མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་སློབ་མ་ཚོས་དྲུག་བཞིའི་དོན་རྐྱེན་གླེང་སློང་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༦ པའི་ཚེས་ ༤ ཉིན་ཏེ། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་གྱི་དུས་ཚིགས་བསླེབ་ལ་ཉེ་བ་དང་བསྟུན་ཏེ། ཕྱི་སྡོད་རྒྱ་རིགས་སློབ་མ་ཚོས་རྒྱ་ནག་གཞུང་ལ་དོན་རྐྱེན་དེའི་དངོས་ཡོད་གནས་ཚུལ་གསང་རྒྱ་བྱས་མི་ཆོག་པའི་རེ་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་འདུག

གཟའ་པ་སངས་ཉིན། དབྱིན་ཡིག་གི་གསར་ཁང་ལྟ་སྲུང་ (the guardian)ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་ནུབ་གླིང་རྒྱལ་ཁབ་ཁག་ནང་སྡོད་པའི་རྒྱ་རིགས་སློབ་མ་ཚོས་རྒྱ་ནག་གཞུང་ལ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའི་མི་མང་དམར་གསོད་ཀྱི་དོན་རྐྱེན་ཏེ། ‘༨༩ ལོའི་དམངས་གཙོའི་ལས་འགུལ།’ ཡང་ན་ ‘དྲུག་བཞིའི་དོན་རྐྱེན’ གྱི་དོན་དངོས་གནས་ཚུལ་དག་གསང་རྒྱ་མི་བྱེད་པར། རྒྱལ་སྤྱི་དང་རྒྱ་ནག་མི་མང་ལ་གསལ་བཤད་བྱེད་དགོས་པའི་རེ་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་འདུག

ཨ་རི་དང་ཡུ་རོབ། ཨོ་སི་ཁྲུ་ལེ་ཡ་གཙོས་ནུབ་གླིང་རྒྱལ་ཁབ་ཁག་ནང་སྡོད་པའི་རྒྱ་རིགས་སློབ་མ་ ༡༡ གིས་མིང་རྟགས་བཀོད་པའི་རེ་སྐུལ་ཞུ་ཡིག་དེ་ནི། དེང་གི་རྒྱ་ནག་ནང་གི་དམངས་གཙོ་དོན་གཉེར་བ་དང་ཁེ་དབང་རྩོད་ལེན་པ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ། བུད་མེད་ཀྱི་ཁེ་དབང་རྩོད་ལེན་པ། དེ་བཞིན། རང་དབང་གི་རྩོམ་པ་པོ་བཅས་ལ་རྒྱ་ནག་གཞུང་གིས་བཀག་བསྐྱིལ་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་ཆབ་སྲིད་ཀྱི་ཉེན་བརྡ་ཞིག་ཡིན་པ་དང་། ཞུ་ཡིག་དེ་ལ་ ༼ གོ་ལའི་དུས་བབ།༽ དུ་འབོད་པའི་རྒྱ་ནག་རྒྱལ་ཞེན་རིང་ལུགས་ཀྱི་གསར་ཤོག་སྟེང་ “ཕྱིའི་དགྲ་བོའི་བཙན་སྐུལ” དང་། “སྤྱི་ཚོགས་ཕུང་དཀྲུག་གཏོང་མཁན’ ཞེས་ཁོང་ཁྲོའི་ཁ་རྡུང་དྲག་པོ་བཏང་ཡོད་འདུག

གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་པར། རེ་སྐུལ་ཞུ་འཕྲིན་དེ་ལ་མིང་རྟགས་འགོད་མཁན་རྗོར་རྗེ་ཡ་གཙུག་ལག་སློབ་ཆེན་(University of Georgia) གྱི་རྒྱ་རིགས་སློབ་མ་གུ་ཡེ་ (Gu Yi) ཟེར་བ་ཞིག་གིས “ ཕྱི་སྡོད་རྒྱ་རིགས་སློབ་མ་ཚོའི་སེམས་ལ། ཁོ་ཚོ་རང་གི་མེས་རྒྱལ་དང་ཁ་བྲལ་བའི་སྔ་རྗེས་གང་རུང་དུ་ཕྲད་ཅིང་མྱངས་པའི་རྐྱེན་ངན་བར་ཆད་མང་པོ་ཞིག་གི་དངོས་ཡོད་གནས་ཚུལ་དེ་ཁོ་ཚོས་རང་གི་མེས་རྒྱལ་ནང་བརྒྱུད་སྒྲོག་དང་གསལ་བཤད་བྱེད་པའི་ཀུན་སློང་གི་འགན་འཁྲི་ཞིག་ཅི་ནས་ཀྱང་ཡོད་པར་སེམས” ཞེས་བརྗོད་ཡོད་འདུག

༡༩༨༩ ལོའི་ ༦ ཚེས་ ༤ ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་མང་གིས་ངོ་རྒོལ་སྐད་འབོད་ལ་སྲིད་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པའི་གནས་ཚུལ་ཡིན་འདུག་ལ། གུ་ཡེ་མཐུད་བརྗོད་དོན། “ང་རང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་། ངས་ཕྱི་ཕྱོགས་ཀྱི་དངོས་ཡོད་གནས་ཚུལ་དེ་རང་གི་ཡུལ་མི་ཚོར་བཤད་དགོས་པའི་འོས་འགན་ཞིག་ཡོད་པར་འདོད་དེ། ད་བར་ང་ཚོས་འཇིགས་སྐྲག་གི་ལོ་ཟླ་མང་པོ་ཕར་བསྐྱལ་བ་ཡིན། ད་ནི་ང་ཚོས་འཇིག་ཉེན་འདི་དག་ལ་ཕྱིར་རྒོལ་བྱས་ན་ནི། ང་ཚོ་གཞི་ནས་རང་དབང་གིས་འཚོ་ཐུབ”ཅེས་བརྗོད་ཡོད་འདུག

ཞུ་ཡིག་དེ་ལ་ཕྱི་སྡོད་རྒྱ་རིགས་སློབ་མ་ ༥༠ ལྷག་གིས་མོས་མཐུན་དང་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་དེ། རྒྱལ་སྤྱིའི་བརྒྱུད་ལམ་དུ་སྤེལ་ཡོད་པ་དང་། གུ་ཡེ་ཁོ་རང་གིས་བློ་སྤོབས་ཆེར་བསྐྱེད་ཀྱིས། གནས་ཚུལ་དེ་རྒྱ་ནག་ནང་གི་སློབ་ཆེན་མ་ཞིག་ལ་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། རང་གི་ཕ་མ་གཉིས་སེམས་ཁུར་ལ་མི་གཏད་པའི་ཆེད་དུ། གནས་ཚུལ་དེ་ཁོང་ཚོར་མི་བཤད་པའི་ཁ་དན་ཡང་བྱས་ཡོད་འདུག

གུ་ཡེས་ལགས་ཀྱིས་རྒྱ་ནག་གི་༼གོ་ལའི་དུས་བབ་༽ གསར་ཁང་གི་ཆེས་གདུག་རྩུབ་ཆེ་བའི་ཁ་རྡུང་ལ་མ་བལྟས་པར། “ངས་ནི་གསར་ཁང་འདིས་ཕྱི་སྡོད་སློབ་མ་བཅུ་གཅིག་གིས་སྤྲེངས་པའི་ཞུ་ཡིག་འདི་ལ་དོ་སྣང་བྱས་པར་ཧ་ཅང་དགའ་བོ་བྱུང་། དེ་མིན་ཚེ། གནས་ཚུལ་འདི་གོ་མེད་ཚོར་མེད་ངང་མུན་ནག་གི་ཀློང་དུ་ལྷག་ཡོད་པ་རེད། ༼གོ་ལའི་དུས་བབ་༽ གསར་ཁང་གི་ཁ་རྡུང་བཏང་བར་བརྟེན། ང་ཚོའི་ཞུ་ཡིག་འདི་ཁྱབ་བརྡལ་དུ་ཕྱིན་པ་རེད། ང་ཚོའི་བསམ་པར། ཁོང་ཚོས་ཞུ་འཕྲིན་འདི་ལམ་སང་ཕྱིར་བསྡུ་དང་བཀག་སྡོམ་བྱེད་ཚུལ་ལ་བལྟས་ན། ཁོང་ཚོས་དེ་ལ་དྲིས་ལན་ཁ་གསལ་ཞིག་མ་རྙེད་པ་དང་། བརྡ་འཕྲིན་འདིས་རྒྱ་ནག་སྐམ་ས་ཆེན་མོར་གཡོ་འཁྱོམ་མི་ཉུང་བ་ཞིག་ཐེབས་ཡོད་སྙམ་བྱུང”ཅེས་བརྗོད་ཡོད་འདུག

སྤྱིར་བཏང་ ༡༩༨༩ ལོའི་ཟླ་ ༥ ནས་ ༦ བར་གནས་ཚུལ་ཅི་བྱུང་ཡོད་མེད་ནི་སྐབས་དེའི་རྒྱ་ནང་གི་སློབ་མ་ཚོས་འགྲེལ་བརྗོད་བྱས་པ་ལྟར་ཡིན་ནའང་། ད་རེབ་ཀྱི་རེ་སྐུལ་ཞུ་ཡིག་དེའི་ནང་། རྒྱ་ནག་གཞུང་གིས་བརྒྱུད་ལམ་ཁག་སྟངས་འཛིན་བཀག་སྡོམ་བྱས་པར་སྐྱོན་བརྗོད་དང་བཅས་བརྗོད་དོན། “ ལ་ཤས་ཤིག་གིས་རྒྱ་ནག་དམར་ཤོག་ཚོགས་པས་དྲུག་བཞིའི་དོན་རྐྱེན་གྱི་རྩོད་གླེང་ཉུང་དུ་བཏང་ཡོད་སྟབས། ང་ཚོས་མུ་མཐུད་དུ་དོན་རྐྱེན་དེ་གླེང་དགོས་དོན་མི་འདུག་ཟེར་མོད། དོན་དངོས་སུ་རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་གྱི་དངོས་ཡོད་གནས་ཚུལ་ནག་གསུབ་དང་སྐབས་དེར་སྡུག་སྦྱོང་རེག་མཁན་ཚོར་དུས་ད་ལྟ་ད་དུང་ཡང་དམའ་འབེབ་དང་ཁྱད་གསོད་གཏོང་གི་འདུག”ཅེས་དང་། ཡང་རྒྱ་ནག་གཞུང་གིས་དེང་གི་དཔལ་འབྱོར་འཕེལ་རྒྱས་ལ་གཏད་པའི་དམིགས་བྱ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱི་རེ་འབོད་དེ་ ‘རྒྱ་ནག་གི་རྨི་ལམ’ མགོ་མཇུག་སློག་དགོས་པའི་སྐོར་ནས “ང་ཚོའི་སེམས་ནའང་རྒྱ་ནག་གི་འབྱུང་འགྱུར་དང་ཁད་ཧ་ཅང་ཉེ་བའི་རྨི་ལམ་རེ་ཡོད། དེ་ནི་དྲང་བདེན་སྒོས། དངོས་བྱུང་ལོ་རྒྱུས་གཞིར་བཞག་སྟེང་། སྤྱི་དམངས་ཚང་མ་འཇིགས་སྐྲག་ལས་ཐར་བའི་རང་དབང་གི་འཇིག་རྟེན་ཞིག་ཏུ་འཚོ་ཞིང་གནས་ཐུབ་རྒྱུ་དེ་ཡིན་ལ། ང་ཚོ་ཕྱི་སྡོད་རྒྱ་རིགས་སློབ་མར་མཚོན་ན། འདི་ནི་ང་ཚོའི་རྨི་ལམ་ཡིན”ཞེས་བྲིས་ཡོད་འདུག

རེ་སྐུལ་ཞུ་ཡིག་དེའི་ཐད་ལ། རྒྱ་ནག་གི་རང་དབང་རྩོམ་པ་པོ་དང་ལོ་རྒྱུས་སྨྲ་བ། སྲིད་དོན་དཔྱད་བརྗོད་པ་ཀྲུང་ལེ་ཧྥན་ (Zhang Lifan) ཟེར་བ་ཞིག་གིས་ “འབྱུང་འགྱུར་ཁོ་ཚོ་ཕྱིར་རྒྱ་ནག་ནང་དུ་ལོག་ནས་ལས་གནས་ཤིག་འཚོལ་དགོས་བྱུང་ཚེ། དེ་དུས་ཁོ་ཚོ་དཀའ་ཁག་ལ་འཕྲད་ངེས་རེད་ལ། ཐ་ན་ཁོ་ཚོའི་ཁྱིམ་མི་ཚོ་ཡང་དཀའ་སྡུག་ལ་འཕྲད་ཉེན་ཆེ” ཅེས་བརྗོད་ཡོད་འདུག

ལྟ་སྲུང་གསར་ལམ་གྱིས་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་ནི། རྒྱ་ནག་ནང་གི་གསང་རྒྱ་ཆེན་པོའི་གྲས་ཀྱི་གཅིག་ཡིན་ཞིང་། རྒྱ་ནག་གཞུང་གིས་དངོན་སུམ་འཛེམ་མེད་ལ་བརྒྱུད་ལམ་ཁག་བཀག་སྡོམ་བྱས་ནས། གཞུང་འབྲེལ་བརྒྱུད་ལམ་དུ་ཉིན་མོ་དེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེ་ནི་ཆེས་སྤྱིར་བཏང་གི་དོན་རྐྱེན་འབའ་ཞིག་ཏུ་འགྲེལ་བརྗོད་བྱས་ཡོད་པ་དང་། དྲུག་བཞིའི་དོན་རྐྱེན་སྐབས་སུ། མི་མང་གིས་ངོ་རྒོལ་དང་སྲིད་གཞུང་གིས་དྲག་གནོན། དེའི་རྗེས་ཀྱི་ཡ་ང་བའི་སྐྱོ་གར་བཅས་དང་འབྲེལ་བའི་བརྩམས་ཆོས་༼ མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྗེས་དྲན་༽ རྩོམ་པ་པོ་ལོ་ཡེ་སི་ལེམ་ (Louisa Lim) ལགས་ཀྱིས “ཞུ་འཕྲིན་འདི་ནི་ཇི་འདྲའི་ཉེན་ཁ་ཆེན་པོ་ཞིག་མ་ཡིན་ནམ། བྱེ་ཐང་གི་རྐང་རྗེ་འདྲ་བའི་ཆབ་སྲིད་ཀྱི་ཚོར་འདུས་ཡོངས་སུ་གཏམས་པའི་རེ་སྐུལ་ཞུ་འཕྲིན་འདི་ལ་ཨ་ལན་འདེབས་རྒྱུ་ནི་མི་སྲིད་པ་ཞིག་རེད། ལྷག་པར་དུ་ན་ནིང་དྲུག་བཞིའི་དུས་དྲན་ཐེངས་ ༢༥ རྗེས་ནས་བཟུང་། དོན་རྐྱེན་འདི་གླེང་ཕྱོགས་ཐད་ལ་བགྲོ་གླེང་གྲོས་མོལ་གནང་བའི་གནས་བབ་སྡུག་རུ་ཕྱིན་ཡོད” ཅེས་དང་། “སྔོན་ཆད། རང་ཁྱིམ་གྱི་རྒྱ་སྒོའི་ནང་ལོག་ནས་རྗེས་དྲན་ཞུ་མཁན་གང་ཟག་སྒེར་བ་ཚོར་བཟོད་བསྲན་གུ་ཡངས་བྱས་ཀྱང་། ན་ནིང་ཁོང་ཚོ་དམིགས་འབེན་དུ་བཟུང་འདུག་པར་གཞིག་ན། མི་མང་གི་མངོན་འདོད་ཇི་ལྟར་ཡང་། རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་ལ་བགྲོ་གླེང་གྲོས་མཐུན་དང་རྗེས་དྲན་སྲུང་བརྩི་གང་ཡང་གནང་འདོད་མེད་ཤག་རེད་ལ། དུས་རབས་གཅིག་གི་ཡར་སྔོན་ནས་རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་གསང་རྒྱ་བྱེད་པའི་དམིགས་བྱ་དོན་སྨིན་བྱུང་ཡོད” ཅེས་བརྗོད་ཡོད་སྐོར་བཀོད་འདུག

རྒྱ་རིགས་སློབ་མ་ལེམ་ལགས་ཀྱིས་མུ་མཐུད་དུ་རྒྱ་ནག་གཞུང་གིས་མི་དམངས་མང་ཚོགས་ཀྱིས་མི་མཐོང་མི་ཐོས་པའི་ཆེད་དུ། ཕྱི་ཕྱོགས་དང་འབྲེལ་བའི་གསར་གནས་བརྒྱུད་ལམ་ཁག་བཀག་སྡོམ་དང་སྟངས་འཛིན་ནན་མོ་བྱས་ཡོད་པའི་སྐོར་ལ་ “བརྡ་འཕྲིན་འབྲི་མཁན་སློབ་མ་འདི་ཚོས་བཤད་པ་དངོས་ཡོད་གནས་ཚུལ་རེད། སྐབས་དེའི་ཁོ་ཚོའི་སློབ་གྲོགས་མང་པོ་ཞིག་གིས་དྲུག་བཞིའི་དོན་རྐྱེན་གྱི་གནས་ཚུལ་གསལ་བོ་ཞིག་མི་ཤེས་པ་མ་ཟད། ཐ་ན་དྲུག་བཞིའི་དོན་རྐྱེན་སྐབས་སུ། ལག་ན་མཚོན་ཆ་མེད་པའི་མི་སེར་ཞིག་གིས་ཁྲབ་ལྡན་འཁོར་ལོ་མང་པོའི་མདུན་བཀག་པའི་འདྲ་པར་དེའི་ངོས་ཀྱི་མི་དེ་ནི། གང་ཟག་ངོ་མ་ཞིག་མ་ཡིན་པར། དེ་ནི་འཕྲུལ་ཆས་ཀྱི་མི་ཞིག་ཡིན་པར་རྒྱ་མི་ཚང་མས་ཡིད་ཆེས་བྱེད་ཀྱི་འདུག”ཅེས་དང་། “ཉེ་ལམ་ངས་༼ མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྗེས་དྲན་༽ ཞེས་པའི་དཔེ་དེབ་འབྲི་སྐབས། ངས་འདྲ་པར་དེའི་སྐོར་ལ་པེ་ཅིན་གྲོང་ཁྱེར་གྱི་སློན་ཆེན་སློབ་མ་ ༡༠༠ ལྷག་ལ་བཅར་འདྲི་ཞུས་པ་ཡིན། སྐབས་དེར་ངས་ཁོ་ཚོར་འདྲ་པར་འདི་ལྷོ་ཀོ་རུ་ཡ་ (South Korea) ནས་རེད་དམ། ཡང་ན་ཡུ་རོབ་ལྷོ་ཤར་གྱི་སྤྱི་མཐུན་རྒྱལ་ཁབ་ཁོ་སོ་བོ་ (Kosovo) ནས་ཡིན་མིན་འདྲི་དུས། སློབ་མ་བརྒྱ་ཆའི་ ༨༥ འདྲ་པར་དེས་གོ་དོན་ཅི་ཞིག་མཚོན་མིན་ལ་གསལ་ཁ་ཅི་ཡང་འདུག འདི་ནི་སྤྱི་ཚོགས་བརྒྱུད་ལམ་ཁག་བཀག་སྡོམ་དང་སྟངས་འཛིན་ནན་མོ་བྱས་པའི་མཇུག་འབྲས་རེད། དེར་བརྟེན། པེ་ཅིན་གྲོང་ཁྱེར་གྱི་ཕྱི་རོལ་དང་གཙུག་ལག་སློབ་ཆེན་ཁག་གི་ཕྱི་ལོག་ནའང་། དྲུག་བཞིའི་དོན་རྐྱེན་སྣང་མེད་རྒྱ་ཡན་དུ་བཏང་བའི་མི་འབོར་ནི་བགྲང་གིས་མི་ཟིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་སོགས་བརྗོད་ཡོད་འདུག

གནས་ཚུལ་དེའི་ནང་༼གོ་ལའི་དུས་བབ་༽ གསར་ཁང་གིས “གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་དེ་ནི་མི་མང་རང་ངོས་ནས་རྩོད་གླེང་མ་བྱས་བ་མ་གཏོགས། སྲིད་གཞུང་གིས་དེ་ལ་གསང་རྒྱ་དང་བཀག་སྡོམ་བྱས་མེད་པ་མ་ཟད། ད་དུང་དེའི་སྐོར་གྱི་གནས་ཚུལ་ཤེས་འདོད་ཡོད་མཁན་ཚོས་ཕྱི་སྡོད་རྒྱ་རིགས་ཚོའི་གསར་གནས་བརྒྱུད་ལམ་ནས་ཕན་ཚུན་ལ་བརྒྱུད་སྤྲོད་དང་ཕབ་ལེན་བྱས་ཆོག་གི་རེད”ཅེས་ཟེར་མོད། འོན་ཀྱང་ཕྱི་སྡོད་རྒྱ་རིགས་ཚོས“རྒྱ་ནག་གི་སྤྱི་ཚོགས་ཁོར་ཡུག་ནང་དྲུག་བཞིའི་དོན་རྐྱེན་གླེང་སློང་མི་བྱེད་པར་མོས་མཐུན་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་རྩ་དོན་དེ་རྒྱུན་སྐྱོང་བྱེད་པའི་སྐབས་འདིར། ཕྱི་ནང་གི་རྒྱ་རིགས་སུ་ཞིག་གིས་སྐབས་དེའི་བྱུང་རབས་ལོ་རྒྱུས་ངོ་མ་གླེང་ཚེ། ཁོ་ཚོ་སྤྱི་ཚོགས་ནང་དཀྲུག་ཤིང་སློང་མཁན་གྱི་ཉེས་མིང་འདོགས་རྐྱང་བྱེད་པ་ནི། ངོ་མ་ཚུལ་མིན་ལུགས་ལྡོག་གི་བསམ་སྦྱོར་འབའ་ཞིག་རེད”ཅེས་བརྗོད་ཡོད་སྐོར་བཀོད་འདུག

ཕྱི་སྡོད་རྒྱ་རིགས་སློབ་མ་ཚོས་སྤྲིངས་པའི་རེ་སྐུལ་ཞུ་འཕྲིན་དེ་ནི་ཐོག་མར་རྒྱ་ནག་གཞུལ་འབྲེལ་བརྒྱུད་ལམ་ཁག་ཏུ་སྤེལ་བ་དང་། རེས་གཟའ་མིག་དམར་ཉིན་གྱི་གསར་གནས་རྩོམ་སྒྲིག་པས། གཞན་སུས་ཀྱང་སྣང་འཇོག་མ་བྱུང་བའི་ཞུ་ཡིག་དེ་ལ་དོ་སྣང་ཆེན་པོ་བྱས་འདུག་ལ། ཕྱིས་སུ་རྒྱ་ནང་གི་བརྒྱུད་ལམ་ཁག་ཏུ་ཞུ་ཡིག་དེ་ཕྱིར་བསྡུ་དང་བཀག་སྡོམ་བྱས་ཡོད་ནའང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་ཁག་གཞན་པར་དེ་སྔོན་ནས་ཁྱབ་བརྡལ་དུ་ཕྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༧ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. ཤར་མདའ། says:
    ལོ་ 11 སྔོན།

    གང་ལྟར་རྒྱ་ནག་དམར་གཞུང་གིས་མདུན་དུ་གནས་ལུགས་ཡོད་ནས་གཏམ་ཞིག་བཤད་འདོད་ཡོད་ན་མི་སུ་ཞིག་ལ་གནས་ལུགས་ཡོད་ན་བཤད་ཆོག་ཟེར་སྲིད་ཡིན་ན་ཡང་དམར་གཞུང་ལ་གནས་ལུགས་བཤད་ས་མེད་པ་ཡག་དག་གི་ངོ་སྤྲོད་གནང་ན་ཡང་སུ་ཞིག་གིས་བསམ་ཚུལ་བརྗོད་ཐུབ་གང་ལྟར་སློབ་ཕྲུག་ཚོས་དཀའ་ངལ་ཅི་ལྟར་བྱས་རུང་དམར་གཞུང་ལ་གནས་ལུགས་ཡོད་ནི་མ་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese