མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་རྒྱུ་མཚན་གསུམ་གྱི་ཐོག་ནས་སྲིད་སྐྱོང་གི་འོས་མིར་ལངས་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་རྒྱལ་སྤྱིའི་ན་གཞོན་ཚོགས་པ་ཟེར་བའི་མགོ་ཁྲིད་འོག བཀྲ་ཤིས་དབང་འདུས་ལགས་ཀྱིས་ ༢༠༡༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

རྒྱལ་སྤྱིའི་ན་གཞོན་ཚོགས་པའི་ཚོགས་མི་དཀོན་མཆོག་རིན་ཆེན་ལགས་ཀྱིས་བཀྲ་ཤིས་དབང་འདུས་ལགས་སུ་རྒྱབ་སྐྱོར་གནང་དགོས་དོན་སྐོར་བརྗོད་དོན། ང་ཚོ་ན་གཞོན་ཚོགས་པས་བཀྲ་ཤིས་དབང་འདུས་ལགས་སུ་རྒྱབ་སྐྱོར་ཞུ་དགོས་དོན་ནི། མི་གཞན་གྱི་གནོན་ཤུགས་སྤྲད་པ་དང་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་བྱས་པ་མ་ཡིན་པར། ང་ཚོས་དང་བླངས་ཐོག་ནས་སོ་སོའི་རིག་པའི་རྩལ་དཔྱད་ནས་དེ་རིང་ཁོང་ལ་རྒྱབ་སྐྱོར་ཞུ་གི་ཡོད། ཁོང་ནི་དེང་དུས་ཤེས་ཡོན་གྱི་ཆུ་ཚད་ལྡན་པ་མ་ཟད། བོད་མི་རིགས་ཀྱི་སྐད་དང་རིག་གཞུང་ལ་གདུང་བ་ཟབ་པ་དང་། དགུང་ལོ་ཆུང་ཆུང་ནས་བཟུང་བོད་པའི་སྤྱི་ཚོགས་ནང་མི་ལོ་ ༢༠ ལྷག་ཞབས་ཕྱི་ཞུས་པའི་ཉམས་མྱོང་ཡོད་སྟབས་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་སོགས་བརྗོད་སོང་།

དེའི་རྗེས་བཀྲ་ཤིས་དབང་འདུས་ལགས་ཀྱིས་སྲིད་སྐྱོང་གི་འོས་མིར་ལངས་དགོས་དོན་གང་ཡིན་སྐོར་བརྗོད་དོན། དང་པོ། ༧གོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་འགན་འཁུར་རྒྱུའི་གོ་སྐབས་ཤིག་བྱུང་ན། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་བཀའ་སྲུང་ཅི་སྒྲུབ་ཐོག་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ་བསྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད། གཉིས་པ། བར་ལམ་ཞིག་ནས་རང་རེའི་སྤྱི་ཚོགས་ནང་ལ་བོད་སྤྱི་པའི་དོན་ལ་ལྷག་བསམ་སེམས་ཁུར་ཡོད་མཁན་ཁག་གཅིག་གིས་གུས་པ་སྲིད་སྐྱོང་ལ་ལངས་དགོས་པའི་དགོས་འདུན་བཏོན་པ་དང་། ང་རང་ཡིན་ཡང་མི་ལོ་ ༢༠ ཙམ་རིང་ལ་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་དང་གཞིས་ཆགས་ཆེ་ཁག་གི་ས་གནས་མགོ་འཛིན་རེད། འདས་པའི་ལོ་བཞི་རིང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ནང་ཚོང་འབྲེལ་གྱི་འགན་འཁྱེར་ཏེ། ཉམས་མྱོང་བསགས་བསྡད་པར་བརྟེན་ནས་ད་ཆ་སྲིད་སྐྱོང་གི་འོས་མིར་ལངས་རྒྱུའི་གདེང་ཚོད་དང་སྤོབས་པ་ཡོད་པའི་ཐོག་ནས་ལངས་ཀྱི་ཡོད།

གསུམ་པ། ང་ཚོ་སྐྱབས་བཅོལ་ལ་བསླེབས་ནས་ལས་འགན་བསྒྲུབས་དགོས་པ་ཆེ་ཤོས་དེ་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་འདི་ཡིན་པ་རེད། འདི་སེལ་བ་ལ་ངས་བོད་མི་ཚོས་ཚང་མ་མཐོང་ཐུབ་དགོས་པའི་དོན་ཚན་བཞི་བརྩི་གི་ཡོད། བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཐབས་ལམ་དེ་བོད་རྒྱ་འབྲེལ་མོལ་གྱི་ཐོག་ནས་གསལ་རྒྱུ་ཡིན། བོད་རྒྱ་འབྲེལ་མོལ་ཐོག་བོད་དོན་བདེན་མཐའ་སེལ་མཁན་དེ་བོད་མིའི་སྒྲིག་འཛུགས་ཆགས་ཡོད་སྟབས། འདི་རྒྱུན་གནས་ཐུབ་རྒྱུ་དང་སྲ་བརྟན་དགོས་རྒྱུ་དེ་གལ་ཆེན་པོ་འདུག དེ་འདྲ་སོང་ཙང་སྒྲིག་འཛུགས་སྲ་བརྟན་བཟོ་དགོས་པ་ཆགས་ཡོད། ནང་དོན་གསུམ་པ་དེ་བོད་དོན་བདེན་མཐའ་སེལ་ཐབས་ཆེད་དུ་དེ་རྒྱུན་གནས་ཐུབ་པར་གཞོན་སྐྱེས་ཚོར་ཤེས་ཡོན་དང་། སྤྱི་ཚོགས་ནང་དཔལ་འབྱོར་ཡར་རྒྱས་གཏོང་དགོས་འདུག ངས་དོན་དག་བསྡུས་ན་བཤད་ན་དབྱིན་ཡིག་ནང་ལ་ང་ཚོ་བོད་མི་ཡོད་དོ་ཅོག་གི་མཐོང་ཐུབ་དགོས་པ་སྟེ་ (SEEN) ཞེས་པ་དེ་ཆགས་ཡོད། དེ་ཡང་“S” ཞེས་པས་དབྱིན་ཡིག་ནང་ (Sustainable) ཞེས་པ་དང་བོད་ཡིག་ནང་རྒྱུན་གནས་ཐུབ་པ་མཚོན་པ་དང་། “E” ཞེས་པས་ (Economy) དཔལ་འབྱོར་དང་ (Education) ཤེས་ཡོན།  “N”ཞེས་པས་ (Negotiation) འབྲེལ་མོལ་བཅས་ཀྱི་གནད་དོན་བཞི་འདི་བོད་མི་ཚང་མས་མཐོང་དགོས་ཀྱི་འདུག འདི་དང་འབྲེལ་བའི་ཛ་དྲག་གི་ལས་གཞི་མང་པོ་ཞིག་བྱེད་དགོས་ཡོད་སྟབས། དེ་རིང་ངས་སྲིད་སྐྱོང་གི་འོས་མིར་ལངས་བ་ཡིན། ཞེས་བརྗོད་སོང་།

གསར་འགོད་པ་ཞིག་གིས་བཀྲ་ཤིས་དབང་འདུས་ལགས་སུ་ཁྱེད་རང་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་གནང་ཕྱོགས་ལ་འདོད་པ་མ་ཁེངས་པར་བརྟེན་ད་ཐེངས་སྲིད་སྐྱོང་གི་འོས་མིར་ལངས་བ་ཞིག་ཡིན་ནམ་ཞེས་དྲིས་པར་ཁོང་གིས། ངས་འདི་ནི་འདོད་པ་འཚིམ་མ་འཚིམ་ལ་རག་ལུས་ཡོད་རེད་བསམ་གྱི་མི་འདུག ངས་སྲིད་སྐྱོང་གི་འོས་མིར་ལངས་དགོས་དོན་ནི་ངར་དམིགས་ཡུལ་དང་ཕུགས་བསམ་ཡོད་པར་བརྟེན་ནས་ལངས་པ་ཡིན། ངས་ང་ཚོའི་བོད་དོན་དཀའ་རྙོག་གསལ་རྒྱུ་དེ་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདས་པའི་ལོ་བཞི་ཙམ་རིང་ང་ཚོས་བོད་དོན་འབྲེལ་མོལ་བསྐྱར་གསོ་བྱེད་ཐུབ་མེད་པར་བརྟེན། ངས་ང་ཚོས་ད་དུང་ལོ་ལྔ་ཙམ་སྒུག་རྒྱུའི་དུས་ཚོད་མེད་སྟབས།  གང་མགྱོགས་བོད་རྒྱ་འབྲེལ་མོལ་ཐུབ་པར་བྱས་ནས་བོད་དོན་དཀའ་རྙོག་སེལ་ཆེད་སྲིད་སྐྱོང་གི་འོས་མིར་ལངས་བ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པས་བཀྲ་ཤིས་དབང་འདུད་ལགས་སུ་ཁྱེད་རང་གིས་དབུ་མའི་ལམ་དང་རང་བཙན་གཉིས་ལས་གང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་དྲིས་པར་ཁོང་གིས། ང་ཚོར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་ཤིག་ཡོད་སྟབས། ངས་༧གོང་ས་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གིས་ལམ་སྟོན་མཛད་པ་དག་ལ་ཤར་སྐྱོར་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པ་ཞིག་གིས་ཁྱེད་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་དེ་བོད་རྒྱ་གྲོས་མོལ་ཡིན་སྐོར་བརྗོད་སོང་བས། གྲོས་མོལ་ཡོང་ཐབས་ཀྱི་ཐབས་ལམ་ག་རེ་དགོས་པ་རེད་དྲན་གི་འདུག་ཅེས་དྲིས་པར། ཁོང་གིས། བོད་དོན་དཀའ་ངལ་སེལ་ཐབས་ཡག་ཤོས་དེ་༧སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་སེལ་ཐུབ་པ་ཡིན་ན། རྒྱ་ནག་གཞུང་ལ་ལས་སླ་ཤོས་དང་། བསྐལ་བ་བཟང་ཤོས་ཤིག་རེད་བསམ་གྱི་འདུག ༧སྐྱབས་མགོན་པོ་ཆེའི་དེའི་ཐོག་བཀའ་སློབ་ག་རེ་ཡོད་དང་། ལངས་ཕྱོགས་ག་རེ་ཡིན་པ་དེ་རྒྱ་ནག་གི་དབུ་ཁྲིད་ཚོར་ཁ་གསལ་དོན་རྟོགས་ཐུབ་པ་ཞིག་བཟོ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག སྤྱིར་བཏང་འཛམ་གླིང་གི་འཕོ་འགྱུར་ལ་བལྟས་ན་འགྱུར་བ་དེ་ཁྱད་མཚར་འགྲོ་ཡི་ཡོད་རེད། ལྷོ་ཨ་ཧྥི་རི་ཀའི་ནང་གཞུང་ལ་ཤུགས་རྐྱེན་ཞེ་དྲག་ཡོད་རེད། འཛམ་གླིང་གི་སུ་གཅིག་གིས་འགྱུར་བ་དེ་འདྲ་འགྲོ་ཡི་རེད་བསམ་ཡོད་པ་མ་རེད།

ཡིན་ཡང་དཔོན་རིགས་གསར་པ་ཞིག་སླེབས་ཡོང་སྐབས། ཟླ་བ་ཁ་ཤས་ནང་ལུང་པར་རང་དབང་ཐོབ་པའི་འགྱུར་བ་ཕྱིན་ཡོད་པ་མ་ཟད། དེ་བཞིན་ཨུ་རུ་སུ་སྟོབས་ཆེན་རྒྱལ་ཁབ་དེ་ལུང་པ་མང་པོ་ཞིག་ལ་ཁ་གྱེས་ནས་རྒྱལ་ཁབ་མང་པོ་ཆགས་རྒྱུ་རེད་བསམ་མེད་ལ། སྔོན་མ་ཤར་ནུབ་འཇར་མན་གཉིས་མ་འཆམ་པར་ཕན་ཚུན་འཁྲུག་རྩོད་མང་པོ་ཡོང་གི་ཡོད་ཀྱང་། ཕྱིས་སུ་རྡོག་རྩ་གཅིག་སྒྲིལ་ཆགས་ནས་རྒྱལ་ཁབ་ཅིག་ལ་འགྱུར་ཡོད་སྟབས། བོད་དོན་དཀའ་རྙོག་དེ་གསལ་ཐབས་མེད་པར་ངོས་འཛིན་བྱེད་ཀྱི་མེད།  ཕྱོགས་གཞན་ཞིག་ནས་རྒྱ་ནག་ནང་དམ་དྲག་འོག་ཐར་ཐབས་བྱེད་མཁན་གྱི་དམངས་གཙོ་དོན་གཉེར་བ་ཚོས་ཤུགས་རྒྱག་གི་ཡོད་སྟབས། རྒྱ་ནག་ནང་དུ་ཡང་འགྱུར་བ་འགྲོ་སྲིད་པ་སོགས་ཀྱི་གནས་སྟངས་འོག་བོད་ཀྱི་དཀའ་ངལ་སེལ་རྒྱུའི་རེ་བ་དང་ཐབས་ལམ་ཡོད་རེད་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 11

  1. བཀྲ་ཤིས་ལྷ་མོ། says:
    ལོ་ 10 སྔོན།

    ཐོག་མར་སྐུ་ངོ་བཀྲ་ཤིས་དབང་འདུས་ལ་བཀྲ་ཤིས་བདེ་ལེགས་སྲིད་སྐྱོང་གི་འོས་ཤོག་རྒྱལ་ཁ་ཐོབ་པའི་སྨོན་ལམ་ཡོད། གོང་དུ་དྲ་གྲོགས་ཁ་ཤས་ཀྱི་ཁྲིམས་ལུགས་ལ་རྒྱུས་མངའ་ཅུང་ཞིག་ཡོད་མདོག་བསྟན་འདུག་པ་ནི་ཡག་པོ་རེད། འོན་ཤེས་མདོག་དང་མ་འགྲིགས་པའི་རྣམ་པ་བསྟན་པའི་ཅི་ཕན་ཏེ་རྒྱུ་མཚན་དང་ཁྲིམས་རྣམ་གྲངས་གང་ལ་གསལ་མིན་སོགས་ཅི་ཡང་མ་མཁྱེན་པར་རྣམ་རྟོག་དགྲ་རུ་ལངས། འོན་ཀྱང་དེ་ཡང་དམངས་གཙོའི་ཁེ་དབང་ཡིན་དུས་བརྗོད་ཆོག་པ་ཞིག་རེད། དོན་དངོས་ནི་ཨ་རི་སོགས་དམངས་གཙོ་ཡང་དག་གི་རྒྱལ་ཁབ་རྣམས་སུ་སྲིད་འཛིན་ལངས་རྒྱུའི་གསལ་བསྒྲགས་ལོ་བཞིའི་སྔོན་ནས་གསལ་བསྒྲགས་བྱས་པ་དགའ་བྱ་མེད། སོ་སོས་མང་གཙོའི་ཁེ་དབང་ལོངས་སྤྱོད་པར་གཞུང་གིས་འོས་བསྡུའི་གསལ་བསྒྲགས་བྱས་མིན་ལ་རགས་མི་ལས། གལ་ཆབ་སྲིད་ཚོགས་པའི་ཞིག་གི་འཐུས་ཚབ་ཀྱི་ཐོག་ནས་སྲིད་འཛིན་གྱི་འོས་གཞིར་ཞུགས་དགོས་ན་ཚོགས་པ་དེས་རྒྱབ་སྐྱོར་དགོས། སྐྱབས་བཅོལ་དམངས་གཙོ་ཁུག་ཆུང་ནང་དུ་རང་བཙན་ཡོད་པའི་དམངས་གཙོའི་ལམ་སྲོལ་དེ་འཛུལ་མིན་མི་ཤེས།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    ཨ་མའི་བུ། ང་སྲིད་སྐྱོང་སུ་བཞེངས་པ་ཡིན་ན་གུས་ཞབས་དང་རྩི་བཀུར་ཡོད། ཡིན་ནའང་རང་ཉིད་ལ་འོས་ཤོག་ཐོབ་ཐབས་གཅིག་པུར་དམིགས་ཏེ་༧སྐྱབས་མགོན་རིན་པོ་ཆེའི་མཚན་བྱིན་རླབས་ཆེན་པོ་དེ་ས་དྲུད་རྡོ་དྲུད་བྱེད་ཡོང་ན་ངོས་ལེན་རྩ་བ་ནས་མེད་ཞུས་པ་ཡིན། གང་གི་ཞེས་ན། ༧སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་སྲིད་ཀྱི་དབུ་ཁྲིད་ནས་རྩ་དགོངས་ཕེབས་ནས་ཕལ་ཆེར་མི་ལོ་ལྔ་ལ་ཉེ་བ་འགྲོ་གི་ཡོད་ཀྱང་། རྒྱ་ནག་དམར་ཤོག་གིས་དེ་ནི་གཡོ་སྒྱུ་ཞིག་དང་སྲིད་དོན་པ་ཐབས་ཆག་ཞིག་གི་ལས་ཀ་ལས། ནང་དོན་དབང་ཆ་ཡོངས་རྫོགས་ཁོང་གཅིག་པུས་ཟིན་བསྡད་ཡོད་ཟེར་བའི་མི་བདེན་རྫུན་བསྒྲིག་གིས་སྐྱོན་བརྗོད་མུ་མཐུད་བྱས་དང་བྱེད་བཞིན་པ་དེ་དག་བདེན་པར་མི་འགྲོ་བའི་ཆེད་དུ་ཡིན། ད་དུང་བསམ་བཞིན་དུ་ཡིན་མིན་ལ་མ་བལྟོས་པར་ཨ་རི་བོད་ཀྱི་བརྙན་འཕྲིན་དང་རླུང་འཕྲིན་ནང་རྟག་པར་འགོ་བརྗོད་ལྟ་བུར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅེས་ཡང་ཡང་སྒྲོག་སྦྱང་གནང་དང་གནང་མུས་རེད་འདུག་པས་དེ་དག་གི་བོད་ཀྱི་གནད་དོན་ལ་ཕན་ཐོགས་ཇི་ཡོང་ངེས་པར་གཟིགས་དཔྱད་གནང་དགོས་འདུག

    Reply
  3. ཨ་ཕའི་བུ། says:
    ལོ་ 10 སྔོན།

    འབྲོང་བུ་སོག་ཚའི་སྐད་ཆ་དེ་བོད་མི་ཚོ་སེམས་ཤུགས་བཅོག་མཁན་འདྲ་འདུག
    སུ་སྲིད་སྐྱོང་ཞབས་སྟེགས་ཐོག་ལང་འདོད་ཡོད་ན་དགའ་བསུ་ཞུ་དགོས་པ་ལས་སྨད་ན་ཅི་བྱེད།
    འོས་ཤོག་མི་མང་ནས་བླུག་གི་རེད།
    འཇོན་པོ་ཡོད་ན་ཁྱོད་ལངས་དང་ང་ཚོས་བལྟས་མོ་བལྟས་ཡོང་།

    Reply
  4. ཡིག་ཆུང་། says:
    ལོ་ 10 སྔོན།

    ཁོང་སྲིད་སྐྱོང་བཞེངས་པར་དགའ་བསུ་ཡོད། འོན་ཀྱང་རྗེས་སུ་སོ་སོའི་མིང་གཞུང་ཕྱིར་འཐེན་མི་བྱ་རྒྱུའི་ངེས་པ་མེད་ལ་དམིགས་བསལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གང་རུང་ཞིག་གི་དཔོན་གནས་ཐོབ་རྒྱུའི་སྲིད་བྱུས་བཤམས་པ་ཞིག་མ་ཡིན་པའི་རེ་བ་ཡོད། དེ་སྔ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གི་བྱེད་པ་ལྟ་བུ་མ་གནང་རོགས། སྤྱི་འཐུས་སུ་བཞེངས་ཀྱི་ཡོད་མདོག་གིས་དོན་དངོས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་གྱི་གོ་གནས་ཟིན་རྒྱུ་དེ་ཡིན་འདུག་བ། དེ་ལྟར་བྱེད་ནས་རྒྱ་ཆེ་མང་ཚོགས་ལ་གཡོ་སྒྱུ་དང་དབུ་སྐོར་གཏོང་བར་འགྲོ་ཡི་ཡོད།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    གནམ་བུ་ལགས་ཀྱིས་གསུང་པ་ཅི་མི་བདེན། རིག་ཚོ་མ་ཟིན་པའི་སྨྱོ་སྐད་མང་དག་ཞིག་བརྒྱབ་ཡོང་གི ༧སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་ཆབ་སྲིད་ནས་རྩ་དགོངས་ཞུས་ཏེ་མི་ལོ་བཞི་ལ་ཉེ་བས་ན། ད་དུང་ཨ་རི་བོད་ཀྱི་རླུང་འཕྲིན་ཁག་དང་། སྲིད་སྐྱོང་འོས་མི་རྣམ་པའི་༧སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་འོག་ཤར་བསྐྱོད་བྱེད་རྒྱུའི་སྐད་ཆ་བཤད་པ་ནི་རྒྱ་མི་དམར་པོས་གླེང་བའི་སྐྱོན་འཛུགས་རྣམས་བདེན་པར་འགྱུར་ཉེན་ཆེ། བསམ་བློ་ཡག་པོ་ཐོངས། ཆབ་སྲིད་རྩེ་ཤེས་ན་ཡག་པོ་རྩེས། མི་ཤེས་ན་བཞག་ན་ལེགས།

    Reply
  6. གནམ་བུ་ལྷ་དཀར། says:
    ལོ་ 10 སྔོན།

    ཡ་མཚན། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་སྨྱོན་པ་མང་རུ་འགྲོ་གི་འདུག འཕྲོད་བསྟེན་ལས་ཁུངས་ཀྱིས་འགན་ལྗིད་ཙམ་འཁུར་དགོས་ཀྱི་འདུག

    Reply
  7. ཆབ་སྐྱེས་པ། says:
    ལོ་ 10 སྔོན།

    བོད་ཀྱི་ན་གཞོན་པ་ཞིག་གིས་འདི་ལྟར་སྤོབས་པ་དང་། ལྷག་བསམ་ཆེན་པོས་ཡར་ལངས་བ་ལ་དགའ་བསུ་གྲངས་མེད་ཞུ།

    Reply
  8. བསྟན་ཆོས། says:
    ལོ་ 10 སྔོན།

    སྐྱོན་མེད་ཀི ད་བར་ཟམ་གདོང་མ་གཏོག་ཁྲིམས་སྒྲིག་མི་ཤེས་མཁན་རྐྱང་རྐྱང་ཡོང སྡད་པ་རེད་ངོ

    Reply
  9. བོད་དགའ། says:
    ལོ་ 10 སྔོན།

    སྐུ་ངོ་བཀྲིས་དབང་འདུས་ལགས་སྐབས་རྗེས་མའི་སྲིད་སྐྱོང་འོས་མིར་བཞེངས་པར་དགའ་བསུ་ཞུ། བོད་མིའི་སྤྱི་ཚོགས་ནང་ན་གཞོན་ཤེས་ཡོན་དང་ལྷག་བསམ་ཅན་མང་ཙམ་མདུན་དུ་ཕེབས་མཁན་ཡོད་ན་འདི་ལ་དགའ་བསུ་མི་ཞུ་སུ་ལ་ཞུ།
    འོས་འདུ་འགན་འཛིན་གྱིས་གསུངས་སྟངས་ལྟ་ན། སྤྱིར་བཏང་བཙན་བྱོལ་བོད་མའི་སྒྲིག་འཛུག་གི་འོས་བསྡུའི་རྩ་ཁྲིམས་ནང་དུ་གང་ཟག་ག་གེ་མོ་ཞིག་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་ལང་སྐབས། གསར་འགོད་གསལ་བསྒྲགས་རིགས་གཞུང་འབྲེལ་གྱིས་མ་གནང་གོང་ལ་བྱ་མི་ཆོག་ཟེར་བ་དེ་འདྲ་ཚིག་དངོས་སུ་གསལ་མེད་པ་འདྲ།

    Reply
  10. ཤར་མདའ། says:
    ལོ་ 10 སྔོན།

    འདི་ནི་དམངས་གཙོའི་འཕེལ་རིམ་ཞིག་ཡིན་དུས་དགའ་བསུ་ཞུ་མ་ཟད་དེ་འདྲ་སྤོབས་པ་ལྡན་ནོ་དེ་བའི་དགའ་བསུ་ཡོད།

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 10 སྔོན།

    ཐོག་མར་བཀྲ་ཤིས་དབང་འདུས་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། དམངས་གཙོའི་འཕེལ་རིམ་གྱི་ངོས་ཐད་ནས་བཤད་ན་འདི་ལྟར་དང་བླངས་ཀྱིས་འཐོན་ཡོང་གི་ཡོད་པ་དེ་དགའ་འོས་པའི་གནས་ཚུལ་ཞིག་ཡིན་ཡང་། བཅའ་སྒྲིག་གི་ཁདགོངས་དོན་ལྟར་ན། འོས་བསྡུ་ལས་ཁུངས་ཀྱིས་སྔོན་འགྲོའི་འོས་བསྡུ་གཞུང་འབྲེལ་གསལ་བསྒྲགས་མ་གནང་གོང་ལ་འདི་ལྟར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་སོགས་ཏག་ཏག་ཅིག་བསྡད་མེད་བསམ་སོང་། ལྷག་པར་ཨ་རི་སོགས་དམངས་གཙོ་ཁྲུག་ཆ་ཆེ་པའི་སྤྱི་ཚོགས་ནང་འདི་རིགས་གཏན་ནས་ཆོག་གི་མེད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese