མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དཔོན་རིགས་ཚོས་རང་ཤི་རྒྱག་བཞིན་པ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་རྒྱ་ནག་ཧོང་པེ་ཞིང་ཆེན་སུའེ་ཀྲུའུ་གྲོང་ཁྱེར་འགྲིམ་འགྲུལ་ལས་ཁུངས་ཀྱི་འགན་འཛིན་ཚའོ་ཕེན་ཟེར་བ་དེ་ཁོ་རང་གི་སྡོད་ཁང་སྟེང་ནས་མར་མཆོངས་ཏེ་རང་ཤི་བརྒྱབ་ཡོད་འདུག

གཟའ་ཉི་མར་ཅིན་ཁྲའོ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་ཉིན་རྒྱབ་ཀྱི་ཆུ་ཚོད་ ༣།༠༩ ཡི་སྟེང་ཧོ་པེ་ཞིང་ཆེན་སུའེ་ཀྲུའུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁང་གི་འགན་འཛིན་ལོ་ན ༤༨ ཡིན་པའི་ཚའོ་ཕེན་ (Cao Ping)། སུའེ་ཀྲུའུ་གྲོང་ཁྱེར་གྱི་ཁོ་རང་སྡོད་སའི་ཁང་རྩེག་སྟེང་ནས་མར་མཆོངས་ཏེ་རང་ཤི་བརྒྱབ་ཡོད་འདུག དོན་རྐྱེན་དེར་ད་ལྟ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཞེས་འཁོད་འདུག

ཁ་སང་ཞིན་ཐང་རིན་གྱི་དྲ་བའི་སྟེང་ཚའོ་ཕེན་གྱིས་རང་ཤི་བརྒྱབ་པའི་གནས་ཚུལ་སྤེལ་བའི་ནང་། ཕྱི་ཟླ་ ༥ བའི་ནང་རྒྱ་ནག་གི་དཔོན་རིགས་ཁ་ཤས་ཀྱིས་རང་ཤི་རྒྱབ་ཡོད་ཅིང་། ཟླ་ ༥ ཚེས་ ༡༤ ཉིན་གྱི་ཞོགས་པ་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ནན་ཁྲང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་གཙོ་གཞོན་པ་མིན་ཧོན་མཱེ་ (Min Hongmei)ཁོ་རང་གི་ཁང་པའི་སྟེང་ནས་མར་མཆོངས་རང་ཤི་བརྒྱབ་ཡོད་འདུག

ཕྱི་ཟླ་ ༥ ཚེས་ ༥ ཉིན་ཨན་ཧེ་ཞིང་ཆེན་སློབ་གསོ་ཁང་གི་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་དེའི་ཚེས་ ༤ ཉིན་གྱི་ཕྱི་དྲོར་ལོ་ན་ ༥༨ ཡིན་པའི་སློབ་གསོ་ཁང་གི་མགོ་གཙོ་བུད་མེད་ཀིན་ཙོན་ཧྥང་ (Geng Zunfang)ཁོ་མོའི་གཞུང་སྒྲིབ་ཁང་གི་ཡང་སྟེང་ནས་མར་མཆོངས་ཏེ་རང་ཤི་བརྒྱབ་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༢ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་གྱི་རྒྱུན་ལས་ཨུ་ཡོན་དང་ཆབ་སྲིད་རྒྱུན་ལས་མགོ་གཙོ་ཅེན་ཧེ་ནེན་ (Jin Haining) ཟི་ལིང་དུ་ཡོད་པའི་ཁོ་རང་གི་སྡོད་ཁང་ནས་མཆོངས་ཏེ་རང་ཤི་བརྒྱབ་ཡོད་འདུག

འཇར་མན་གྱི་རྒྱ་རིགས་ཉམས་ཞིབ་པ་སྐུ་ཞབས་ཀྲོན་ཝེ་ཀོང་(Zhong Weiguang)གིས། རྒྱ་ནག་གི་དཔོན་རིགས་ཚོས་རང་ཤི་རྒྱག་བཞིན་པ་དེ་རྒྱུན་ལྡན་ཞིག་ཡིན་པ་དང་། འདི་ནི་གུང་ཁྲན་ཏང་གི་ལམ་ལུགས་དང་ཁྲིམས་མེད་ལུགས་མེད་དབང་བསྒྱུར་སྲིད་ཇུས་ཀྱི་མཇུག་འབྲས་རེད། ཅེས་བརྗོད་འདུག

ཀྲོན་ཝེ་ཀོང་གིས་བལྟས་ན། ད་ལྟའི་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དབང་བསྒྱུར་བྱེད་པའི་སྤྱི་ཚོགས་འདི་ནི་སྔོན་ཆད་བྱུང་མ་མྱོང་པའི་ལྐོག་ཟ་རུལ་སུངས་ཀྱི་ནག་ཁུང་ཞིག་དང་། རྒྱ་ནག་གི་དཔོན་རིགས་ཚོས་རང་ཤི་བརྒྱབ་པའི་གནས་ཚུལ་དེ་ཡང་ལོ་རྒྱུས་གང་ལ་བལྟས་ཀྱང་རང་ཤི་བརྒྱབ་པའི་གྲངས་འབོར་གྱི་ཚད་གཞི་མཐོ་ཤོས་ཟིན་ཡོད་པ། ཕྱི་རྒྱལ་ལ་བྲོས་བྱོལ་ཕྱིན་པ་དང་། ཕན་ཚུན་ནང་དམེ་བྱེད་པ་སོགས་ནི། སྤྱི་ཚོགས་གང་ཞིག་གི་ནང་དུ་གསར་བརྗེ་ལས་འགུལ་བྱུང་བའི་ཁྲོད་དུའང་མཐོང་དཀོན་པའི་ཚབ་ཆེའི་གནས་ཚུལ་ཞིག་ཆགས་ཡོད་པ་མ་ཟད། འབྱུང་འགྱུར་སུ་ཞིག་གི་སྲིད་དབང་ལོ་རྒྱུས་ཁྲོད་དུའང་འབྱུང་མི་སྲིད་པའི་གནད་དོན་ཞིག་ཆགས་ཡོད་སྟབས། ད་ལྟ་སྒང་དུ་སྡོད་མཁན་དཔོན་རིགས་ཁོ་རང་ཚོར་ཡང་ཕུགས་བརྟན་མེད་པའི་ཚོར་པ་ཞིག་བསྐྲུན་ཡོད། ཅེས་བརྗོད་འདུག

རྒྱ་ནག་སྐམ་ས་ཆེན་མོའི་དུས་དོན་དཔྱད་ཞིབ་པ་ཁྲིན་མིན་ཧོའུ་ (Chen Minghui)ཡིས་ཏཱ་ཅི་ཡོན་དྲ་བར། རྒྱ་ནག་ནང་ཁུལ་གྱི་འཐབ་འཛིང་གི་ཚྭ་རླབས་དང་དཔོན་ངན་ཕྱིར་བྲོས་ཀྱི་རླུང་བུ། རང་ཤི་ཡི་མཐོ་རླབས་འདི་དག་ཁྲོད། ངོ་ཚ་ཁྲེལ་མེད་ཀྱི་སྲིད་དབང་ཞིག་ལ་མཚོན་ན། རང་ཁྱིམ་གྱི་སྐྱུག་བྲོ་བའི་བྱ་བ་དེ་གལ་ཆེན་པོ་མ་རེད། དཔོན་རིགས་ཚོའི་ནང་དུ་སྐྱུག་བྲོ་བའི་བྱ་སྤྱོད་མང་པོ་ཡོད་པ་མ་ཟད། རྒྱ་ནག་གི་སྒེར་གཅོད་གདུག་རྩུབ་དང་དྲག་སྤྱོད་ཉེས་གསོག་གི་སྒྲིག་གཞི་དེ་ག་དུས་ཤིག་ལ་རྩ་ཐོར་དུ་འགྲོ་རྒྱུ་ཡིན་པ་སུས་ཀྱང་མི་ཤེས། འོན་ཀྱང་། འདི་ནམ་ཞིག་ལ་རྩ་ཐོར་འགྲོ་རྒྱུ་རེད་ཟེར་ན། ཉེ་བའི་ལོ་ཤས་རིང་གི་རྙོག་འཛིང་གི་གནས་ཚུལ་འདི་དག་གིས་ཉིན་ཞིག་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་དབང་མཇུག་སྒྲིལ་རྒྱུའི་སྣང་ཚུལ་ཞིག་སྟོན་བཞིན་ཡོད། ཅེས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༢ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༢༣ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་ ད་ལྟ་སྒང་དུ་སྡོད་མཁན་དཔོན་རིགས་ཁོ་རང་ཚོར་ཡང་ཕུགས་བརྟན་མེད་པའི་ཚོར་པ་ཞིག་བསྐྲུན་ཡོད། ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese