མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་ཆེད་མཁས་ཚོང་པའི་གཟེངས་རྟགས་སྤྲོད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་སྲིད་སྐྱོང་ཆེད་མཁས་ཚོང་པ་ཞིག་ལ་གཟེངས་རྟགས་ཧིན་སྒོར་འབུམ་ ༢༡ དང་། ཆེད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཆེད་ཚོང་པ་གསུམ་ལ་ཧིན་སྒོར་འབུམ་ ༡༥ སྤྲོད་རྒྱུ་ཡིན་འདུག

དེ་རིང་ཞོགས་པའི་དུས་ཚོད་ ༡༡:༣༠ སྟེང་། གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་ཁེ་ལས་ཡར་སྐུལ་གྱི་རམ་འདེགས་སྡེ་ཚན་ (TED) དང་། ཁེ་ན་ཌའི་ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པ་གཉིས་མཉམ་འབྲེལ་འོག གསར་གཏོད་དང་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་༼ སྲིད་སྐྱོང་ཆེད་མཁས་ཚོང་པའི་གཟེངས་རྟགས། ༢༠༡༥ ༽ཞེས་པར་ཧིན་སྒོར་འབུམ་ ༡༡ དང་། ཚོང་ལས་གསར་དུ་གཉེར་མཁན་ཚོར་དམིགས་པའི་༼ ཆེད་མཁས་ཚོང་པ་གསར་བའི་མ་དངུལ་རོགས་སྐྱོར་གཟེངས་རྟགས། ༽ལ་ཧིན་སྒོར་འབུམ་ ༡༥ བཅས་བསྩོལ་རྒྱུ་གཏན་འཁེལ་བྱུང་ཡོད་སྐོར་གསལ་བསྒྲགས་གནང་སོང་།

ལས་གཞི་འདི་ནི། བཙན་བྱོལ་བོད་མིའི་ཚོང་ལས་ཡར་རྒྱས་ཆེད་བཙུགས་པའི་དཔལ་འབྱོར་ལས་ཁུངས་འོག་གི་ ‘བཙན་བྱོལ་བོད་མིའི་ཚོང་ལས་རམ་འདེགས་ལས་འཆར་ཚན་པ།’ ཞེས་པར་ཁེ་ན་ཌའི་ཏཱ་ལའི་བླ་མ་ཐེབས་རྩ་ཁང་གིས་མཐུན་སྦྱོར་གནང་གོ་སྒྲིག་བྱས་པ་ཞིག་ཡིན་འདུག

 ལས་གཞི་འདིའི་དམིགས་ཡུལ་གཞིས་ཆགས་ཁག་གི་བོད་མི་གཞོན་སྐྱེས་ཚོར་ལས་ཞུགས་གོ་སྐབས་བསྐྲུན་ཏེ་སོ་སོའི་གཞིས་ཁོངས་སུ་གནས་ཐབས་དང་། དཔལ་འབྱོར་རྒྱབ་སྐྱོར་གྱི་དགོས་མཁོར་ཐུག་པའི་ཚོང་པ་གསར་པ་ཚོར་མ་དངུལ་མཐུན་སྦྱོར་སོགས་ཀྱི་སེམས་ཤུགས་སྤེལ་ཏེ། ཚོང་ལས་ཐོག་ནས་གཞིས་ཆགས་རྒྱུན་གནས་ཐུབ་ཐབས་ལ་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་སྤེལ་ཐབས་སོགས་ཡིན་འདུག

ལས་གཞིའི་འདིའི་ཁོངས་སུ་ཞུགས་འདོད་ཡོད་རིགས་ཚོས་ཕྱི་ཟླ་ ༧ ཚེས་ ༣༡ གི་སྔོན་ལ་སྙན་ཞུ་རྒྱག་དགོས་པ་དང་། སྲིད་སྐྱོང་ཆེད་མཁས་ཚོང་པའི་གཟེངས་རྟགས་ཏེ་མི་གཅིག་ལ་སྤྲོད་རྒྱུ་ཡིན་པ་དང་། ཆེད་མཁས་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་དེ་ད་ཆར་མི་འགྲོ་གྲངས་ཚད་ངེས་བརྟེན་མེད་ཀྱང་། སྙན་ཞུ་འབུལ་མཁན་ཁྲོད་མཐའ་མའི་འདེམས་སྒྲུག་བྱུང་བ་རྣམས་ལ་ཆ་བགོས་བྱེད་རྒྱུ་ཡིན་འདུག མི་འགྲོ་འདེམས་སྒྲུག་བྱེད་མཁན་དེ་ཚོང་ལས་རམ་འདེགས་ཚན་པའི་ཚོགས་ཆུང་ཡིན་པ་དང་། གཟེངས་རྟགས་ཐོབ་མཁན་རྣམས་ཕྱི་ཟླ་ ༩ ནང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་རྒྱུ་ཡིན་འདུག

སྲིད་སྐྱོང་ཆེད་མཁས་ཚོང་པའི་གཟེངས་རྟགས་ཞེས་པ་དེ་ནི། ད་ཡོད་བཙན་བྱོལ་སྤྱི་ཚོགས་ནང་གི་ཚོང་པ་རང་ཉིད་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་ལ་ཕན་ནུས་ཅི་དང་གང་ཐོན་ཡོད་མེད། རང་གི་ཚོང་ལས་དེའི་ཐོག་ནས་འབྱུང་འགྱུར་གྱི་ཚོང་པ་གསར་པར་བློ་སྤོབས་དང་སྐུལ་སློང་ཐེབས་པའི་དཔེ་བཟང་མི་སྣར་འགྱུར་མིན་སོགས། སྤྱི་ཚོགས་དང་དཔལ་འབྱོར་གཉིས་ཀྱི་ངོས་ནས་ཚོང་པའི་འཇོན་ཐང་ལ་ཆེས་བསྟོད་ཆེད་ཧིན་སྒོར་ ༢༡༠༠༠༠༠ གནང་རྒྱུ་ཡིན་པ་དང་། ཆེད་མཁས་ཚོང་པ་གསར་བའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཞེས་པ་དེ་ནི། ཚོང་དོན་ལ་གསར་དུ་འཇུག་མཁན་གཞོན་སྐྱེས་ཚོའི་ཁྲོད་དུ། ཚོང་ལས་ལ་མོས་འདུན་དང་དེའི་ལས་འཆར་སོགས་གང་ཅིའི་ཐད་ནས་ཚད་ལྡན་ཡིན་ནའང་། དཔལ་འབྱོར་གྱི་རྒྱབ་བརྟེན་ཅི་ཡང་མེད་མཁན་ཚོར་དམིགས་ཏེ། མ་འོངས་པའི་ཚོང་པ་གསར་པ་མ་དངུལ་རོགས་སྐྱོར་ཧིན་སྒོར་ ༡༥༠༠༠༠༠ གནང་རྒྱུ་བཅས་གཏན་འཁེལ་ཡོད་འདུག

གསར་འགོད་གསལ་བསྒྲགས་ཐོག་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ཐེངས་འདིའི་གཟེངས་རྟགས་བསྩོལ་ཕྱོགས་དང་འཐུས་མི་འདེམས་ཕྱོགས། དེའི་ཆ་རྐྱེན་སོགས་ངོ་སྤྲོད་གནང་བ་དང་། སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས། མ་འོངས་བོད་མིའི་ཉོ་འཚོང་ལས་རིགས་ལ་ཁ་ཕྱོགས་ཏེ། ང་ཚོ་བོད་པའི་སློབ་ཕྲུག་ཚོས་འཛིན་རིམ་བཅུ་བ་དང་བཅུ་གཉིས་སྐབས་ཀྱི་ (CBSE) སྦྱོང་གཞིའི་ནང་གི་རྩིས་རིག་གཅིག་པུ་ཙམ་མ་ཡིན་པར། གཞན་ཚོང་གཉེར་གྱི་མ་དངུལ་འཚོལ་སྒྲུབ་བྱེད་སྟངས་དང་འཛིན་སྐྱོང་དོ་དམ་བྱེད་ཕྱོགས། བཟོ་ལས་ཐོན་བསྐྱེད་བྱེད་སྟངས། དེ་བཞིན་ཉོ་འཚོང་ལས་རིགས་ཀྱི་དཔལ་འབྱོར་འདུ་འགོད་སོགས་ལ་དོན་གཉེར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. GoldDust says:
    ལོ་ 11 སྔོན།

    བོད་པའི་སྤྱི་ཚོགས་འདི་ཁྱད་མཚར་རེད། གནང་ན་གནང་བའི་དཀའ་ངལ། མ་གནང་ན་མ་གནང་བའི་སྡུག་བསྔལ། མང་པོ་སྤྲོད་ན་མང་པོ་སྤྲོད་བའི་སྔུག་བསྔལ། ཉུང་ཉུང་སྤྲོད་ན་ཉུང་ཉུང་སྤྲོད་པའི་སྡུག་བསྔལ། དངོས་གནས་ཡ་མཚན་རེད།

    Reply
  2. འཇིགས་མེད་སེངྒེ། says:
    ལོ་ 11 སྔོན།

    སྲིད་སྐྱོང་སློབ་ཡོན། སྲིད་སྐྱོང་ཚོགས་ཁང་། སྲིད་སྐྱོང་ཆེད་མཁས་ཚོང་པའི་གཟེངས་རྟགས།
    སྲིད་སྐྱོང་་་་སྲིད་སྐྱོང་་་་་

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 11 སྔོན།

    དགོས་པ་དམིགས་བསལ་བ་རེ་ཡོད་ན་རྗེས་སུ་ཡི་རང་ཡོད་་་་་སྐད་གྲགས་ཤིག་གི་ཕྱིར་ཏུ་འདི་ལྟར་བྱེད་ཀྱིན་ཡོད་ན་ངོ་རྒོལ་ཡོད་་་་རྡ་སའི་ཉེ་འཁོར་ན་ཡོད་པའི་བོད་པ་ཚོར་དཀའ་ངལ་ཡོད་པ་མ་ཤེས་པ་ག་ལ་ཡིན་་་་དེ་ཚོ་ལོ་དང་ལོ་བསྟུད་ནས་སྣང་མེད་བྱས་ནས་ཡོང་བ་རེད་་་་་འོན་ཀྱང་ཉེ་ཆར་བྱུང་བའི་བལ་ཡུལ་གྱི་གོད་ཆག་ཁྲོད་ལྷག་པའི་བོད་པ་ཚོ་ཡ་མེད་བྱས་པ་འདི་ཡིད་ཕངས་པ་ཞིག་རེད་་་་ཚོང་པ་ཚོར་འབུམ་ཐོག་འབུམ་བརྩེགས་བྱེད་པ་ལས་བལ་ཡུལ་ན་ལྷག་པའི་བོད་མི་ཉམ་ཆུང་ཚོར་རོགས་རམ་ཕྲན་བུ་ཞིག་བྱས་ན་མི་ལེགས་སམ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese