མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཡོང་ཁཱང་གི་ནག་ཉེས་འགའ་གླེང་མི་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

གསར་ལམ་ཁག་ཏུ་རྒྱ་གཞུང་གིས་ཀྲུའུ་ཡོང་ཁཱང་ལ་ནག་ཉེས་གསུམ་བགྲང་པའི་ཁྲོད་ད་དུང་ཁོའི་ནག་ཉེས་ཆེ་ཤོས་འགའ་ཚུད་མེད་སྐོར་དང་། ཀྲུའུ་ཡོང་ཁཱང་གི་རྗེས་སུ་མི་བཞི་ཤོག་ཁག་གསར་པའི་ནང་གི་ལིན་ཅི་ཧྭ་ལྷག་ཡོད་སྐོར་བརྗོད།

ཁ་སང་ཕྱི་དྲོར་རྒྱ་གཞུང་གི་དབུས་བརྙན་འཕྲིན་ཁང་གིས་གསལ་བསྒྲགས་སྤེལ་ཏེ། ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༢༢ ཉིན། ཡོངས་ཁྱབ་མིན་པའི་ཐོག་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་དང་པོས་རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་མགོ་གཙོ་ཟུར་བ་ཀྲུའུ་ཡོང་ཁཱང་ལ། ནག་ཉེས་གསུམ་བགྲངས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཡོངས་ཁྱབ་ཏུ་བསྒྲགས་པ་དང་བསྟུན་ཏེ། དེ་རིང་པའོ་ཞོན་དྲ་བས་གནས་ཚུལ་སྤེལ་པའི་ནང་ཀྲུའུ་ཡོན་ཁཱང་གིས་ཁོ་རང་ལས་ལོ་ ༢༨ གྱི་ཆུང་བའི་སྐྱེས་དམན་ཅཱ་ཞོ་ཡེ་ (Jia Xiaoye)ལ་བཟའ་ཐོར་རྒྱག་པའི་སྐུལ་མ་བྱས་ཡོད་འདུག  

རྒྱ་ནག་གཞུང་གིས་ཀྲུའུ་ཡོན་ཁཱང་ལ་ཁྲིམས་ཐག་གཅོད་སའི་ཁྲིམས་རའི་ནང་ཀྲུའུ་ཡོང་ཁཱང་གི་བུ་ཀྲུའུ་པིན་དང་བཟའ་ཟླ་ཅཱ་ཞོ་ཡེ་སོགས་ཡོད་པར་བརྗོད་ཡོད་ཀྱང་། དེ་རིང་པའོ་ཞོན་དྲ་བས་ཀྲུའུ་ཡོན་ཁཱང་ལ་ཁྲིམས་ཐག་བཅད་པའི་མཇུག་འབྲས་མ་བསླེབ་སྔོན་ལ་ཁོས་ཁྲིམས་རྩོད་པ་བརྒྱུད་དེ། སླར་ཡང་རང་ཉིད་ཀྱི་སྐྱེས་དམན་ལ་བཟའ་ཐོར་རྒྱག་རྒྱུའི་སྐུལ་མ་བྱས་ཡོད་པ་མ་ཟད། སྐབས་དེར་དགོངས་སེལ་གྱི་ཚིག་འབྲི་མང་པོ་བེད་སྤྱོད་བྱས་ཏེ་དགོངས་དག་ཞུས་ཡོད་འདུག ཡིན་ན་ཡང་ཅཱ་ཞོ་ཡེ་ད་དུང་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་འདུག

པེ་ཅིན་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༥ ཉིན་ཀྲུའུ་ཡོན་ཁཱང་ཀྲུང་ནན་ཧེ་རུ་ཡོད་སྐབས། སྐྱེས་དམན་ཅཱ་ཞོ་ཡེ་དང་མཉམ་དུ་རྒྱ་ནག་དབུས་གྱོད་དོན་ཆེད་མངགས་རུ་ཁག་གིས་འཛིན་བཟུང་བྱས་ཁྲིད་ཡོད་པ་དང་། ལོ་སྔོན་མའི་ཟླ་ ༡༢ པའི་ནང་ཀྲུའུ་ཡོན་ཁཱང་གུང་ཁྲན་ཏང་ནས་ཕྱིར་ཕུད་བྱས་སྐབས། ཀྲུའུ་ཡོན་ཁཱང་གིས་ཐེངས་དང་པོར་ཁྲིམས་རྩོད་པ་བརྒྱུད་ནས་སྐྱེས་དམན་ལ། ཁོའི་མཇུག་འབྲས་ཡག་པོ་མེད་སྟབས་བཟའ་ཚང་ཁ་ཁ་བྱས་ན་ལེགས་ཚུལ་བརྗོད་ཡོད་འདུག

དེ་རིང་ཞཱིན་ཐང་རིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཀྲུའུ་ཡོན་ཁཱང་གི་གྱོད་དོན་པའོ་ཞི་ལེ་ལྟར་ཡོངས་ཁྱབ་ཏུ་ཐག་གཅོད་བྱས་མེད་པ་དེ། གཅིག་མས་ཀྲུའུ་ཡོན་ཁཱང་གི་གྱོན་དོན་རྒྱ་གཞུང་ནང་ཁུལ་གྱི་གསང་བ་མང་པོ་ཞིག་ལ་འབྲེལ་བ་ཡོད་སྟབས། ཡོངས་ཁྱབ་ཏུ་ཐག་གཅོད་བྱས་ན་ཁྲིམས་ཁང་ནས་སྟངས་འཛིན་བྱ་ཁག་པོ་ཡིན་པ་དང་། གཉིས་པ་ནས་ཕྱིའི་རྒྱལ་ཁབ་ཀྱི་བྱུས་གཏོགས་ལ་གཡོལ་ཐབས་ཡིན་པ་སོགས་འཁོད་འདུག

ཧོང་ཀོང་མིན་གོ་གསར་ཁང་གིས་དཔྱད་བརྗོད་སྤེལ་པའི་ནང་། ཀྲུའུ་ཡོན་ཁཱང་གི་གྱོད་དོན་འདི་ལྟར་གློ་བུར་དུ་མཇུག་བསྡུས་ཏེ་གསང་བ་གང་མང་ཞིག་ད་དུང་ལྷག་ཡོད་པའི་ནང་། སྔོན་ཆད་ཞིབ་བཤེར་སྐབས་གྱོད་དོན་གཞན་ལ་འབྲེལ་བ་ཡོད་པའི་དོགས་གཞི་ཁག་གླེང་མེད་པ་མ་ཟད། ངག་རྒྱུན་དུ་ཤོད་བཞིན་པའི་སྐྱེས་དམན་སྔོན་མ་གསོད་མཁན་ཁོ་རང་ཡིན་པ་དེ་དང་། ལྐོག་ནས་མགོ་ཁྲིད་ཚོའི་གསང་བ་ཉན་པ་སོགས་ཀྱི་ནག་ཉེས་སྐོར་གང་ཡང་གསལ་ཁ་མེད་སྐོར་བཀོད་འདུག   

དེ་བཞིན་ད་རེབ་ཁྲིམས་གཅོད་སྐབས། སྔོན་ཆད་ཀྲུའུ་ཡོན་ཁཱང་གི་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱ་ནག་སྤྱི་བདེ་ལས་ཁང་གི་འགན་འཛིན་གཞོན་པ་ལི་ཏོན་ཧྲིན་ (Li Dongsheng) དང་སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་འགན་འཛིན་ལི་ཁྲོན་ཞི་ (Li Chongxi)། ཧེ་ནན་ཞིང་ཆེན་གྱི་ཞིང་ཆེན་འགན་འཛིན་གཞོན་པ་ཅི་ཝིན་ལེན་ (Ji Wenling)། ཀྲུའུ་ཡོན་ཁཱང་དང་མཉམ་དུ་བཀག་ཉར་བྱས་པའི་ཁོའི་དྲུང་ཡིག་ཡཱོ་ཀང་ (Yu Gang) དང་སྲུང་དམག་ཐེན་ཧོན་ (Tan Hong) སོགས་ཀྱི་མིང་གཅིག་ཀྱང་གླེང་མེད་པ་དེ་ནི། མ་ཉེས་ཁག་གཡོགས་ཐེབས་པ་རེད་དམ། ཡང་ན་ཀྲུའུ་ཡོན་ཁཱང་གི་གྱོད་དོན་དང་འབྲེལ་བ་མེད་པར་གྱོད་དོན་གཞན་ཡིན་གང་ཡང་གསལ་བོ་གླེང་མི་འདུག  

ཏཱ་ཅི་ཡོན་གྱི་དེང་དུས་སྲིད་དོན་དཔྱད་ཞིབ་པ་ཀྲུའུ་ཞོ་ཧུའི་ (Zhou Xiaohui) ཡིས་དབྱེ་ཞིབ་བྱས་པ་ལྟར་ན། སྲིད་གཞུང་གིས་ཀྲུའུ་ཡོན་ཁཱང་གི་གྱོད་དོན་འདི་ལྟར་ཐག་གཅོད་བྱེད་པ་དེ། ཀྲུའུ་ཡོན་ཁཱང་གི་སྐྱེས་དམན་སྔོན་མ་ཁོ་རང་ཉིད་ཀྱིས་བསད་པ་དང་གུང་ཁྲན་ཏང་ལ་ངོ་ལོག་བརྒྱབ་པ། དབང་བོ་གསོན་ལེན་སོགས་ཀྱི་གྱོད་དོན་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། སྲིད་གཞུང་གིས་ཞིབ་བཤེར་གྱིས་ལྐོག་ནས་འདྲི་གཅོད་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གཉིས་སུ་གླེང་སློང་བྱེད་བཞིན་པ་དག་ལ་སྣང་ཆུང་བཏང་པ་འདིའི་རྒྱབ་ལོགས་ན། ཕྱོགས་གཉིས་ལ་ཁེ་ཕན་ཡོད་པའི་ཆ་རྐྱེན་ཞིག་དང་བརྗེ་བོ་བརྒྱབ་ཡོད་པ་གསལ་བོ་རེད། ཅེས་བརྗོད་འདུག

ཧོང་ཀོང་ཀུ་ཤུ་ཉིན་རེ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཀྲུའུ་ཡོན་ཁཱང་ལ་ཁྲིམས་ཐག་བཅད་ནས་ཁྱབ་བསྒྲགས་བྱེད་པ་དེས། ཀྲུའུ་ཡོན་ཁང་དང་ཆབ་སྲིད་ཨུ་ཡོན་ཟུར་བ་པའོ་ཞི་ལེ། དབུས་དམག་དོན་འགན་འཛིན་གཞོན་པ་ཟུར་བ་ཞི་ཚད་ཧོ། རྒྱལ་ཡོངས་སྲིད་གྲོས་འགན་འཛིན་གཞོན་པ་ཟུར་བ་ལིན་ཅི་ཧྭ་སོགས་ཀྱི་མི་བཞི་ཤོག་ཁག་གི་རྩ་བ་ནས་གཏོར་རྒྱུ་དེ་ཡིན་པ་དང་། གུང་ཁྲན་ཏང་ནང་གི་རྒྱབ་སྐྱོར་འོག་ཞི་ཅིན་ཕིན་གྱིས་ལོ་གཅིག་ལྷག་ལ་ཞིབ་མཇུག་ནན་མོ་བྱས་མཐར་མི་བཞི་ཤོག་ཁག་གསར་བ་ཞིག་གི་གསང་བ་གཏོར་ཡོད་པ་དང་། ད་ལྟ་ལིན་ཅི་ཧྭ་ཁྲིམས་ཁང་དུ་འདྲི་རྩད་བྱ་རྒྱུ་ལྷག་ཡོད་པ་རེད་ཅེས་སོགས་བཀོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་དགེ་རྒན་བགྲེས་ཡོལ་ཞིག་ལ་དྲ་ལམ་ནས་མགོ་སྐོར་འཇིགས་སྐུལ་བྱས་ཏེ་ཧིན་སྒོར་འབུམ་ ༡༦༡ ལྷག་ཤོར། དྲ་ལམ་གྱི་པར།
Mobile App

བགྲེས་ཡོལ་དགེ་རྒན་ཞིག་དྲ་ལམ་གཡོ་འོག་ཏུ་ཚུད་ནས་ཧིན་སྒོར་འབུམ་ ༡༦༡ ལྷག་ཤོར་འདུག

༢༠༢༦/༠༡/༠༢
Mobile App

སུད་སིའི་ཨར་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་ཤི་རྨས་ཆེན་པོ་བྱུང་།

༢༠༢༦/༠༡/༠༢
Mobile App

ཕྱི་ལོ་ ༢༠༢༥ ལོའི་དུས་བབ་གསར་ཁང་གི་བོད་ནང་གི་གནས་ཚུལ་གལ་ཆེན་ཁག

༢༠༢༦/༠༡/༠༢
Mobile App

ཕྱི་ལོ་ ༢༠༢༥ ལོའི་བཙན་བྱོལ་གྱི་གནས་ཚུལ་ཆེ་ཁག

༢༠༢༦/༠༡/༠༡
Mobile App

༢༠༢༥ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

༢༠༢༥/༡༢/༣༡
རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།
Mobile App

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།

༢༠༢༥/༡༢/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese