་དམའ་རུ་ཕྱིན་ཡོད་པའི་སྒྲུབ་བྱེད་བཤད་པ་དང་། ང་ཚོར་རྒྱུ་ཆ་རག་པ་གཉིས་ཟུང་འབྲེལ་ཐོག་བརྟག་དཔྱད་བྱས་ཏེ་དོན་དངོས་ཐོག་ཧི་མ་ལ་ཡའི་རི་རྒྱུད་དག་དམའ་རུ་འགྲོ་བཞིན་ཡོད་མེད་འགྲེལ་བཤད་རྒྱག་རྒྱུ་ཡིན། ”ཞེས་བརྗོད་འདུག

དེང་རབས་ས་གཤིས་རིག་པ་ཚོས་བལ་ཡུལ་གྱི་ས་ཡོམ་དེ་ནི་གོ་ལའི་འཐེན་ཤུགས་ཀྱི་དབང་གིས་རྒྱ་གར་ས་ཁོངས་དང་། ཡུ་རོབ་དང་ཨེ་ཤ་ཡའི་ས་ཁོངས་གཉིས་གདོང་ཐུག་བརྒྱབ་སྟེ། ས་གཞིར་གཡོ་འགུལ་ཐེབས་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ས་གཤིས་ཚན་རིག་པ་མང་པོ་ཞིག་གིས་རྒྱ་གར་ས་བབ་དམའ་པོ་ཡིན་སྟབས། ཡུ་རེ་ཤན་ས་བབ་དང་གང་འདྲ་བྱས་ནས་གདོང་ཐུག་རྒྱག་གི་རེད་ཅེས་དྲི་བ་ཡོང་གི་ཡོད་པ་ལྟར། གནའ་རབས་ཀྱི་ས་གཤིས་རིག་པ་ཚོའི་བར་ལ་ལྟ་ཚུལ་དེ་བཞིན་བྱུང་ཡོད་སྟབས། ཁ་སང་རྒྱལ་སྤྱིའི་ས་གཤིས་རིག་པ་བ་ཨོ་ཌི་ཝར་ (Oliver E. Jagoutz) གྱིས་ས་གཤིས་དུས་དེབ་ (journal Nature Geoscience) ཐོག་ཧི་མ་ལ་ཡའི་རི་རྒྱུད་དུ་ས་ཡོམ་གང་འདྲ་བྱས་ནས་འབྱུང་བཞིན་ཡོད་པ་དང་། ས་ཡོམ་བྱུང་རྗེས་མངའ་ཁུལ་གྱི་མཐོ་ཚད་དང་ཞེང་ཚད་ལ་འགྱུར་བ་འགྲོ་བཞིན་ཡོད་པ་སོགས་ལ་འགྲེལ་བཤད་རྒྱག་དཀའ་མོ་རེད་ཅེས་བརྗོད་འདུག ཧོ་ལན་ཌིའི་ས་གཤིས་ཚན་རིག་པ་ཌོ་ཝེ་(Douwe J.J. van Hinsbergen) ཡིས་ཧི་མ་ལ་ཡའི་རྨང་གཞིའི་ས་བབ་ལ་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད་པ་དེ་ནི་ཚན་རིག་པས་བརྟག་དཔྱད་བྱ་རྒྱུར་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད་ཅེས་བརྗོད་འདུག

དེ་རིང་ས་གཤིས་རིག་པ་བ་པི་ཌར་མོ་ཎར་ (Peter H. Molnar) གྱིས་རྒྱལ་སྤྱིའི་ས་ཁམས་རིག་པའི་དུས་དེབ་ཐོག ལོ་ས་ཡ་ ༡༠༠ སྔོན་ལ་རྒྱ་གར་གྱི་ས་བབ་ནུབ་ཕྱོགས་སུ་འགུལ་སྐྱོད་བྱུང་སྟེ། ཡུ་རེ་ཤན་ས་བབ་དང་ཐུག་ནས་ལྷོ་ཨེ་ཤ་ཡ་མངའ་ཁུལ་དང་ཞི་བདེ་རྒྱ་མཚོ། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་འབྱུང་བཞིན་ཡོད་པ་མ་ཟད། བོད་ལྷོ་ངོས་ཀྱི་ས་ཁུལ་ཁག་ལྷོ་ཕྱོགས་སུ་འཕོ་འགྱུར་བྱུང་སྟེ་ད་བར་ཀི་ལོ་མི་ཊར་ ༢༠༠༠ ཙམ་གཡོ་འགུལ་ཕྱིན་ཡོད་ཅེས་དང་། ཡང་ཚན་རིག་པ་གཞན་ཞིག་གིས་ལོ་ས་ཡ་ ༡༠ སྔོན་ནས་བཟུང་ད་བར་བོད་མཐོ་སྒང་གི་ས་བབ་མཐོ་རུ་འགྲོ་བཞིན་ཡོད་སྟབས། ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་མངའ་ཁུལ་གཉིས་གདོང་ཐུག་བརྒྱབ་ནས་ས་ཡོམ་འབྱུང་བཞིན་ཡོད་པ་མ་ཟད། ཧི་མ་ལའི་རི་རྒྱུད་དང་བོད་ཁུལ་གྱི་ས་བབ་མཐོ་ཚད་དག་ཀྱང་རིམ་བཞིན་ཆག་གི་ཡོད་ཅེས་དང་། ཟླ་འདིའི་ཚེས་ ༡༢ ཉིན་ཨ་རིའི་ས་ཁམས་རིག་པ་བ་རི་ཆར་ཌི་ (Richard Briggs)ཡིས་ཐེངས་འདིའི་བལ་ཡུལ་གྱི་ས་ཡོམ་གྱི་རྐྱེན་པས་གླང་ཐང་ས་ཁུལ་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་ཚད་མར་ཆག་སྟེ། རྒྱ་ཁྱོན་སྤྱི་ལེ་ ༨༠ ནས་ ༡༠༠ ཙམ་གྱིས་ཆེ་རུ་སོང་ཡོད་པ་མ་ཟད། ཧི་མ་ཡ་ལའི་རི་རྒྱུད་ཀྱི་མཐོ་ཚད་མི་ཊར་ ༡ ཙམ་དམའ་རུ་ཕྱིན་ཡོད་ཅེས་སོགས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་ ༡༩ ཉིན། རྒྱ་གར་དུས་བབ་དང་ཚོང་ལས་ཚད་ཐིག་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ད་བར་བཞི་པའི་ཉེར་ལྔའི་ས་ཡོམ་གྱི་རྐྱེན་པས་བལ་ཡུལ་གྱི་མི་ ༩༠༠༠ ལྷག་རྐྱེན་འདས་དང་། སྡོད་ཁང་སྟོང་ཕྲག་ཁ་ཤས་གཏོར་སྐྱོན་བྱུང་ཡོད། དེ་བཞིན་བོད་ནང་བོད་མི་ ༢༥ འདས་གྲོངས་དང་མི་བཞི་གར་སོང་ཆ་མེད་དུ་འགྱུར་བ། བོད་མི་ ༧༩༧ ལ་རྨས་སྐྱོན་དང་བོད་མི་ ༣༠༠༠༠༠ ལྷག་ལ་གནོད་འཚེ་ཕོག་ཡོད་པ་མ་ཟད། བོད་མི་ ༥༢༠༠༠ ལྷག་ཡུལ་གཞན་ལ་ཉེན་གཡོལ་དང་། དགོན་པ་ ༢༤༢ ལྷག་ལ་གཏོར་སྐྱོན་དང་། གྲྭ་བཙུན་ ༢༥༦༦ ཙམ་གྱི་འཚོ་བར་གནོད་སྐྱོན་ཐེབས་ཡོད་པ། ཁཱ་གར་དགོན་པའི་ (Qoigar) སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ ༢༠ ལྷག་ལ་སྐྱོན་ཆག་བྱུང་བ་དང་། གཞན་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་གསུམ་རྡོ་ཧྲུག་ཧྲུག་འོག་བསྣན་ནས་ཕྱིར་འདོན་ཐུབ་མེད་སྐོར་སོགས་བཀོད་འདུག

ཚན་རིག་པ་པེ་ཌར་གྷེ་ཎེ་ལཱ་ཡིས་ཚན་རིག་རྣམ་གཞག་ཅེས་པའི་དུས་དེབ་ཐོག ཉེ་ལམ་བལ་ཡུལ་ནང་ས་ཡོམ་བྱུང་སྟེ་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་བྱུང་ཡོད་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་དང་ཇོ་མོ་གླང་མའི་མཐོ་ཚད་མར་ཆག་ཡོད་པའི་གནས་ཚུལ་བྱུང་ཡོད་སྟབས། ཚན་རིག་པ་དང་ས་ཁམས་རིགས་པ་བ་ཚོས་རྣམ་དཔྱོད་ཀྱི་རྩལ་བཏོན་ཏེ། གནད་དོན་དེ་དག་གི་རྒྱུ་རྐྱེན་གང་ཡིན་དང་གདོང་ལེན་ཇི་ལྟར་བྱེད་དགོས་པ་སོགས་རྒྱལ་སྤྱིའི་མང་ཚོགས་ལ་འགྲེལ་བཤད་རྒྱག་ཐུབ་པ་ཡིན་ན། མ་འོངས་པར་ཁོ་ཚོའི་བདེ་འཇགས་ལ་ཉེན་ཁ་ཉུང་བ་ཡོང་གི་རེད་ཅེས་སོགས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. ཤག་སྒང་པ། says:
    ལོ་ 11 སྔོན།

    དཔྱད་ཞིབ་རང་བཞིན་གྱི་གསར་འགྱུར་འདི་ཡག་པོ་འདུག

    བལ་ཡུལ་ས་ཡོམ་གྱི་གནས་ཚུལ་ཏག་ཏག་དེ་ས་ཁམས་རིག་པ་སུས་རྟོགས་པ་དེ་ཡི་མཚན་སྙན་འབར་ངེས་རེད།

    བཀྲིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese