མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་ཞབས་རིམ་དང་ཚེ་ཐར་སྲོག་བསླུ་སོགས་ཀྱི་ལས་དོན་རྒྱ་ཆེན་བསྒྲུབ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་རམ་ས་ལའི་ལྷ་རྒྱ་རི་དང་དྲན་རྟེན་དཔའ་བོའི་རྡོ་རིང་མདུན་བཅས་སུ་དུས་མཉམ་དུ། ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༣༠ ཐོག་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་དྷ་རམ་ས་ལའི་མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱུན་ལས་ཁང་གི་གོ་སྒྲིག་འོག བོད་ཀྱི་བསྟན་སྲུང་དང་བླངས་དམག་ཡར་འབྲོག་གཡུ་མཚོའི་འདབས་རོལ་ལྕགས་ཚ་གྲུ་གུ་ཐང་དུ་བཙུགས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་ལ། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་དབུས་སྤྱི་འཐུས་ཁག་གཅིག་དང་། དྷ་ས་ཁུལ་གྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་མི་མང་བཅས་མི་ ༡༠༠ ལྷག་ཙམ་ཞིག་འཛོམས་སོང་།

དུས་དྲན་གྱི་ཐོག་མར་སྐུ་མགྲོན་གཙོ་བོ་དང་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་དང་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཁ་བཏགས་སྒྲོན་པ་དང་སྦྲགས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་འབྲེལ་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས་རྗེས། མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱུན་ལས་ཁང་གི་ཟུང་དྲུང་ངག་དབང་ཐར་པ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་བསྒྲགས་གཏམ་སྒྲོགས་སྦྱང་གནང་དོན། ཕྱི་ལོ་ ༡༩༥༨ ལོར་ལྕགས་ཚ་གྲུ་གུ་ཐང་ལ་བསྟན་སྲུང་དང་བླངས་དམག་སྒར་དབུ་བརྙེས་ནས་བྱང་ཁུལ་དུ་དགྲ་ཐེངས་ ༡༨ དང་། ལྷོ་ཁུལ་དུ་དགྲ་ཐེངས་ཆེ་བ་ ༣༤ ཆུང་བ་ ༧༥ ལྷག་བརྒྱབ་ནས་དགྲ་བོ་ལ་རྒོལ་འཛིང་དྲག་པོའི་ཐོག ཨ་རིའི་གསང་བའི་ལས་ཁུངས་སུ་འབྲེལ་བ་རིམ་མཐུད་ཀྱིས་ལི་ཐང་ཨ་ནོར་བུ་དང་། བྱ་རྒོད་སྲས་དོན་ཡོད་སོགས་ལ་གསང་བའི་དམག་སྦྱོང་ཐོབ་ནས་བོད་ཀྱི་ས་ཐོག་ཏུ་གནམ་མཆོང་བརྒྱབ་སྟེ། དགྲ་བོ་ལ་ཕར་རྒོལ་དྲག་པོ་བྱས་པའི་ལོ་རྒྱུས་དག་དེང་སང་དགྲ་བོ་རྒྱ་དམར་གྱི་ཡིག་ཚང་ནང་ཐོན་ཡོང་བཞིན་ཡོད། མཐར་མང་སྣེ་ཉུང་གིས་མ་བརྟན་པར་དཔའ་བོ་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་ཏེ་བོད་ས་ཡོངས་སུ་དགྲ་ལག་ཏུ་ཤོར་ཡོད་སྟབས། དེ་རིང་སྡིངས་ཆ་འདི་བརྒྱུད་ནས་མྱ་ངན་གུས་འདུད་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ།  སྔོན་ནས་དམིགས་ཡུལ་རྒྱུན་འཁྱོངས་ཆེད་ལྡེ་ར་རྡུན་དམག་སྒར་ཨང་ ༢༢ པ་དྲག་པོའི་དམག་གི་དཔུང་སྡེ་གསར་འཛུགས་བྱས་ཏེ་ད་ལྟའང་མུ་མཐུད་གནས་ཡོད་ལ། ད་བར་ཤུལ་ལུས་དཔའ་བོ་རྒན་གྲས་ཚོར་ཆེ་མཐོང་དང་གུས་བརྩིའི་ཆེད་དོན་གྲུབ་གླིང་དུ་རྒན་གསོ་ཁང་བརྒྱབ་ཡོད་པས་མ་ཚད། ལོ་ལྟར་རྒན་རབས་ ༡༠༠ ལ་འཚོ་སྣོན་གྱི་རོགས་སྐྱོར་དང་། ༧གོང་ས་མཆོག་གིས་ཀྱང་དུས་དང་དུས་སུ་བཀའ་སློབ་ཕེབས་དོན་ལྟར་མ་འོངས་བོད་ཀྱི་རྩ་དོན་རྒྱུན་སྐྱོང་ཆེད་གཞོན་སྐྱེས་ལོ་ཆུང་ཚོར་ཤེས་ཡོན་ཚད་ལྡན་འབྱོར་ཐབས་སུ་ལོ་ལྟར་སློབ་ཕྲུག་ ༦༧ ལ་སློབ་ཡོན་རོགས་རམ་བྱེད་བཞིན་པ་ཡིན། ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་མཆོག་གི་འཁྲུངས་སྐར་སྐབས་ཉིན་བརྒྱ་དུས་གཅིག་ལ་༧རྒྱལ་བའི་ཞབས་རིམ་བསྒྲུབ་རྒྱུ་ཞིག་ཡོད་པ་རེད། ད་ལོ་༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་དམིགས་བསལ་གི་ལོ་ཚིགས་ཤིག་ཆགས་ཡོད་སྟབས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཚོགས་སྐབས་འདི་ལོ་གཞི་རྒྱ་ཆེ་བའི་ཞབས་རིམ་ཞིག་བསྒྲུབ་རྒྱུ་དང་། དེ་ཡང་ཚེ་ཐར་སྲོག་བསླུ་དང་རྩི་ཤིང་འདེབས་འཛུགས། ཁོར་ཡུག་གཙང་བཟོ། དེ་བཞིན་བསྟོད་ཚིག་གི་དེབ་གཅིག་བཅས་ཀྱི་གྲོས་ཆོད་བཞག་ཡོད་པ་ལྟར། ད་ལྟ་ལྷོ་ཕྱོགས་ཁུལ་དུ་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་མགོ་ཁྲིད་དེ་ཚེ་ཐར་སྲོག་བསླུ་དང་རྩི་ཤིང་འདེབས་འཛུགས། ཁོར་ཡུག་གཙང་བཟོ་གནང་གི་ཡོད་པ་དང་། ཧི་མ་ཅལ་ཁུལ་དུ་འཇུ་ཆེན་བཀྲིས་དཔལ་འབྱོར་ལགས་ཀྱིས་མགོ་ཁྲིད་དེ་༧རྒྱལ་བའི་ཞབས་རིམ་བསྒྲུབ་རྒྱུ་དང་། ལྡེ་ར་རྡུན་དུ་གླིང་ཚང་ཚེ་རྡོར་ལགས་དང་དྷ་ས་ཁུལ་དུ་ངས་འགན་འཁུར་རྒྱུ་དང་། རྒྱ་གར་བྱང་ཤར་ཕྱོགས་ལ་དབུས་རྒྱུན་སྦིར་ཚེ་རྡོར་ལགས་དང་ལྡི་ལི་ཁུལ་དུ་དངུལ་གཉེར་གོ་བོ་བློ་བཟང་དཔལ་ལྡན་གྱིས་མགོ་ཁྲིད་ནས་ཞབས་རིམ་བསྒྲུབ་རྒྱུ་དང་། དེ་མིན་དབུས་རྒྱུན་མེད་པའི་ས་གནས་ཁག་ལ་ས་གནས་རྒྱུན་ལས་ཀྱི་མགོ་ཁྲིད་ནས་ལས་འགུལ་སྤེལ་རྒྱུ་ཆགས་ཡོད། ཞེས་སོགས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདིས་བོད་བསྟན་སྲིད་དང་མི་རིགས་ཀྱི་རང་དབང་ཆེད་དགྲ་བོར་ཕར་རྒོལ་གྱི་ཁ་གཏད་གདོང་ལེན་རིམ་པར་བྱས་ཏེ། ཞབས་འདེགས་ཅི་ཆེ་བསྒྲུབས་ཡོད་པ་དང་། ལྷག་པར་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་བླ་ན་མ་མཆིས་པ་༧གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་བའི་སྐབས་སུ་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་བཅས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་བར་གནས་རྒྱུ་མ་ཟད། ད་རེས་དུས་དྲན་སྲུང་གཙིའི་གོ་སྐབས་འདི་བཟུང་ནས་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཞུ་སྒོ་མཐའ་དག་སྤྱི་ནོར་༧གོང་ས་མཆོག་གི་བཞེད་དགོངས་ལྟར་བསྒྲུབ་ཐུབ་པའི་འགན་འཁུར་ཞུ་ཕྱོགས་སྔར་ལྷག་དགོས་གལ་སྨོས་མི་དགོས་པའི་ཐོག རྒྱུན་དུ་རྒྱ་ཆེའི་མང་ཚོགས་དང་ཐད་ཀར་འབྲེལ་ལམ་དམ་ཟབ་ཡོད་པའི་ཚོགས་པ་དང་སྒྲིག་འཛུགས་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་སམ་ཞོགས་འདེགས་ཀྱི་ནུས་པ་དེ་ཡང་ཤིན་ཏུ་གལ་འགངས་ཆེན་པོ་ཡིན། ཞེས་འཁོད་འདུག

ཁོང་གིས་མུ་མཐུད་དུ། ང་ཚོ་ད་ལྟ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ཞུས་ཏེ་གནས་བཞིན་པ་ལྟར། རྒྱ་གར་ནི་བོད་མི་རྣམས་ཀྱི་གནས་ཡུལ་གཉིས་པ་ཆགས་ཏེ། རྒྱ་གར་གཞུང་དམངས་གཉིས་ཀས་བོད་མིར་རྒྱབ་སྐྱོར་རོགས་རམ་བོད་མིར་རྒྱབ་སྐྱོར་རོགས་རམ་ཧ་ཅང་རྒྱ་ཆེན་པོ་གནང་བའི་བཀའ་དྲིན་གྱི་བདག་ཉིད་ཅན་ཞིག་ཡིན་པ་ལྟར། རང་རང་གནས་ཡུལ་རྒྱ་གར་ཡུལ་མི་རྣམས་ལ་མཐུན་ལམ་བསྟུན་གནས་གནང་ཕྱོགས་ལ་རང་རེ་ ཚང་མས་ཐུགས་སྣང་མི་ཆུང་བ་གནང་རྒྱུ་ནི་ཡུལ་དུས་གནས་བབ་ཀྱི་ཆ་ནས་ཤིན་ཏུ་གལ་ཆེ་ཡིན་སྟབས། ད་རེས་གོ་སྐབས་འདི་བརྒྱུད་ནས་སླར་ཡང་དྲན་སྐུལ་ནན་ཏན་ཞུ་རྒྱུར་ཚང་མའི་ཐུགས་ལ་ངེས་པར་བཅང་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་སྦྲོགས་སྦྱང་གནང་སོང་།

དེ་བཞིན། ཆུ་ཚོད་ ༩ པའི་ཐོག་མདོ་སྟོད་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཁང་གི་གོ་སྒྲིག་འོག དྷ་སའི་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ་ཆུ་བཞི་སྒང་དྲུག་བཙུགས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་ལ། སྐབས་དེར་དབུས་རྒྱུན་ཚོགས་གཙོ་ཕུ་པ་དཔོན་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། དེ་རིང་གི་ཉིན་མོ་འདིར་ཁོང་ཚོས་བོད་བསྟན་སྲིད་མི་རིགས་རང་དབང་གི་ཆེད་དུ་ཡོངས་རྫོགས་བློས་བཏང་བའི་རྒྱལ་གཅེས་ལྷག་བསམ་གྱི་སྙིང་སྟོབས་དང་མཛད་རྗེས་ལ་གུས་བཀུར་དང་ཡི་རང་ཞུ་རྒྱུ་དང་སྦྲགས་རླབས་ཆེན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མདོ་ཁམས་ཆ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་གི་འདས་པའི་ལོ་རྒྱུས་ལ་རྗེས་དྲན་ཞུས་པ་ཙམ་མ་ཡིན་པར་དམ་པ་ཁོང་རྣམས་ཀྱི་བསྒྲུབ་རྒྱུར་ལྷག་ པའི་ཕུགས་བསམ་མངོན་དུ་འགྱུར་ཆེད་ང་ཚོས་འབད་བརྩོན་ཧུར་བསྐྱེད་བྱེད་དགོས་ ཤིང་། ལྷག་པར་དུ་མི་རབས་གསར་པའི་གཞོན་སྐྱེས་རྣམས་ལ་ཆུ་སྒང་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་གི་བཤུལ་འཛིན་དགོས་ཤིང་། ལྷག་པར་དུ་མི་རབས་གསར་པའི་གཞོན་སྐྱེས་རྣམས་ལ་ཆུ་སྒང་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་གི་བཤུལ་འཛིན་དགོས་པའི་བསླབ་བྱ་ནན་པོ་བྱེད་དགོས་པ་དེ་ནི་ང་ཚོ་མི་ ཐོག་འདིའི་ལོ་རྒྱུས་ཀྱི་འོས་འགན་འབའ་ཞིག་ཡིན། མདོར་ན། སྤྱི་ཁྱབ་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་འདས་ཁའི་ཞལ་ཆེམས་ ལས། ང་ཚོ་ཆུ་སྒང་འགོ་ཁྲིད་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་འགོ་ དམངས་ཡོངས་རྫོགས་དམ་ཚིག་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ང་ཚོའི་ཕུགས་བསམ་མངོན་ དུ་འགྱུར་བའི་ཆེད་དུ་རང་རིགས་སོན་རྩ་གཞོན་ནུ་རྣམས་ལ་ལས་དོན་རྩིས་སྤྲོད་ བྱེད་དགོས་སོགས་གསུང་བའི་ཞལ་ཆེམས་རྣམས་ང་ཚོའི་བློ་ལ་བརྟན་པོ་ངེས་དགོས་པར་མ་ ཟད། ཁོང་ཚོའི་མཛད་རྗེས་དང་སྒྲིག་འཛུགས་གལ་ཆེ་འདིའི་མཚན་སྙན་རྐང་བརྗེས་ལག་བསུབ་ ཀྱི་ཆུད་ཟོས་སུ་མ་སོང་བར་ང་ཚོའི་མི་རབས་རིམ་བརྒྱུད་ཀྱིས་སྲུང་སྐྱོབས་དང་ རྒྱུན་འཛིན་ངེས་པར་དུ་ཞུ་དགོས། ཞེས་སོགས་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༧/༡༨
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

༢༠༢༥/༠༧/༡༧
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་་་་ ལྷག་པར་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་བླ་ན་མ་མཆིས་པ་༧གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་བའི་སྐབས་སུ་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་བཅས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་བར་གནས་རྒྱུ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese