མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་སྐད་ཞབས་ཞུ་ཚོགས་ཆུང་ལོ་ ༥ ལ་སོན།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བདུན་ཕྲག་སྔོན་མའི་ཚེས་གཟའ་སྤེན་པའི་ཉིན། དྷ་རམ་ས་ལའི་ཉེ་འགྲམ་གོ་པལ་པུར་བོད་ཁྱིམ་དུ་ ‘དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང’ ཞེས་པ་ལོ་ངོ་ ༥ ལ་སོན་པའི་མཛད་སྒོ་ཞིག་དང་བསྟུན་ཏེ། བོད་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཐབས་སྐོར་ལ་བགྲོ་གླེང་ཞིག་གནང་ཡོད་འདུག

ཉིན་དེའི་ཞོགས་པའི་ཆུ་ཚོད་༨།༤༥ སྟེང་སློབ་གྲྭའི་ཤེས་རབ་འོད་སྣང་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ཚང་འཛོམས་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་མཁན་པོ་འཇུ་བསྟན་སྐྱོང་གཙོས་སྐུ་མགྲོན་འགའ་ཕེབས་ཏེ་ཞོགས་པའི་ལས་རིམ་ནང་སློབ་གྲྭའི་ནང་གི་ཚོགས་ཆུང་དེའི་ཚོགས་གཙོ་བློ་བཟང་ཟླ་བ་ལགས་ཀྱིས་འཚམས་འདྲིའི་གཏམ་བཤད་གནང་བ་དང་། དེའི་རྗེས་སུ་ཚོགས་ཆུང་འདི་གསར་འཛུགས་བྱེད་མཁན་སློབ་མ་བདུན་ཁྲོད་ཀྱི་སློབ་གཉེར་བ་ཀུན་དགའ་ཚེ་རིང་གིས་དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་གསར་འཛུགས་བྱེད་དགོས་དོན་ངོ་སྤྲོད་གནང་དོན། དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་ནི་ཐོག་མར་ཕྱི་ལོ་ ༢༠༡༠ ལོར་གོ་པལ་པུར་སློབ་གྲྭའི་སློབ་མ་བདུན་གྱིས་སློབ་ཞོར་ཏུ་བཙུགས་པའི་ཚོགས་ཆུང་ཞིག་ཡིན། ཚོགས་ཆུང་འདིའི་དགོས་དམིགས་གཙོ་བོ་སློབ་མ་རང་ཉིད་ནས་མགོ་བརྩམས་ཏེ་བོད་ཀྱི་སྐད་ཡིག་སློབ་གཉེར་དང་། རྒྱུད་འཛིན། དར་སྤེལ་སོགས་ལ་འབད་རྒྱུ་གཞི་རྩར་བཟུང་ཡོད། ཕྱི་ལོ་ ༢༠༠༨ དང་ ༢༠༠༩ ལ་བོད་ནང་གི་སློབ་མ་སྟོང་ཕྲག་མང་པོས་བོད་ཀྱི་སྐད་ཡིག་གི་རང་དབང་གླེང་བ་དང་དངོས་སུ་སྤྱི་ཚོགས་ཀྱི་མདུན་ཏུ་ཐོན་ཏེ་རང་དབང་གི་འབོད་སྒྲ་བསྒྲགས་ཡོད། ཁོང་ཚོའི་འབོད་སྒྲ་འདི་ང་ཚོར་མཚོན་ན་རང་མི་རིགས་ཀྱི་སྐད་ཡིག་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་སྐུལ་མ་ལྟ་བུ་རེད། ང་ཚོ་ཕྱི་ཡུལ་རང་དབང་ལུང་པའི་ནང་དུ་ཡོད་པའི་སློབ་མ་གཅིག་ལ་མཚོན་ན་བོད་ནང་གི་སློབ་མ་ལས་ལྷག་པའི་འགན་འཁྲི་ཞིག་ཡོད་པར་ངོས་བཟུང་ནས་གསར་འཛུགས་གནང་བ་ཞིག་ཡིན་ཞེས་གཏམ་བཤད་གནང་སོང་།
  
དེའི་རྗེས་སུ་ཁེམ་པི་རའེ་ཇི་(Cambridge University)གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སློབ་མ(M.Phil)་སྦྲ་རིགས་ཐོགས་མེད་ལགས་ཀྱིས་རྒྱལ་སྤྱིའི་སྟེང་དུ་བོད་རིགས་སློབ་མ་རྣམས་ཀྱིས་གོ་སྐབས་ལེན་དགོས་ཚུལ་དང་བོད་རིག་པའི་ཞིབ་འཇུག་ཐད་དུ་བོད་མི་གཞོན་སྐྱེས་སོ་སོས་འགན་འཁུར་ལེན་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་པ་དང་། དེ་ནས་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་གསུང་བཤད་གནང་།  ཞོགས་པའི་ཆུ་ཚོད་༡༠།༣༠ སྟེང་བཀའ་ཟུར་ཀིརྟི་རིན་པོ་ཆེ་སློབ་གླིང་དེ་གར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་ཕ་སྐད་ཚོགས་ཆུང་གིས་སྤེལ་བའི་སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་སྟེང་ཕེབས་ཏེ་བཀའ་སློབ་གནང་།  ཉིན་རྒྱབ་ཕྱག་ཚོད་ ༢།༠༠ནས་ཕ་སྐད་གླེང་བའི་འདུ་ཚོགས་ཞེས་པའི་བགྲོ་གླེང་ཚོགས་ཤིང་། བགྲོ་གླེང་བར་བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་སྐོར་གླེང་མཁན་འཇུ་བསྟན་སྐྱོང་དང་། ཀིརྟི་བྱེས་པ་གྲྭ་ཚང་གི་རྩོམ་སྒྲིག་འགན་འཛིན་ཚོང་རུ་སེང་གེ་ལགས་ཀྱིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་གནང་ཐབས། སྦྲ་རིགས་ཐོགས་མེད་ལགས་ཀྱིས་རྒྱལ་སྤྱིའི་སྟེང་གི་བོད་ཀྱི་སྐད་ཡིག་བཅས་སློབ་གྲྭའི་སློབ་མ་དོན་གཉེར་ཅན་དང་བོད་དགེ་འགའ་བར་གྲོས་བཏབ་ཅིང་བགྲོ་གླེང་བ་དང་། དགོང་མོར། ཕ་སྐད་དབྱངས་སུ་གྱེར་བའི་དགོངས་ཚོགས་ཞེས། སྙན་ངག་གྱེར་འདོན། ལ་རྒྱའི་གླུ་དབྱངས། གཏམ་བཤད། དགོད་བྲོའི་གཏམ་གླེང་སོགས་སྒྱུ་རྩལ་འདྲ་མིན་ཐོག་ནས་བོད་ཀྱི་སྐད་ཡིག་རྒྱུད་འཛིན་དགོས་པའི་སྐུལ་བརྡ་གནང་སོང་།

ལས་འགུལ་འདི་སློབ་གྲྭའི་ནང་དུ་ཡོད་པའི་ཚོགས་མི་དང་སློབ་གྲྭ་ཐོན་ཏེ་མཐོ་སློབ་འགྲིམ་བཞིན་པའི་ཚོགས་མི་ཁྱོན་ ༡༧ ཙམ་གྱིས་མཉམ་དུ་སྤེལ་བ་ཞིག་ཡིན་པ་དང་། ཐེངས་འདིར་ཕ་སྐད་ཞབས་ཞུ་ཚོགས་ཆུང་གི་ངོས་ནས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ། བོད་སྐད་ཡིག་རིག་གཞུང་ཐོག་མཛད་རྗེས་བླ་མེད་བཞག་དང་འཇོག་བཞིན་པར་བཀའ་དྲིན་རྗེ་དྲན་གྱི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་འདུག

གོས་སྒྲིག་པས་བརྗོད་དོན། དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་བཙུགས་ཏེ་ལོ་ལྔ་འགྲོ་བཞིན་པར་དེ་རིང་ཕྱིར་མིག་ཅིག་བལྟས་ན། དང་བླངས་ཕ་སྐད་ཞབས་ཞུ་ཚོགས་ཆུང་གིས་འགན་འཁྲི་དང་འཚོལ་སྙེགས་ཆེད་དེབ་བཞི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ཕུལ་ཐུབ་ཡོད། ལོ་ལྟར་སྙན་ངག་གྱེར་འདོན་འགྲན་བསྡུར་བྱས་ནས་ད་བར་ཐེངས་ ༤ ཙམ་འཚོགས་ཡོད། བགྲོ་གླེང་དང་གསུང་བཤད་ཐོག་མཁས་དབང་དང་། བསམ་བློ་བ། ཆེད་ལས་སྲིད་དོན་པ་སོགས་མི་ཉུང་བ་ཞིག་གདན་ཞུའི་ངང་དགེ་སློབ་རྣམས་ལ་བཀའ་སློབ་དང་བགྲོ་གླེང་གི་གོ་སྐབས་བྱུང་ཡོད། ད་དུང་སློབ་གྲྭ་དང་འཛིན་རིམ་ནང་ཁུལ་སོགས་ལ་རྩོམ་ཡིག་འགྲན་བསྡུར་དང་བགྲོ་གླེང་སོགས་བསྟུད་མར་སྤེལ་བཞིན་པ་བཅས་འདས་པའི་ལོ་ལྔར་གྲུབ་འབྲས་གང་ཙམ་ཞིག་བྱུང་བར་ངོས་འཛིན་བྱ་བཞིན་ཡོད། ཅེས་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese