མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅིག་གྱུར་གྱི་འདུ་ཤེས་ཧ་ཅང་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧སྐུའི་གྱ་སྟོན་ཐོག་༧གོང་ས་མཆོག་གིས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་བཅས་གྱ་སྟོན་ཐོག་ལྷན་བཞུགས་གནང་སྟེ་གཅིག་གྱུར་གྱི་རྣམ་པ་གསལ་བོ་མངོན་ཐུབ་པ་དེ་ཧ་ཅང་ཡག་པོ་བྱུང་སྐོར་གསུངས་སོང་།

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་སྲུང་གཙི་ཞུས་པའི་མཛད་སྒོའི་ཐོག ༧མགོན་པོ་གང་ཉིད་ཀྱིས་སེར་སྐྱ་མི་མང་ལ་བཀའ་སློབ་ལམ་སྟོན་གནང་སྐབས། སོ་སོའི་མེས་པོ་ནས་བརྒྱུད་པའི་རིག་གཞུང་གོམས་གཤིས་རྣམས་སྲུང་སྐྱོབ་བྱེད་དགོས་ཀྱང་། དེང་དུས་ཀྱི་ཤེས་ཡོན་དང་ཁ་མ་བྲལ་བའི་ཐོག་ནས་སྲུང་སྐྱོབ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་དོན། གདོད་མིའི་མི་རིགས་ཚོ་དང་ཐུག་འཕྲད་སྐབས་ངས་ནམ་རྒྱུན་འདི་འདྲ་ཤོད་ཀྱི་ཡོད། ཁྱེད་རང་ཚོ་གདོད་མའི་མི་རིགས་ཚོ་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ས་ཆ་དེའི་མི་ཡིན་ལ། ཁྱེད་རང་ཚོར་རིག་གཞུང་གོམས་གཤིས་ཤིག་ཡོད་བསྡད་པ་དེ་ས་ཆ་དེའི་གནས་ཚུལ་དང་རན་པ་ཞིག་ཆགས་བསྡད་ཡོད་པ་རེད། ག་རེ་རེད་ཟེར་ན། སྤྱི་ཚོགས་དེའི་གོམས་གཤིས་རྣམས་ས་ཆ་དེའི་ཐོན་ཁུངས་དང་ཚ་གྲང་སོགས་མང་པོ་ཞིག་དང་འབྲེལ་ནས་ཡོང་གི་ཡོད་པ་རེད། དཔེར་ན། ང་རང་ཚོ་བོད་པར་ཆ་བཞག་ན། ཨ་མདོའི་ས་ཁུལ་མང་པོ་ཞིག་གྲང་མོ་ཞེ་དྲགས་ཡིན་པ་དང་། ད་ང་ཚོ་ཚ་བའི་ལུང་པར་བསླེབས་ཚར་དུས་པགས་རྩག་གྱོན་པ་དེའང་ང་རང་ཚོའི་ཡུལ་གྱི་གོམས་གཤིས་དེ་འདྲ་ཞིག་རེད། དེར་བརྟེན་སོ་སོའི་ས་ཁུལ་གྱི་མིའི་རིག་གཞུང་གོམས་གཤིས་ཟེར་བ་དེ་ས་ཁུལ་དེའི་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་རིམ་གྱིས་ཆགས་བསྡད་པ་ཞིག་ཡིན་སྟབས། དེར་སྲུང་སྐྱོབ་བྱེད་པ་དེ་ལེགས་པོ་དང་གལ་ཆེན་པོ་ཡིན་ལ། གདོད་མིའི་མི་རིགས་སོ་སོའི་རྣམ་པ་མཚོན་ཐུབ་པར་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། སྲུང་སྐྱོབ་བྱེད་ཕྱོགས་དེ་རིགས་ཁ་ཤས་ཀྱིས་དུས་རབས་གསར་པའི་སྤྱི་ཚོགས་དང་མ་འདྲིས་པར་སྡོད་པ་ཟེར་བ་དེ་ཕལ་ཆེར་ནོར་འཁྲུལ་རེད། དཔེར་ན། ཉིའུ་ཛི་ལན་ཌི་(New Zealand)ཡི་གདོད་མིའི་མི་རིགས་ཚོའི་ནང་ཁྲིམས་དཔོན་དང་ཆབ་སྲིད་པ། དཔལ་འབྱོར་མཁས་པ། ཚན་རིག་པ་སོགས་རྦད་དེ་འདྲ་འདྲ་རང་བྱས་ནས་ཡོང་གི་ཡོད་པ་དང་། ཁོ་རང་ཚོའི་ཞབས་བྲོ་རྒྱག་པ་སོགས་སོ་སོའི་དེ་ཉར་ཚགས་བྱས་ཏེ། སྤྱི་མཚུངས་ཀྱི་མི་ཞིག་བྱས་ནས་སྡོད་པ་དེ་ཞེ་དྲགས་ཡག་པོ་རེད། ཅེས་དང་།

གཅིག་གྱུར་གྱི་འདུ་ཤེས་འཛིན་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་ཁོང་གིས། འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་ ༧༠ ལྷག་ཡོད་པ་དེ་ཚོ་མི་གཅིག་པ་རེད། ང་རང་ཚོ་མི་སྒེར་རེ་རེའི་བདེ་སྡུག་དེ་འཛམ་བུ་གླིང་སྤྱི་དང་འབྲེལ་བ་ཡོད་པ་རེད། ད་ལྟ་སྔ་མོ་དང་འདྲ་ཡི་མ་རེད། སྔ་མོ་ཡིན་ན་གླིང་ཆེན་སོ་སོ་དང་གླིང་ཆེན་རེ་རེའི་ནང་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོར་བསྡད་དེ་རང་ཁ་རང་གསོ་བྱས་ཏེ་གཅིག་གིས་གཅིག་ལ་བརྟེན་གྱི་ཡོད་པ་མ་རེད། དུས་རབས་ཉི་ཤུ་པའི་སྨད་ནས་བཟུང་དེ་རིང་ཁ་སང་དུས་རབས་ཉེར་གཅིག་པའི་ནང་། རང་བཞིན་གྱིས་དཔལ་འབྱོར་དང་ཤེས་ཡོན་སོགས་མང་པོ་ཞིག་གི་ཐོག་ནས་འཛམ་བུ་གླིང་གཅིག་གྱུར་གྱི་རྣམ་པ་དེ་ཞེ་དྲགས་ཆགས་བསྡད་ཡོད་པ་རེད། དང་དུ་བླངས་ནས་བྱས་པ་མིན་ཡང་གཅིག་གྱུར་གྱི་ཚོར་བ་དེ་བསླེབས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོ་བོད་པར་ཆ་བཞག་ནའང་། འཛམ་བུ་གླིང་གི་མི་དུང་ཕྱུར་ ༧༠ ཡི་ཆ་ཤས་ཤིག་ཡིན་ལ། འཛམ་གླིང་གི་མི་དུང་ཕྱུར་ ༧༠ ལ་བདེ་བ་བྱུང་ན་ང་ཚོ་ལའང་ཁེ་བཟང་རག་ངེས་རེད། དཔེར་ན། ཐད་ཀར་ང་ཚོར་འབྲེལ་བ་ཡོད་པའི་རྒྱ་ནག་ནང་ལོགས་སུ་དོན་དམ་གྱིས་མིའི་སེམས་ལ་ཞི་བདེ་ཡོད་པ་ཞིག་བྱུང་བ་ཡིན་ན། ང་ཚོ་བོད་པ་དང་ཤིན་ཅང་སོགས་ཚང་མར་ཕན་ངེས་རེད། རྒྱ་གར་ལའང་ཕན་ངེས་རེད། གང་ལྟར་དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་འཁྲུག་པ་བརྒྱབ་བསྡད་པ་མང་པ་ཞིག་ང་ཚོ་དང་ཁོང་ཚོ་ཟེར་བའི་ཚིག་དེའི་འོག་ནས་ཡོང་གི་ཡོད་སྟབས། ང་ཚོར་གཅིག་གྱུར་གྱི་འདུ་ཤེས་དེ་དཔེ་གལ་ཆེན་པོ་རེད་འདུག དེའི་ཕྱིར་ངས་གཅིག་གྱུར་གྱི་འདུ་ཤེས་དེ་དགོས་ཀྱི་འདུག་ཅེས་རྟག་པར་ཤོད་ཀྱི་ཡོད། མི་གཞན་པ་དེར་སྐད་ཡིག་མི་འདྲ་བ་དང་ཚོན་མདོག་མི་འདྲ་བ། ཆོས་དད་མི་འདྲ་བ། རྒྱལ་ཁབ་མི་འདྲ་བ་ག་རེ་ཡིན་ནའང་མི་གཅིག་པ་ཡིན་བསམ་པའི་འདུ་ཤེས་དེ་ཡོད་པ་ཡིན་ན། ཐུབ་ཚོད་བྱེད་ངེས་མ་རེད་ལ། གསོད་ངེས་མ་རེད་བཱ་རེད་མ་རེད། ང་ཚོ་དང་ཁྱེད་ཚོ་ཟེར་བའི་བསམ་བློ་དེའི་ཐོག་ནས་མཐར་གཏུག་ཡོང་དུས། ང་ཚོ་ཟེར་བ་ཕྱིས་སུ་རྦད་དེ་བསྡུས་ནས་ང་ང་ང་ཞེས་པ་རང་གི་ཐོག་ཕྱིན་པ་ཡིན་ན། དབུལ་ཕྱུག་གི་ཁྱད་པར་དང་ཐུབ་ཚོད་ཤོད་པ། མགོ་སྐོར་གཏོང་བ། དབང་ཡོད་ཤོད་པ། གསོད་རེས་བྱེད་པ་སོགས་ཀྱི་མཐར་ཐུག་དེ་ང་ང་ཟེར་བ་དེའི་ཐོག་ནས་རྙོག་དྲ་ཚང་མ་བཟོ་ཡི་ཡོད་པ་རེད། དེ་འདྲའི་བསམ་བློ་དེ་ནོར་འཁྲུལ་ཡིན་པ་ངོ་སྤྲོད་བྱེད་པར་ཡིན་གཅིག་མིན་གཅིག་ཆོས་དང་འབྲེལ་བ་ཅི་མི་འདུག དེ་དངོས་གནས་ཚན་རིག་དང་མཐུན་ཞིང་མཐོང་ཆོས་ཀྱི་གནས་ཚུལ་གྱི་ཐོག་ནས་ངོ་སྤྲོད་བྱ་རྒྱུ་ཡོད་པ་རེད། གང་ལྟར་མི་དུང་ཕྱུར་ ༧༠ ཞེས་ཤོད་བསྡད་པའི་ནང་ནས་དངོས་གནས་གདོད་མིའི་མི་རིགས་དམིགས་བསལ་གྱིས་དཀའ་ངལ་འཕྲད་བསྡད་པ་དེ་ཚོར་ང་ཚོས་བསམ་བློ་གཏོང་དགོས་པ་དེ་དཔེ་གལ་ཆེན་པོ་ཆགས་འདུག སྨོན་ལམ་ཞིག་མ་གཏོགས་མེད་པ་ཡིན་ནའང་རྒྱག་དགོས་པ་དེ་གལ་ཆེན་པོ་ཆགས་འདུག ཅེས་གསུངས་སོང་།

ཡང་ཁོང་གིས་མདོ་སྨད་གྱ་སྟོན་སྐོར་ལ། དེ་རིང་མདོ་སྨད་ཀྱི་ངོས་ནས་ང་ལོ་ ༨༠ ཧྲིལ་པོ་ཕྱིན་པའི་གྱ་སྟོན་བྱེད་ཀྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་བོད་སྤྱི་པའི་འགན་འཁུར་མཁན་ཞིག་ཆགས་བསྡད་ཡོད་ལ། ཆེ་ས་ནས་བཤད་ན་འཛམ་བུ་གླིང་འདིའི་མི་དུང་ཕྱུར་ ༧༠ ལ་བསམ་བློ་གཏོང་མཁན་གྱི་མི་ཞིག་ཡིན། ཡིན་ནའང་། སྐྱེས་ས་དེ་བཤད་ཡོང་བ་ཡིན་ན་ཨ་མདོ་ས་ཁུལ་མཚོ་སྔོན་སྐུ་འབུམ་གྱི་ཉེ་འཁྲིས་སུ་སྐྱེས་པ་རེད། དེའི་ཕྱིར་ཨ་མདོ་བ་ཚོས་རྒྱལ་བ་རིན་པོ་ཆེ་ཨ་མདོ་བ་ཡིན་པའི་བསམ་པའི་འདུ་ཤེས་གསལ་བོར་བཟུང་སྟེ། དམིགས་བསལ་གྱིས་དེ་རིང་འདིར་དུས་དྲན་མཛད་སྒོ་གྲ་སྒྲིག་བྱས་ཡོད་པ་དང་། གོང་དུ་ལས་བསྡོམས་ནང་བཤད་པ་ནང་བཞིན་དངོས་གནས་ཁྱེད་རང་ཚོས་ལོ་ཁ་ཤས་རིང་བསམ་བློ་བཏང་སྟེ་འཆར་གཞི་བཀོད། ཞལ་འདེབས་ཡིན་ནའང་མང་ཐག་ཆོད་བྱུང་འདུག་གཱ། དེ་ཚོ་ཁྱེད་རང་ཚོས་ཚགས་ཚུད་ཐག་ཆོད་ཅིག་བྱུང་འདུག་པས་ཐུགས་རྗེ་ཆེ། དེ་རིང་དུས་དྲན་འདིའི་ཐོག་ལ་ང་ཚོའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོ་དུས་གཅིག་ལ་ཚང་འཛོམས་གནང་སྟེ། ཐུགས་འཁུར་བཞེས་ནས་བཀའ་སློབ་གནང་བ་དེ་དངོས་གནས་ཚང་མ་གཅིག་གྱུར་གྱི་ནུས་པ་འདྲ་བོ་གསལ་བོ་མཚོན་ཐུབ་པ་ཡག་པོ་ཞེ་དྲགས་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ། ཞེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese