མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཎ་ཆེན་རིན་པོ་ཆེ་གང་དུ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་རང་ལུས་མེར་བསྲེགས་གནང་མཁན་སངས་རྒྱས་མཆོ་ལགས་ཀྱི་སྤུན་ཉེ་གྲྭ་བ་ཞིག་ཚེས་ ༢༨ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། སངས་རྒྱས་མཆོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་མཁར་ “ ༧རྒྱལ་དབང་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག པཎ་ཆེན་རིན་པོ་ཆེ་གང་དུ་ཡོད། བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས། ” ཞེས་བྲིས་འདུག

དེ་རིང་སླར་ཡང་གནས་ཚུལ་འབྱོར་བར། ཚེས་ ༢༧ ཉིན་གྱི་ཐོ་རངས་ལ། ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཆས་བུ་གཤིས་བཀྲ་ཤིས་ཆོས་འཁོར་གླིང་དགོན་འདབས་ཀྱི་རྒྱ་ནག་ཉེན་རྟོག་ཁང་སྒོ་མཁར་རང་ལུས་མེར་བསྲེགས་གནང་མཁན་སངས་རྒྱས་མཚོ་ལགས་ཀྱིས་མཚན་མོ་དེར་རང་ཁྱིམ་ནས་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་དང་། སྤོས་ཤོག་ཐུམ་གཅིག་བཅས་འཁྱེར་ནས་ཉེན་རྟོག་ཁང་དེའི་སྒོ་ཁར་སོང་སྟེ། ༧གོང་ས་མཆོག་གི་སྐུ་པར་ཉེན་རྟོག་ཁང་གི་རྩིག་ངོས་སུ་སྦྱར་ཞིང་། དེའི་མདུན་དུ་སྤོས་རྣམས་བསྒྲོན་ཏེ། སྐུ་པར་གྱི་འོག་ཏུ་ “ ༧རྒྱལ་དབང་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག པཎ་ཆེན་རིན་པོ་ཆེ་གང་དུ་ཡོད། བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས། ” ཞེས་སོགས་བྲིས་ཡོད་འདུག

མཚན་དེའི་ཐོ་རངས་ལ་ས་གནས་དེའི་རྒན་རྒོན་ཚོ་དགོན་པར་གླིང་སྐོར་དུ་འགྲོ་སྐབས། ཉེན་རྟོག་ཁང་དེའི་སྒོ་ཁར་མེ་ཆེན་པོ་ཞིག་འབར་བཞིན་ཡོད་པ་མཐོང་ཡོད་ཀྱང་། གད་སྙིགས་བསྲེགས་པའི་མེ་ཡིན་ཤག་གིས་དོ་སྣང་བྱས་མི་འདུག སྐོར་བ་དང་པོའི་སྐབས་སུ་མེ་འབར་བཞིན་པ་མཐོང་བ་དང་། སྐོར་བ་གཉིས་པའི་སྐབས་སུ་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་གསལ་བོར་ཤེས་ཡོད་ཀྱང་། མེར་འཚིག་པ་ཧ་ཅང་ཚབས་ཆེ་བས་མི་སུ་ཡིན་ངོ་མི་ཤེས་པ་ཆགས་ཡོད་འདུག སྐོར་བ་གསུམ་པའི་སྐབས་སུ་ཉེན་རྟོག་ཁང་གི་མི་སྣས་སྐུ་ཕུང་འཁྱེར་ཏེ་ཤུལ་དུ་གང་ཡང་མེད་པ་མ་ཟད། ལས་ཁུངས་དེའི་སྒོའི་གཡས་གཡོན་དུ་དྲག་ཆས་ཉེན་རྟོག་པས་ལག་ཏུ་མེ་མདའ་བཟུང་ནས་བསྡད་འདུག་ཟེར།

ཉིན་དེ་རང་ལ་སྐུ་ཕུང་གཙོད་གྲོང་ཁྱེར་ལ་འཁྱེར་ནས་མེར་བསྲེགས་བཏང་ཡོད་པ་མ་ཟད། ནང་མི་ཚོར་ཉིན་དེར་ཆོས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། སངས་རྒྱས་མཆོའི་གཅེན་པོའི་བུ་བཀྲ་ཤིས་ཆོས་གླིང་དགོན་དུ་གྲྭ་བ་བྱས་ཡོད་པའི་བསྟན་འཛིན་བཟོད་པ་ཞུ་བ་ཚེས་ ༢༨ ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ནང་མི་གཉེན་འབྲེལ་དག་ལའང་འཇིགས་སྐུལ་བྱས་ཏེ་སངས་རྒྱས་མཚོས་རང་སྲེག་བྱས་པ་རྩ་བ་ནས་ཕྱི་ལོགས་སུ་བཤད་མི་ཆོག་པ་མ་ཟད། ཁོ་མོར་རྒྱུན་ལྡན་གྱི་ནད་ཚ་ཞིག་གི་དབང་གིས་གྲོངས་ཚུལ་བརྗོད་དགོས་སྐོར་ལབ་ཡོད་འདུག

སངས་རྒྱས་མཚོ་ལགས་ ༢༠༠༣ ལོར་ལྷ་སར་ཕྱིན་ཡོད་པ་དང་། ༢༠༠༤ ལོར་མོ་རང་གི་ད་ལྟའི་ཁྱོ་ག་རྟ་མགྲིན་དབང་རྒྱལ་དང་ཉེན་སྒྲིག་བྱས་ཡོད་ཅིང་། ༢༠༠༦ ཡས་མས་ཤིག་ལ་ཁོང་བཟའ་མི་གཉིས་ཕྱིར་ཕ་ཡུལ་དུ་ལོག་སྟེ། ཀན་ལྷོ་ཁུལ་འོག་གི་མེན་ཞཱན་ལུའུ་ཅི་ཞིང་ཐོག་ཏུ་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་གཉེར་ཡོད་ཀྱང་། ཁ་ཆེ་ཚོང་པ་ཁག་ཅིག་དང་རྙོག་འཛིང་ཞིག་བྱུང་སྟབས། རྗེས་སུ་ཕྱིར་ནག་ཆུར་སོང་སྟེ་ཚོང་ལས་གཉེར་ཏེ་ཡོད་ཅིང་། ད་ཆར་ཁོང་བཟའ་མི་གཉིས་དཔལ་འབྱོར་ཐད་ནས་གང་འཚམ་ཡག་པོ་ཆགས་ཏེ། ཕ་ཡུལ་དུ་ཁང་པ་གཉིས་ཡོད་པ་དང་བླ་བྲང་དུའང་ཚོང་ཁང་ཞིག་ཉོས་ཡོད་འདུག

ཁོང་བཟའ་མི་གཉིས་ཀྱི་བྱིས་པ་གཉིས་ད་ཆར་གཅོད་གྲོང་ཁྱེར་དུ་ཁོང་མོའི་ཁྱོ་གའི་ཨ་ཕས་སློབ་གྲྭར་གཏོང་བཞིན་ཡོད་འདུག མོ་རང་ཉིན་འགའི་སྔོན་ཙམ་ལ་ནག་ཆུ་ནས་ཕ་ཡུལ་དུ་ཡོང་མ་ཐག་ཡིན་འདུག

*གནས་ཚུལ་རིམ་པ་དང་པོ།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 1

  1. ཤིང་ལོ། says:
    ལོ་ 11 སྔོན།

    བྱིས་པ་དེ་གཉིས་མཐོང་ན་སེམས་ནང་ལ་ཅིག་ཆགས་འགྲོ་གི་འདུག་་་ངོ་མ་ཡིད་སྐྱོ་བ་ལ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese