མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དོན་རྐྱེན་ཀྲུང་ནན་ཧེ་ཡི་དབང་ཆ་འཐབ་རྩོད་ཁྲོད་ཀྱི་གནད་དོན་གཙོ་བོ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

དྲུག་བཞིའི་དོན་རྐྱེན་གྱིས་ཧུའུ་ལི་ཆི་ཡི་མདུན་ལམ་ས་རུ་ཟེགས་ཏེ་གོ་གནས་ཤོར་ཡོད་ཀྱང་ཁོས་ད་དུང་དྲུག་བཞིའི་དོན་རྐྱེན་ལ་དཀར་འདོན་བྱ་དགོས་པའི་སྐོར་ལ་རྒྱ་ནག་གཞུང་ལ་རེ་འདུན་ཞུས་ཡོད་འདུག

ཉེ་ཆར་ཕྱི་སྡོད་རྒྱ་རིགས་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་བ་ཚོས་རྒྱལ་ཁབ་འདྲ་མིན་ནང་དྲུག་བཞིའི་དོན་རྐྱེན་(ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ ཉིན་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་མཐོ་རམ་སློབ་མའི་དམངས་གཙོའི་ལས་འགུལ་ལ་རྒྱ་གཞུང་གི་དྲག་གནོན་བྱས་པ།)ལ་རྗེས་དྲན་གྱི་ལས་འགུལ་འདྲ་མིན་དང་། བརྒྱུད་ལམ་ཁག་ཏུ་རྩོམ་ཡིག་སྣ་ཚོགས་སྤེལ་བཞིན་ཡོད་པའི་ཁྲོད། དྲུག་བཞིའི་དོན་རྐྱེན་ཁྲོད་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཧུའུ་ཆི་ལི་ (Hu Qili) གོ་གནས་ནས་ཕབ་ཡོད་པའི་གནས་ཚུལ་ཞིག་ཧོང་ཀོང་བརྒྱུད་ལམ་ཁག་ཏུ་སྤེལ་འདུག

ཟླ་འདིའི་ཧོང་ཀོང་འཐབ་རྩོད་དུས་དེབ་ཀྱིས་གནས་ཚུལ་སྤེལ་པ་ལྟར་ན།  ༡༩༨༩ ལོའི་དྲུག་བཞི་དོན་རྐྱེན་རྗེས་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཧུའུ་ཆི་ལི་ཡི་གོ་གནས་ནས་ལྷུང་ཡོད་ཀྱང་། ཁོས་ད་ལོའི་ཕྱི་ཟླ་ ༤ པའི་ནང་དབུས་ཆབ་སྲིད་ལྷན་ཁང་དང་མི་དམངས་རྒྱུན་ལས་ཏང་གི་རྩ་འཛུགས། རྒྱལ་སྲིད་སྤྱི་ཁབ་ཁང་ཏང་གི་རྩ་འཛུགས། སྲིད་གྲོས་རྒྱུན་ལས་ཏང་གི་རྩ་འཛུགས་བཅས་ལ་དྲུག་བཞིའི་དོན་རྐྱེན་སྐོར་ལ་བསམ་འཆར་ཡིག་ཆ་དོན་ཚན་ ༤ ཅན་ཞིག་བཏོན་ཡོད་འདུག

ཧུའུ་ཆི་ལི་ཡིས་བསམ་འཆར་དང་པོ་དེ། དྲུག་བཞིའི་དོན་རྐྱེན་བྱུང་པའི་ངོ་བོ་གཏན་ཁེལ་དང་ཐག་གཅོད་བསྐྱར་དུ་བྱ་དགོས་པ། གཉིས་པ། དོན་རྐྱེན་གྱི་མགོ་མཇུག་བར་གསུམ་གྱི་བྱུང་རིམ་སོགས་ཆབ་སྲིད་ཀྱི་སྟེང་ནས་ལོགས་སུ་བཀར་བ་དང་རྩ་འཛུགས་གྱིས་ཐག་གཅོད་བྱ་དགོས་པ། གསུམ་པ། དོན་རྐྱེན་ནང་གི་སློབ་མ་དང་ལས་བཟོ་བ། གཞུང་གི་ལས་འགན་གཙོ་གྲས་དག་ལ་ཆབ་སྲིད་དང་རྩ་ཁྲིམས་ཀྱི་སྟེང་ནས་ཐག་གཅོད་བྱ་དགོས་པ། བཞི་བ། གོང་རིམ་གྱིས་དྲུག་བཞིའི་དོན་རྐྱེན་ཁྲོད་གནོད་སྐྱོན་ཐེབས་པའི་ནང་མི་དང་ཁྱིམ་ཚང་ལ་བདེ་འཇགས་བསྐྲུན་དགོས་པ་མ་ཟད། ལྟ་སྐྱོང་དང་སེམས་གསོ་ལེགས་པོ་བྱ་དགོས་པ་སོགས་བཀོད་ཡོད་འདུག  

གནས་ཚུལ་དེའི་ནང་དུ། ཧུའུ་ཆི་ལི་ཡིས་སྔོན་ཆད་ཐེངས་གང་མང་ལ་སྲིད་འཛིན་ཅང་ཙེ་མིན་དང་ཧུའུ་ཅིན་ཐོ་ གཉིས་ཀྱིས་སྲིད་དབང་བཟུང་པའི་སྐབས་ལ། རྒྱ་ནག་དབུས་གཞུང་དང་ཆབ་སྲིད་ལྷན་ཁང་། རྒྱལ་ཡོངས་མི་དམངས་འཐུས་མི་སོགས་ལ་དྲུག་བཞིའི་དོན་རྐྱེན་གྱི་ངོ་བོ་བསྐྱར་བཅོས་བྱ་དགོས་པའི་རེ་འདུན་ཐེངས་མང་ཞུས་ཡོད་འདུག

དེ་རིང་ཀྲུང་གོར་ལྟ་བ་ཞེས་པའི་དྲ་བའི་སྟེང་། ལོ་འདིའི་ཟླ་ ༢ ཟླ་མགོར་ཧུའུ་ཆི་ལི་ཡིས་རྒྱ་ནག་དབུས་རྩ་འཛུགས་ལྷན་ཁང་གི་འགན་འཛིན་ཀྲའོ་ལེ་ཇི་ (Zhao Leji) སོགས་དཔོན་རིགས་རྒན་པ་ཚོར་ལྟ་སྐོར་འཚམས་འདྲིའི་སྐབས། ཉེ་བའི་ལོའི་ནང་ལ་དྲུག་བཞིའི་དོན་རྐྱེན་གྱི་ངོ་བོ་གཏན་ཁེལ་བྱས་ཡོད་པ་དེར་རྗེས་རབས་པས་བློ་ཐག་ཆོད་པོའི་ཐག་གཅོད་བྱས་ཏེ། སྔོན་ཆད་དྲུག་བཞིའི་དོན་རྐྱེན་ནང་འཛུལ་ཞུགས་བྱས་མྱོང་བའི་མི་མང་རྣམས་ཕྱིར་རང་རྒྱལ་དུ་ལོགས་རྒྱུར་དགའ་བསུ་དང་། འཚོ་བ་དང་ལས་ཀ སྡོད་ཁང་སོགས་གོ་སྒྲིག་བྱ་དགོས་པ་སོགས་བརྗོད་ཡོད་འདུག

ཧུའུ་ལི་ཆི་ནི་རྒྱ་ནག་གི་མགོ་ཁྲིད་ཧུའུ་ཡོ་པཱང་དང་ཀྲའོ་ཙི་ཡཱང་སོགས་ཀྱི་ལས་རོགས་རྙིང་པ་ཞིག་ཡིན་འདུག ཁོང་ཕྱི་ལོ་ ༡༩༢༩ ལོའི་ཟླ་ ༡༠ ནས་ཧྲན་ཞི་ཡུ་ལིན་ནས་སྐྱེས་འདུག ༡༩༨༠ ལོར་ཧུའུ་ཡོ་པཱང་སྲིད་འཛིན་སྐབས་ཧུའུ་ལི་ཆི་ལ་ཧུའུ་ཡོ་པཱང་གིས་གདེང་འཇོག་ཆེན་པོ་བྱས་ཏེ། དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་དང་དབུས་ཧྲུའུ་ཅུའི་ཁྲུའུ་རྒྱུན་ལས་མགོ་གཙོ་སོགས་ཀྱི་གོ་གནས་སྤྲད་ཡོད་པ་དང་། ༡༩༨༧ ལོ་ནས་ ༡༩༨༩ ལོར་ཧུའུ་ལི་ཆི་ཡི་གོ་གནས་འཕར་ཏེ་ཆབ་སྲིད་རྒྱུན་ལས་མི་ལྔའི་ནང་གི་གནས་རིམ་ཨང་བཞི་བ་ཡིན་པ་དང་། དེ་དང་མཉམ་དུ་དབུས་ཧྲུའུ་ཅུའི་ཁྲུའུ་མགོ་གཙོའམ་གནས་རིམ་ཨང་དང་པོ་དེ་ཆགས་ཡོད་འདུག

སྐབས་དེར་རྒྱལ་ཁབ་གཞན་གྱི་བརྒྱུད་ལམ་ཁག་ཏུ། ཏིན་ཞའོ་ཕིན་གྱིས་ལོ་གཞོན་རིག་སྟོབས་ཀྱི་ཧུའུ་ལི་ཆི་གསོ་སྐྱོང་བྱས་ཏེ་རྒྱ་ནག་མི་རབས་གསུམ་པའི་བརྒྱུད་འཛིན་བྱེད་རྒྱུ་ཡིན་པར་འདོད་ཡོད་ཀྱང་།  ༡༩༨༩ ལོར་དྲུག་བཞི་དོན་རྐྱེན་གྱིས་ཧུའུ་ལི་ཆི་ཡི་མདུན་ལམ་ལ་བར་ཆད་བྱུང་ནས་གོ་གནས་ལྷུང་ཡོད་འདུག ལོ་དེའི་ཟླ་ ༦ ཚེས་ ༢༤ ཉིན་རྒྱ་ནག་དབུས་ཚོགས་ཆེན་སྐབས་ ༡༣ བའི་ཚོགས་ཐེངས་ ༤ བའི་སྟེང་། ཧུའུ་ལི་ཆི་དང་ཀྲའོ་ཙི་ཡཱང་གཉིས་མཉམ་དུ་གོ་གནས་ནས་ཕབ་ཡོད་འདུག དེའི་རྗེས་ ༡༩༩༡ ལོར་ཧུའུ་ལི་ཆི་བསྐྱར་ཏུ་གློག་ཆས་བཟོ་ལས་ཀྱི་འགན་འཛིན་གཞོན་པར་བསྐོས་ཡོད་པ་དང་། ༡༩༩༨ ལོའི་ཟླ་ ༣ པ་ནས་རྒྱལ་ཡོངས་སྲིད་གྲོས་འགན་འཛིན་གཞོན་པར་བསྐོས་ཡོད་ཀྱང་ཁོ་ཡོངས་ཁྱབ་ཀྱི་བརྒྱུད་ལམ་ཁག་ཏུ་མཐོང་དཀོན་པོ་ཆགས་ཡོད་འདུག   

དྲུག་བཞིའི་དོན་རྐྱེན་ནི་ཀྲུང་ནན་ཧེ་ཡིས་དབང་ཆ་འཐབ་རྩོད་ཁྲོད་ཀྱི་གནད་དོན་གཙོ་བོ་གཅིག་ཡིན་པ་དང་། ༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཚོའི་དམངས་གཙོའི་ལས་འགུལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་པ་དེ། ཏིན་ཞའོ་ཕིན་གྱིས་སྲིད་ཇུས་ལག་བསྟར་བྱས་རྗེས་ཅང་ཙི་མིན་ནི་དྲུག་བཞིའི་དམར་གསོད་སྟེགས་བུའི་སྟེང་གི་ཁེ་ཕན་ཆེས་ཤོས་ཐོབ་མཁན་དེ་ཡིན་འདུག

རྒྱ་ནག་ཕྱིའི་རྒྱ་ཡིག་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་པ་ལྟར་ན། ཅང་ཙི་མིན་གྱིས་ཁོའི་སྲིད་དབང་གོ་གནས་རྩིས་སྤྲོད་བྱས་མེད་པའི་སྔོན་ནས་དབུས་ཆབ་སྲིད་རྒྱུན་ལས་ཁང་དུ་དྲུག་བཞིའི་དོན་རྐྱེན་དེ་ནམ་ཡང་དག་སེལ་བྱ་མི་ཆོག་པ་གཏན་ཁེལ་བྱས་ཡོད་ཀྱང་། ད་ལྟ་ལོ་ན་ ༨༦ ཡིན་པའི་རྒྱ་ནག་གི་སྲིད་བློན་ཟུར་བ་ཐན་ཅི་ཡོན་ (Tian Jiyuan) གྱིས་ ༡༩༩༨ ལོ་ནས་ ༢༠༠༢ ལོའི་བར་དུ་ཐེངས་བཞི་ཙམ་ལ་དྲུག་བཞི་དོན་རྐྱེན་ལ་ཐག་གཅོད་གསར་བ་ཞིག་བྱ་དགོས་སྐོར་བརྗོད་ཡོད་ཀྱང་ཅང་ཙི་མིན་གྱིས་བཀག་འགོག་བྱས་ཡོད་འདུག

རྒྱ་ནག་གི་གནད་དོན་དཔྱད་ཞིབ་པ་ཧྲི་ཧྲི་ (Shi shi) ཡིས་དབྱེ་ཞིབ་བྱས་པ་ལྟར་ན། ཅང་ཙི་མིན་གྱིས་དྲུག་བཞིའི་དོན་རྐྱེན་དཀར་འདོན་མི་བྱེད་པའི་འགག་རྩ་གཉིས་ཡོད། གཅིག ཅང་ཙི་མིན་རང་ཉིད་ཀྱི་གོ་གནས་འཕར་བ་དང་འབྲེལ་བ་ཡོད། གཞན་དེ། རྩ་རླུང་ཆོས་འཁོར་གྱི་གནད་དོན་རེད། རྩ་རླུང་ཆོས་འཁོར་ལ་གནོད་སྐྱོན་བྱེད་མཁན་ཅང་ཙི་མིན་ལ་མཚོན་ན། གལ་སྲིད་དྲུག་བཞིའི་དོན་རྐྱེན་དཀར་འདོན་བྱས་པ་ཡིན་ན་རྩ་རླུང་ཆོས་འཁོར་གྱི་གནད་དོན་ག་རེ་བྱ་དགོས་པ་རེད། ཅེས་བརྗོད་འདུག

ད་ལྟའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་ནང་ཁུལ་དུ་དྲུག་བཞིའི་དོན་རྐྱེན་ལ་དོ་སྣང་བྱུང་པར། ལོ་སྔོན་མའི་ཟླ་ ༦ ཚེས་ ༣ ཉིན། ཞི་ཅིན་ཕིན་གྱི་དཔུང་ཚོགས་ཀྱི་ནོའུ་ལེ་ (Niu lei) ཡིས་ཕྱིའི་བརྒྱུད་ལམ་ཁག་ཏུ། ཞི་ཡིས་དྲུག་བཞིའི་དོན་རྐྱེན་གྱི་རྡོག་ཁྲེས་འདི་འཁུར་དགོས་དོན་མེད་པ་དང་། ཁོང་གིས་ལོ་རྒྱུས་ཤུལ་བཞག་གི་ཆབ་སྲིད་ཀྱི་ལམ་བུ་དེའི་རྩ་བ་ནས་ཐག་གཅོད་བྱ་རྒྱུའི་ཐབས་ལམ་ཞིག་རྙེད་ཡོད་པ་རེད། ཅེས་བརྗོད་འདུག

ད་ལོ་ཀྲའོ་ཙི་ཡཱང་འདས་གྲོངས་སུ་ཕྱིན་ཏེ་ལོ་ ༡༠ འཁོར་བའི་རྗེས་དྲན་ཉིན་མོར། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཆབ་སྲིད་ཉམས་ཞིབ་འགན་འཛིན་དང་སྤྱི་ཚོགས་ཚན་རིག་པ་སྐུ་ཞབས་ཡཱན་ཅཱ་ཆི་ (Yan Jiaqi) ཡིས། དྲུག་བཞི་དོན་རྐྱེན་དཀར་འདོན་བཀག་འགོག་གི་དབང་ཤུགས་གཙོ་བོ་དེ་རུལ་སུངས་ཚོགས་པའི་རྩ་བ་ཅང་ཙི་མིན་རེད་ཅེས་བརྗོད་འདུག

ཟླ་སྔོན་མའི་ཧོང་ཀོང་འཐབ་རྩོད་དུས་དེབ་ནང་ཀྲང་ཝེ་གོ་ (Zhang Weiguo) ཡི་རྩོམ་ཡིག་ནང་། ཅང་ཙི་མིན་གྱིས་གནད་དོན་གཉིས་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་དང་། དེ་ནི་དྲུག་བཞི་དཀར་འདོན་མི་བྱ་རྒྱུ་དང་རྩ་རླུང་ཆོས་འཁོར་སྒོམ་སྒྲུབ་པར་དྲག་གནོན་མཚམས་འཇོག་མི་བྱེད་རྒྱུ་གཉིས་རེད། འོན་ཀྱང་། གནད་དོན་འདི་གཉིས་ད་ལྟ་ཁོས་བདག་པོ་རྒྱག་ཐུབ་ཀྱི་ཡོད་མ་རེད། གལ་སྲིད་ད་ལྟའི་སྲིད་གཞུང་གིས་ཁོའི་ཚབ་ཏུ་ནག་ཉེས་འདི་མུ་མཐུད་མ་ཁུར་བ་ཡིན་ན་ཁོ་མཆི་ལམ་མ་གཏོགས་འགྲོ་ས་མི་འདུག་ཅེས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༨ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༩ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese