མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཕྲེང་བཅུ་བས་སོག་ཡུལ་གྱི་བསྟན་པ་བསླར་གསོའི་བྱ་བཞག་བསྒྲུབ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་བདག་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་མཛད་རྣམ་ཆོག་ཤེས་དང་བག་ཡོད་ཀྱི་མི་ཚེ་ཞེས་པ་དབུ་འབྱེད་གནང་བའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༠༠ སྟེང་དྷ་ས་ཀིརྟིའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཇོ་ནང་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་བའི་མཛད་རྣམ་ ༼ཆོག་ཤེས་དང་བག་ཡོད་ཀྱི་མི་ཚེ་༽ ཞེས་པའི་དཔེ་དེབ་སྟོད་སྨད་གཉིས་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་ཚབ་རིན་པོ་ཆེ་མཆོག མཛད་རྣམ་རྩོམ་པ་པོ་བེ་རི་རིག་པའི་རྡོ་རྗེ། དེ་བཞིན། སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་རྩོམ་པ་པོ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ་བཅས་འཛོམས་སོང་།

ཐོག་མར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་དང་རྒྱལ་ཚབ་རིན་པོ་ཆེ། རྩོམ་པ་པོ་བེ་རི་རིག་པའི་རྡོ་རྗེ་གསུམ་གྱིས་༧གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་འབུལ་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཛད་རྣམ་དབུ་འབྱེད་གནང་སོང་།

མཛད་རྣམ་རྩོམ་པ་པོ་བེ་རི་རིག་པའི་རྡོ་རྗེའམ་ངག་དབང་རྡོ་རྗེ་ལགས་ཀྱིས་རྣམ་ཐར་འདི་འབྲི་དགོས་པའི་སྐོར་གསུངས་དོན། ༡༩༩༧ ལོར་ཐོག་མར་ང་བོད་ནས་རྒྱ་གར་ལ་བསླེབས་པ་དང་སྐྱབས་མགོན་ཁལ་ཁ་དམ་པས་ཐུགས་བརྩེ་བས་བསྐྱངས་ཏེ་ཁོང་གི་བླ་བྲང་དུ་སྡོད་རྒྱུའི་གོ་སྐབས་གནང་པ་མ་ཟད། ༡༩༩༨ ལོའི་ས་ག་ཟླ་བའི་སྐབས་ཤིག་ལ་ཁོང་གིས་དམིགས་བསལ་གྱིས་ང་ལ་ཁོང་གི་རྣམ་ཐར་འབྲི་དགོས་པའི་བཀའ་གནང་སོང་། རྩོམ་སྟངས་དེ་ཡང་སྔོན་གྱི་སྲོལ་རྒྱུན་རྣམ་ཐར་དང་རྟོགས་བརྗོད་འབྲི་སྟངས་ལྟར། ཚིག་རྒྱན་དང་སྙན་ངག་ལ་སོགས་པས་མ་བཅིངས་པ། ཡུལ་སྐད་མ་འདྲེ་བ། གོ་སླ་མོ་བོས་འབྲི་དགོས་ཞེས་བཀའ་གནང་སོང་། དེ་ནས་ཁོང་གི་སྐུ་སྒེར་གྱི་ཟིན་བྲིས་ཞིག་ཡོད་པ་དེ་གསོལ་རས་སུ་གནང་སྟེ། རྣམ་ཐར་དེ་མགྱོགས་པོར་ཕྲིས་ཞོག་ཅེས་བཀའ་ཕེབས་ཡོད་ཀྱང་། ཕྱི་ནང་གི་རྐྱེན་མང་པོ་ཞིག་གི་དབང་གིས་ང་སྔོན་མ་རྒྱ་གར་ན་ཡོད་པའི་སྐབས་རྩོམ་བསྒྲིགས་བྱ་རྒྱུའི་སྐལ་བ་མ་བྱུང་པ་རེད།

རྗེས་ལ་ ༢༠༠༤ ལོར་ང་ཨ་རིར་ཕྱིན་རྗེས་ཁོང་གིས་ཞལ་པར་བརྒྱུད་དེ་ཁོང་གི་རྣམ་ཐར་དེ་བྲིས་ན་ཡག་པོ་འདུག་ཅེས་ནས་ཡང་བསྐྱར་བཀའ་གནང་སོང་། ༢༠༡༠ ལོར་ང་ཨ་རི་ནས་ཕྱིར་ཡོང་སྟེ་ཁོང་གི་སྐུ་མདུན་ལ་བཅར་ཏེ་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཆ་ཚང་བྲིས་པ་དང་སྐུ་པར་ཆ་ཚང་ལ་ཁ་བྱང་བཏབ་པ་ཡིན། ༢༠༡༡ ལོར་ཡང་བསྐྱར་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས་སྐུ་ཚེ་སྨད་ཀྱི་མཛད་རྣམ་ལ་ས་བོན་ཞིག་བྲིས་པ་ཡིན། ༢༠༡༢ ལོར་ཁོང་སོག་པོར་བཞུགས་སྐབས་ང་ཕར་འགྲོ་རྩིས་བྱས་ཀྱང་ཐོངས་མཆན་གྱི་དཀའ་ངལ་འོག་མཇལ་རྒྱུ་བྱུང་ཡོད་པ་མ་རེད། ༢༠༡༢ ལོའི་ཟླ་ ༣ ཚེས་ ༡ ཉིན་རིན་པོ་ཆེ་སྐུ་བཤགས་སོང་བས་ང་རང་བློ་ཕམ་ཞེ་དྲགས་བྱུང་སོང་། ཡིན་ནའང་མཛད་རྣམ་འདི་མུ་མཐུད་མཇུག་སྐྱོང་གནང་དགོས་པ་རེད་བསམས་ཏེ། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༢ བའི་ནང་ནས་མགོ་བརྩམས་ཏེ་ ༢༠༡༥ ལོའི་བོད་ཀྱི་ལོའི་ཁོང་སྐུ་བཤགས་པའི་གདུང་མཆོད་ཀྱི་ཉིན་མོར་དེབ་འདི་དཔར་བསྐྲུན་བྱེད་པའི་འཆར་གཞི་བྱས་ཡིན།

དེབ་རྩོམ་སྟངས་གཙོ་བོ་རིན་པོ་ཆེ་ཁོ་རང་གི་རྣམ་ཐར་གྱི་ས་བོན་ཞིག་ཡོད་པ་དེ་གཞིར་བཞག་ཡོད་པ་དང་། དེ་ནས་ཁོང་གི་སློབ་མ་གཙོ་བོ་འོད་ཟེར་རིན་པོ་ཆེ་དང་། ཐུགས་རྩེ་རིན་པོ་ཆེ། ཇོ་ནང་མཁན་རིན་པོ་ཆེ། སོག་ཡུལ་དུ་ཡོད་པའི་ཁོང་གི་སློབ་མ་དང་འབྲེལ་ཡོད་མང་པོ་ཞིག་ལ་དངོས་སུ་ཐུག་སྟེ། རྣམ་ཐར་འདིར་འབྲེལ་ཡོད་ཀྱི་ཡིག་ཆ་ ༧༤ དང་འབྲེལ་ཡོད་མི་སྣ་ ༡༧ ཙམ་བཅར་འདྲི་བྱས་ཏེ་བྲིས་ཡོད། ཅེས་བརྗོད་སོང་།

རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ ༡༩༦༠ ལོར་སྐྱབས་མགོན་ཁལ་ཁ་རིན་པོ་ཆེ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་༧་གོང་ས་མཆོག་གི་ཞབས་འབྲང་ལ་ཕེབས་ཏེ། དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་དང་། ༡༩༩༧ ལོར་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་རྟེན་དང་བརྟེན་པ་བཅས་པ་༧གོང་ས་མཆོག་གིས་ཁལ་ཁ་རིན་པོ་ཆེའི་མཚན་ཐོག་ཏུ་གནང་པ། ༢༠༠༢ ལོའི་ཟླ་ ༦ ཚེས་ ༡༢ ཉིན་ནས་ཉིན་ ༤ རིང་ལ་སྐྱབས་མགོན་ཐམས་ཅན་མཁྱེན་པ་གདན་འདྲེན་ཞུས་ནས་ཆོས་འཁོར་རླབས་ཆེན་མཛད་པ་སོགས་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་དབང་ཇོ་ནང་བའི་བསྟན་པའི་གཞི་བཙུགས་པ་སོགས་ཁོང་ཉག་ཅིག་གི་བཀའ་དྲིན་ལ་བརྟེན་ཏེ་བྱུང་སྐོར་སོགས་གསུངས་སོང་།

 སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ལོ་རྒྱུས་ཞེས་དུས་འདས་ཟིན་པའི་གནས་སྟངས་ཤིག་ལ་ཞིབ་འཇུག་བྱ་དགོས་སྟབས་ལས་སླ་བོ་ཡོད་པ་མ་རེད། མཁས་དབང་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེ་མཆོག་ཡིན་ན་ཧོར་ཆེན་པོའི་བསྟན་པའི་མངའ་བདག་ཆགས་ཡོད་པ་དང་། ཇོ་ནང་ཏཱ་ར་ནཱ་ཐའི་ཡང་སྤྲུལ་ཡིན་པའི་ཆ་ནས་ཇོ་ནང་ཆོས་བརྒྱུད་ཀྱི་ཐོག་ནས་གལ་ཆེན་པོ་ཆགས་ཡོད་སྟབས། འདི་ལ་སྐུ་ལས་བསྐྱོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

སྤྱིར་ང་རང་ཡིན་ན་རིན་པོའི་སྐུ་ཚེ་སྐོར་ལ་དམིགས་བསལ་རྒྱུས་མངའ་མེད་ཀྱང་། གོ་ཐོས་སུ་རིན་པོ་ཆེ་ཆུང་དུས་ནས་ཡང་སྲིད་ངོས་འཛིན་གནང་པ་དང་། དེབ་ཐོག་བཀོད་པ་ལྟར་ཆོག་ཤེས་དང་བག་ཡོད་ཐོག་ལ་སྐྱོད་ཡོད་པ་མ་གཏོགས་སྤྱི་ཚོགས་ནང་ཞེ་བོ་ཐོན་ནས་ངས་ཅིག་བྱེད་དགོས་ཟེར་བའི་རིགས་མ་ཡིན་པར་དངོས་གནས་ཉོམ་ཆུང་བྱས་ནས་ཆོས་པ་རང་བྱས་ནས་བཞུགས་ཡོད་པ་རེད་ཅེས་གོ་མྱོང་ཡོད། ཚོགས་གཙོ་ཆགས་པའི་རྗེས་ལ་རིན་པོ་ཆེ་རྟག་བརྟན་མགྲོན་ཁང་ནང་དུ་བཞུགས་ཡོད་པའི་སྐབས་ཤིག རིན་པོ་ཆེས་བཀའ་མོལ་གསུངས་ཐུབ་ཀྱི་མི་འདུག ང་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་ངེད་གཉིས་བཅར་ཏེ། ཇོ་ནང་གནས་སྟངས་སྐོར་ལ་ཡར་ཞུ་རྒྱུ་དེ་ཕལ་ཆེར་གསན་ཐུབ་ཀྱི་ཡོད་པ་འདྲ་མར་བཀའ་གནང་བ་སྒོ་སམ་སྟེང་བྲིས་ནས་བཀའ་གནང་གི་འདུག

སོག་པོའི་ལུང་པར་ཨུ་རུ་སུ་དང་དམར་ཤོག་གིས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ནས་རིན་པོ་ཆེ་ཕར་ཕེབས་མ་ཐུབ་པའི་བཀག་སྡོམ་དེ་འདྲ་བྱུང་སྟེ། ༡༩༩༩ ལོར་ཐེངས་གཅིག་སོག་པོར་ཕེབས་ཐུབ་ཡོད་པ་དང་། དེའི་རྗེས་གཉིས་སྟོང་བཅུ་གཅིག་བཅུ་གཉིས་ལ་མ་གཏོགས་ཕེབས་ཐུབ་ཡོད་མ་རེད། དེའི་སྔོན་ལ་སོག་པོའི་ནང་ལ་ནང་ཆོས་ཉམས་ཆགས་ཤུགས་ཆེན་པོ་བྱུང་པ་དང་། དོལ་རྒྱལ་བསྟན་གསོལ་ཤུགས་ཆེན་པོ་ཡོད་བསྡད་པ་དེའི་ཐོག་ལ་ང་ཚོས་གདོང་ལེན་བྱ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ངའི་རེ་བ་ལ་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ཁ་ཤས་ཕྱིན་ཡོད་པ་དང་། ད་ལྟ་ཡང་སྲིད་སྐུ་ཕྲེང་བཅུ་བ་ཕེབས་ནས་སོག་པོའི་ཡུལ་དུ་དམ་པའི་ཆོས་ཉམས་ཆགས་མི་འགྲོ་བ་དང་། ལྷ་སྲུང་བསྟན་སྟངས་དང་དེའི་ཕྱོགས་ལ་ཏན་ཏན་བསྟན་པའི་བྱ་བཞག་ཤུགས་ཆེན་པོ་གནང་པའི་རེ་བ་ཞུ་བཞིན་ཡོད། རིན་པོ་ཆེའི་མཛད་རྗེས་སླར་ཡང་ཉི་མའི་འོད་མདངས་བཞིན་ཤར་བའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese