མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་ཁུལ་གྱི་རྩོད་ཉོག་གཏིང་ཇེ་ཟབ་ཏུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༥/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་ལྷན་ཚོགས་སྟེང་ཨ་རི་དང་རྒྱ་ནག་གཙོས་པའི་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་བར་རྣོ་ངར་ལྡན་པའི་སྐད་ཆ་བཤད་རེས་བྱུང་ཡོད་འདུག

དེ་རིང་སིང་གྷ་པུར་དུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་ ༢༨ ཀྱི་བདེ་སྲུང་བློན་ཆེན་བར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་བགྲོ་གླེང་ཚོགས་འདུ་ (Shangri-La Dialogue) ཞེས་པ་ཞིག་ཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཨ་རིའི་བདེ་སྲུང་དྲུང་ཆེ་ཨཱ་ཤི་ཀཱར་ཌར་གྱིས་ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་ནག་དང་ཧྥི་ལི་ཕིན། མཱ་ལེ་ཞི་ཡ་དང་བྷུར་ཎེ། ཝེ་ཋི་ནམ་བཅས་ཀྱི་བར་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ལྷོ་ངོས་བྱེ་གླིང་ཧྥེ་རའེ་ཁཱོར་སེ་རེབ་ (Fiery Cross Reef) མཚོ་གླིང་ཐོག་གནམ་ཐང་གཙོས་འཛུགས་སྐྲུན་ལས་གཞི་ཁག་གཅིག་གསར་རྒྱག་བྱེད་བཞིན་ཡོད་པ་དེ་ནི། རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

ཨ་རིའི་བདེ་སྲུང་དྲུང་ཆེ་ཨཱ་ཤི་ཀཱར་ཌར་ (Ash Carter) གྱིས་ལྷན་ཚོགས་ཐོག “འདས་པའི་ཟླ་ ༡༨ རིང་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་གྱི་ཨེ་ཀ་ ༢༠༠༠ ལྷག་གི་བདག་དབང་བསྐྱར་རྩོད་བྱས་ཡོད་པ་མ་ཟད། མ་འོངས་པར་ད་དུང་དེ་ལས་མང་བ་རྩོད་མིན་བཤད་ཚོད་ཐུག་པ་ཞིག་མིན་སྟབས། ཨ་རིར་བློ་འཚབ་ཆེན་པོ་སྐྱེས་ཀྱི་འདུག ད་བར་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་དབང་རྩོད་ལེན་ཤུགས་ཆེན་བྱས་ཡོད་པ་མ་ཟད། མཚོ་གླིང་ཐོག་གནམ་ཐང་གསར་རྒྱག་སོགས་བྱས་ཏེ་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་སྤེལ་ཡོད་སྟབས། མ་འོངས་པར་མངའ་ཁུལ་ནང་དམག་འཁྲུག་བྱུང་ཚེ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁྱེར་དགོས།”ཞེས་དང་། ཉི་ཧོང་གི་བདེ་སྲུང་བློན་ཆེན་ཎཱ་ཁཱ་ཌ་ཎེ་ (Nakatani) ཡིས་ཀྱང་། “ང་ཚོས་རྒྱལ་སྤྱིའི་སྒྲིག་ཁྲིམས་ལ་བརྩི་སྲུང་མ་བྱས་ཚེ། སྒྲིག་ཁྲིམས་ཡོད་པ་མེད་པ་འགྱུར་རྒྱུ་མ་ཟད། ཞི་བདེ་དང་བརྟན་བརླིང་ཟེར་བ་ཡང་འཐོར་བཤིག་འགྲོ་རྒྱུ་ཡིན་སྟབས། ངས་རྒྱ་ནག་གཙོས་རྒྱལ་ཁབ་ཁག་གིས་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་མཚམས་འཇོག་བྱ་རྒྱུའི་རེ་བ་ཡོད།”ཅེས་བརྗོད་འདུག

ཨ་རིའི་བདེ་སྲུང་དྲུང་ཆེ་དང་ཉི་ཧོང་གི་བདེ་སྲུང་བློན་ཆེན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པའི་ལན་དུ། རྒྱ་ནག་གཞུང་གི་ཚོགས་ཞུགས་སྐུ་ཚབ་ཀྲའོ་ཙའོ་ཀྲུའུ་ (Zhao Xiaozhuo) ཡིས། “ད་བར་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྒྱལ་སྤྱིའི་མཚོ་གྲུ་བསྐྱོད་མི་ཆོག་པ་གང་ཡང་བཟོས་མེད་སྟབས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ང་ཚོས་མཚོ་གླིང་ཐོག་འཛུགས་སྐྲུན་ལས་གཞི་མགོ་བཙུགས་ཏེ། མངའ་ཁུལ་གྱི་བརྟན་བརླིང་སྲུང་སྐྱོབ་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་པ་དེ་ནི་གཞི་མེད་སྐྱོན་འཛུགས་རང་ཡིན་སྟབས། ང་ཚོས་ངོས་ལེན་བྱེད་ཐབས་མེད།”ཅེས་བརྗོད་འདུག

༢༠༡༢ ལོར་རྒྱ་ནག་གི་དམག་གྲུས་ཧྥི་ལེ་ཕིན་དང་རྒྱ་ནག་བར་རྩོད་ཉོག་ཡོད་པའི་སེ་ཁར་བྷོ་རོག་ཤོལ་ (Scarborough Shoal) དང་། དེ་རྗེས་ཋོ་མཱ་སེ་ཤོལ་ (Thomas Shoal) མཚོ་ཁུག་གཉིས་སུ་བཙན་འཛུལ་བྱས་ཡོད་པ་མ་ཟད། ༢༠༡༣ ལོའི་ཟླ་ ༡༡ པའི་ཚེས་ ༧ ཉིན་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་ཐིག་ཚད་བཟོ་བྱས་ཤིང་། ༢༠༡༤ ལོའི་ཟླ་ ༢ པའི་ཚེས་ ༢༣ ཉིན་ཉི་ཧོང་དང་རྒྱ་ནག་གིས་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སཱིན་ཁཱ་ཁའོ་གླིང་ཕྲན་གྱི་ (Minamikojima) ཞེས་པའི་སྤྱི་གཡར་མཚོ་ཁུལ་དུ་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་གསུམ་བཏང་སྟེ་བཙན་འཛུལ་བྱས་ཡོད། བདུན་ཕྲག་ཁ་ཤས་སྔོན་རྒྱ་ནག་གཞུང་གིས་ཧྥི་ལི་ཕིན་དང་རྒྱ་ནག་གི་རྩོད་གཞི་ཅན་གྱི་མཚོ་གླིང་སེ་ཧྥར་ལེའི (Spratlys) ཐོག་འཛུགས་སྐྲུན་ལས་གཞི་ཁག་གཅིག་སྤེལ་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་ ༢༨ ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཐོག་སྒྱོགས་མདེལ་རླངས་འཁོར་ཆེན་པོ་གཉིས་བཞག་ཡོད་པ་བཅས་ཀྱི་བརྙན་པར་ཐོན་ཡོད།

ད་ལྟ་ཨ་རིའི་བདེ་སྲུང་དྲུང་ཆེ་ཨཱ་ཤི་ཀཱར་ཌར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མཚོ་ཁུལ་བདེ་འཇགས་དང་། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་བྱས་ཏེ། ཨེ་ཤ་ཡའི་མངའ་ཁུལ་གྱི་རྒྱལ་སྲུང་བདེ་འཇགས་ལ་དཀའ་ངལ་བཟོ་བཞིན་ཡོད་པ་བཅས་ལ་དམིགས་ཏེ། ཉིན་ ༡༡ རིང་ཨ་རིའི་ཨེ་ཤ་ཡའི་མཐུན་གྲོགས་རྒྱལ་ཁབ་ཝེ་ཋི་ནམ་དང་ཐའེ་ཝན། མཱ་ལེ་ཞི་ཡ་དང་ཧྥི་ལི་ཕིན་བཅས་དང་ཞི་བདེ་རྒྱ་མཚོའི་ཨ་རིའི་མཚོ་ཐོག་དམག་ས་ཁག་གཅིག་ལ་སྐོར་སྐྱོད་བྱེད་མགོ་བཙུགས་ཡོད་པ་དང་། ཁ་ཉིན་པཱར་ཧར་བྷར་ (Pearl Harbor) དམག་སར་བསྐྱོད་དེ་དམག་མི་ཚོར། རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པའི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན་ནི་རྒྱལ་ཁབ་ཕན་ཚུན་བར་དམག་བརྒྱབ་སྟེ་སེལ་རྒྱུ་ཞིག་མིན་སྟབས། ཨ་རིའི་མཚོ་དམག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་མཚོ་ཁུལ་ཐོག་གྲུ་གཏོང་བ་དང་གནམ་གྲུ་འཕུར་བ། བཀོལ་སྤྱོད་གཏོང་བ་སོགས་བྱས་ནས་མཚོ་ཁུལ་གྱི་བདེ་འཇགས་དང་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོས་ཀྱང་གཅིག་མཚུངས་ལངས་ཕྱོགས་འཛིན་དགོས་ཞེས་བརྗོད་ཡོད།

ཁ་སང་ཨཱ་ཤི་ཀཱར་ཌར་གྱིས་མཱ་ལེ་ཞི་ཡ་དང་ཧིན་རྡུ་ཎེ་ཞི་ཡའི་མཚོ་ཁུལ་ (Strait of Malacca) ཞེས་པར་བསྐྱོད་ནས་ཨ་རི་དང་དེ་ཁུལ་གྱི་མཚོ་དམག་ཚོར་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་བྱས་ཏེ་ཨེ་ཤ་ཡའི་མཚོ་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་སྟབས། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་ཐུན་མོང་ཁེ་ཕན་ཆེད་དཀའ་ཉོག་དེ་སེལ་ཐུབ་པ་བྱེད་དགོས་ཞེས་སོགས་བརྗོད་འདུག

དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧོ་ཁྲན་ཡིང་ (Hua Chunying) གིས། “ཨཱ་ཤི་ཀཱར་ཌར་གྱིས་འཁྲུག་རྐྱེན་སློང་གཞིའི་གཏམ་བཤད་མཚམས་འཇོག་དགོས། གང་ཡིན་ཟེར་ན། དེས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན་གྱི་དཀའ་ཉོག་སེལ་རྒྱུའི་ཚབ་ཏུ། དེ་ལས་ལྷག་པའི་མངའ་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོབ་དང་བདེ་འཇགས་ལ་ཉེན་ཁ་བཟོ་རྒྱུ་རེད།”ཅེས་བརྗོད་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese