མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅིག་ཐོབ་གཅིག་ཤོར་གྱི་གནས་ལུགས་དེར་ཚང་མས་བརྩི་བཀུར་བགྱིས་ཨ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་སྟེང་བོད་ཁྱིམ་དུ་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་མགོ་འཛུགས་གནང་ཡོད་ཅིང་། དབུ་འཛུགས་མཛད་སྒོའི་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྩེད་མོའི་ཞོར་དུ་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགན་ཡོད་སྐོར་གསུངས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་རྩེད་སྤོ་ལོ་རྩེད་ཐང་དུ། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་གོ་སྒྲིག་གནང་བའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་ཐེངས་ ༢༡ པ་དེ་མགོ་འདུགས་གནས་སོང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་མཆོག་ཕེབས་འདུག

མཛད་སྒོའི་ཐོག་མར་དྷ་སྟེང་བོད་ཁྱིམ་རིག་རྩེད་རུ་ཁག་གིས་རྔ་རོལ་གྱིས་རུ་སྣེ་དྲངས་ཏེ། འགྲན་ཞུགས་རུ་ཁག་རྣམས་རྩེད་ཐང་དུ་རུ་སྒྲིག་གནང་རྗེས། ལྟད་མོ་བ་ཡོངས་སྐུ་བཞེངས་ཐོག་རྒྱ་གར་དང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་རྗེས། བོད་པའི་རང་དབང་འཐབ་རྩོད་ཆེད་ཚེ་སྲོག་ཤོར་བ་དག་ལ་མྱ་ངན་དང་བདེན་ཚིག་སྨོན་ལམ་སྐྱོར་རྗེས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་རྐང་སྤོལ་རྩེད་འགྲན་དབུ་འཛུགས་ཀྱི་གསུང་བཤད་གནང་རྗེས། བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་སོང་།

རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་ལོ་དེབ་སྐྱེལ་བྱས་པའི་རུ་ཁག་ ༣༨ ཡོད་པ་ལས་ནང་ཁུལ་འགྲན་བསྡུར་བྱས་མཐར་རུ་ཁག་ ༢༨ འདེམ་སྒྲུག་བྱས་ཡོད་པ་དང་། ཕྱི་རྒྱལ་ཁག་ནས་ཨ་རི་ནས་རུ་ཁག་ ༡ དང་། ཁེ་ན་ཌ་ནས་རུ་ཁག་ ༡། ཡུ་རོབ་ནས་རུ་ཁག་ ༡ བཅས་ཡོད་འདུག་ལ། བལ་ཡུལ་ནས་རུ་ཁག་ ༣ དང་། རྒྱ་གར་གྱི་མངའ་སྡེ་བཅུ་གསུམ་ནས་རུ་ཁག་ ༢༢ བཅས་ཁྱོན་རུ་ཁག་ ༢༨ བྱུང་ཡོད་འདུག

བོད་ཀྱི་རྩེད་རིགས་ཚོགས་ཆུང་དེ་ཕྱི་ལོ་ ༢༠༠༢ ལོ་ནས་མགོ་བཙུགས་པ་དང་། ཚོགས་ཆུང་དེའི་ལས་འགན་གཙོ་བོ་བོད་པའི་རྐང་རྩེ་སྤོ་ལོའི་རུ་ཁག་འདེམས་སྒྲུག་བྱ་རྒྱུ་དང་། ༢༠༠༣ ལོ་ནས་ད་བར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐེངས་ ༡༢ ཙམ་འགྲོ་བཞིན་ཡོད་པ། བོད་པའི་བུ་ཕྲུ་ཚོར་སྦྱོང་བརྡར་ཆེད་སློབ་ཕྲུག་སྡེ་ཚན་ཞིག་བཙུགས་ཡོད་པ། ད་ལྟ་རྩེད་མོ་རྩེ་མཁན་ ༤༤༨ ཡོད་པ་དང་། དེ་སྔོན་གྱི་འཛུལ་ཞུགས་བྱེད་མཁན་ཚང་མ་སྡོམ་ན་གཞོན་སྐྱེས་ ༦༠༠ ལྷག་འཛུལ་ཞུགས་བྱས་ཡོད་འདུག

སྐལ་བཟང་དོན་འགྲུབ་ལགས་ཀྱིས་བརྗོད་དོན། ད་ལོ་དམིགས་བསལ་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པར་ང་ཚོས་འཁྲུངས་སྐར་སྲུང་གཙི་བྱེད་བཞིན་ཡོད་པ་དང་། མང་ཚོགས་ཀྱིས་སྐད་རྒྱག་པའི་སྐབས་སུ་བཟང་སྤྱོད་ཐོག་མ་གཏོགས་ཚིག་ནག་པོ་དང་ཁོང་ཁྲོ་ཟ་བའི་ཚིག་རྩ་བ་ནས་མ་གནང་རོགས་ཞུ་རྒྱུ་དང་། རྩེད་འགྲན་ཟུར་དཔང་རྒྱ་གར་བ་རྣམས་ལ་ཚིག་ནག་པོ་རྩ་བ་ནས་མ་གསུངས་རོགས་གནང་ཞུ་རྒྱུ་ཡིན། མཇུག་མཐར་དགའ་ལྡན་ཕོ་བྲང་དང་བོད་ཁྱིམ་གཉིས་ཀྱིས་དུས་རྟག་ཏུ་རྒྱབ་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་སོགས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ལོ་རྟག་པར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོ་འགྲན་སྡུར་དེ་གོ་སྒྲིག་གནང་གི་ཡོད། སྐབས་དེར་རྒྱལ་ཡུམ་ཆེན་མོར་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ལ་ ༨༠ ཕེབས་བཞིན་ཡོད་པའི་དུས་དྲན་སྲུང་གཙི་མང་པོ་ཞིག་བྱེད་བཞིན་ཡོད་པ་ལྟར། རྣམ་པ་ཚོས་དེར་དམིགས་ཡོད་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་བླ་ན་མ་མཆིས་པ་དེ་ག་དུས་ཡིན་ན་ང་རང་ཚོའི་སེམས་ལ་འཆང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། རྩེད་མོ་ཟེར་བ་དེ་གཙོ་བོ་སོ་སོའི་གཟུགས་པོར་བདེ་ཐང་ཡོང་བའི་ཆེད་དང་། གཉིས་པ་དེ་གོང་ནས་གསུངས་པ་ལྟར་ཁྱེད་རང་ཚོའི་ནང་ཁུལ་ལ་ཕན་ཚུན་འབྲེལ་བ་ཡོང་རྒྱུ་དང་། ཁྱེད་རང་ཚོའི་ནང་ལ་འཆམ་མཐུན་ཡོང་རྒྱུ་གལ་ཆེན་པོ་ཞིག་རེད། ཁྱེད་རང་ཚོ་རྩེད་མོ་རྩེ་བའི་སྐབས་ལ་རྩེད་མོ་རང་གི་ཐོག་ནས་རྩེད་དགོས་པ་རེད་མ་གཏོགས་ནང་ཁུལ་ལ་དགའ་མ་དགའ་ཡི་གནས་ཚུལ་བྱུང་པ་ཡིན་ན། གོ་སྒྲིག་བྱེད་པའི་དགོས་པ་དེ་ཡང་མཐུན་གྱི་ཡོད་པ་མ་རེད། དེར་བརྟེན་ཚང་མས་དགོངས་པ་བཞེས་དགོས་པ་ཤིག་རེད། དེ་བཞིན་ང་ཚོ་བཙན་བྱོལ་ནང་ལ་ཡོད་སྟབས། རྩེད་མོའི་ལམ་ནས་བོད་པའི་གནད་དོན་ངོ་སྤྲོད་བྱ་རྒྱུའི་ལས་འགན་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན། ཚང་མས་གོང་ནས་རེ་སྐུལ་ཞུས་པ་རྣམས་འགན་འཁུར་བའི་ཐོག་ནས་འགྲོ་དགོས་པ་རེད་མ་གཏོགས་ཞབས་འདྲེན་ཞུས་ན་རྩ་བ་ནས་འགྲིག་གི་མ་རེད། རྩེད་མོ་རྩེ་བའི་སྐབས་སུ་རུ་ཁག་ཅིག་མ་གཏོགས་ཐོབ་ཀྱི་མེད་པ་དེ་འགྲོ་སྟངས་ཡིན་སྟབས། སུ་ཐོབ་པ་ཡིན་ན་དེར་ཚང་མས་དགའ་བསུ་ཞུ་རྒྱུ་གལ་ཆེན་པོ་རེད། དེ་ནས་རྣམ་པ་ཚང་མར་རྩེད་མོ་གང་ཡག་ཡག་ཅིག་དང་། རྩེད་མོ་རྩེ་བའི་དགོས་པ་དང་དམིགས་ཡུལ་མཐུན་པ་ཞིག་རྩེ་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

སྐུ་མགྲོན་གཙོ་བོའི་གསུང་བཤད་གནང་རྗེས་བོད་༧གོང་ས་མཆོག་དགུང་ལོ་ ༨༠ ཕེབས་པའི་འཁྲུངས་སྐར་གྱི་གཞས་གསར་བ་ཞིག་དང་རྒྱལ་ཡུམ་ཆེན་མོའི་གཟེངས་རྟགས་ཀྱི་ཆེད་དུ་གཞས་གསར་བ་ཞིག་བཏང་སོང་།

ད་རེབ་ཀྱི་རུ་ཁག་ ༢༨ ནི། ཡོ་རབ་བོད་མིའི་རུ་ཁག་དང་ནེའུ་ཡོག་བོད་མིའི་རུ་ཁག དོན་གྲུབ་གླིང་རུ་ཁག བྷ་རོ་ཊ་ས་གནས་གཞོན་ནུའི་རུ་ཁག ཀོ་ལེ་གྷལ་དོན་ལྡན་གླིང་རུ་ཁག གྷོ་བ་བོད་མིའི་རུ་ཁག སྦེལ་ཀོབ་གྷོ་ལ་ཐ་ལའི་རུ་ཁག སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རུ་ཁག མོན་གྷོ་ཊིའི་རུ་ཁག སྦོག་ར་བཀྲ་ཤིས་གླིང་རུ་ཁག ལྡི་ལིའི་རུ་ཁག སྦོག་ར་བྱམས་པ་གླིང་རུ་ཁག ཨོ་རིས་ཕུན་ཚོགས་གླིང་རུ་ཁག ཀ་ར་ལའི་རུ་ཁག བྷན་དྷ་ར་རུ་ཁག སྒང་ཏོག་རུ་ཁག ཁེ་ན་ཌ་ཊོ་རོན་ཊོན་རུ་ཁག བོད་ཁྱིམ་རུ་ཁག སིམ་ལའི་རུ་ཁག མ་རྡ་ར་སི་སློབ་ཕྲུག་རུ་ཁག སྦིར་གཅིག་སྒྲིལ་རི་རུ་ཁག ཅན་རྡི་གྷར་ས་གནས་གཞོན་ནུའི་རུ་ཁག གྷོ་པ་པུར་རུ་ཁག དྷ་སའི་རུ་ཁག ཀ་ཋ་མན་ཀྲུ་སྐྱིད་གྲོང་རུ་ཁག ཝ་ར་ན་སིའི་རུ་ཁག ས་སྐྱ་སྤུརུ་ཝ་ལའི་རུ་ཁག བདེ་སྐྱིད་གླིང་རུ་ཁག བཅས་ཡིན་འདུག དེ་རིང་ཐོག་མ་ཅན་རྡི་གྷར་ས་གནས་གཞོན་ནུ་དང་སྦོག་ར་བཀྲ་ཤིས་གླིང་རུ་ཁག་གཉིས་ནས་རྩེད་མགོ་བཙུགས་ཡོད་པ་དང་། དེའི་རྗེས་ནེའུ་ཡོག་བོད་མིའི་རུ་ཁག་དང་སྦིར་གཅིག་སྒྲིལ་རུ་ཁག་གཉིས་རྩེ་རྒྱུ་ཡིན་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༧ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༧ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese