མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་རན་དང་སྟོབས་ཆེན་རྒྱལ་ཁབ་བར་གྱི་གྲོས་མཐུན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཨི་རན་དང་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་བར་ཨི་རན་གྱི་རྡུལ་མཚོན་བཟོ་སྐྲུན་སྔོན་འགོག་སྐོར་ལ་གྲོས་མཐུན་བཞག་ཡོད་འདུག

དེ་རིང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཝེན་ཎཱ་ (Vienna) ནང་། འདས་པའི་ཉིན་ ༡༨ རིང་ཨི་རན་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨ་རི། དབྱིན་ཡུལ། རྒྱ་ནག ཧྥ་རན་སི། ཨུ་རུ་སུ། འཇར་མན་བཅས་ཀྱི་ཕྱི་སྲིད་བློན་ཆེན་བར་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་སྔོན་འགོག་ཐད་གྲོས་མོལ་བྱས་པ་བརྒྱུད། ཚོགས་ཐོག་ཏུ་དེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཡུ་རོབ་མཐུན་ཚོགས་བཅས་ཀྱིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་བ་ཁག་ཆག་ཡང་གཏོང་རྒྱུ་དང་། མ་འོངས་པར་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་མཚམས་འཇོག་དང་། ཨི་རན་གྱི་རྡུལ་ཕྲན་ཐོན་སྐྱེད་རིགས་ལ་རྒྱལ་སྤྱིའི་རྡུལ་ཕྲན་ཞིབ་དཔྱོད་ཚོགས་པ་ (IAEA) ཡིས་རྟོག་ཞིབ་བྱ་རྒྱུ་སོགས་ཀྱི་གྲོས་མཐུན་ཁག་ཅིག་བཞག་ཡོད་འདུག

ཉིན་རྒྱབ་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་འགན་འཛིན་ལྕམ་ཕེ་ཌི་རེ་ཁཱ་ (Federica Mogherini) མཆོག་གིས་གསར་འགོད་ལྷན་ཚོགས་ཐོག ད་ཐེངས་ཀྱི་ཐག་གཅོད་འདིས་རྒྱལ་སྤྱིའི་འབྲེལ་ལམ་གྱི་སློབ་མགོ་གསར་པ་ཞིག་ཕྱེ་ཐུབ་ཡོད་པ་མ་ཟད། རྒྱལ་ཁབ་ཕན་ཚུན་བར་གྱི་ལོ་བཅུ་ཕྲག་ཁ་ཤས་ཀྱི་དཀའ་རྙོག་དག་ལ་གདོང་ལེན་བྱས་ཏེ་འབྲེལ་ལམ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་ར་འཕྲོད་བྱས་པ་རེད། ཅེས་དང་། ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཝ་ཌི་ཛཱ་རེབ་ (Mohammad Javad Zarif) ཀྱིས། གྲོས་མཐུན་འདི་ཡང་དག་ཅིག་མིན་ཡང་ལོ་རྒྱུས་ཀྱི་འགུལ་བསྐྱོད་ཆེན་པོ་ཞིག་ཆགས་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་ཕན་ཚུན་བར་མཉམ་ལས་ཀྱི་ནུས་པ་གོང་འཕེལ་གཏོང་ཐུབ་པ་བྱས་ཏེ། ད་ལྟ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཨི་རན་ལ་ངན་ཕྱོགས་ཀྱི་ལྟ་སྟངས་འཛིན་བཞིན་ཡོད་པ་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འཐོན་རྒྱུར་ཡིད་ཆེས་བྱེད་བཞིན་ཡོད་པ་མ་ཟད། ང་ཚོ་བར་གྱི་མཉམ་ལས་འབྲེལ་ལམ་སྔར་བས་ཡག་ཏུ་འགྲོ་རྒྱུའི་ཆོད་སེམས་བཅང་ཡོད། ད་ཐེངས་ཀྱི་གྲུབ་འབྲས་འདི་ནི་ང་ཚོ་ཚང་མས་དཀའ་ལས་བརྒྱབ་པ་ལས་བྱུང་བ་ཞིག་ཆགས་ཡོད། ཅེས་བརྗོད་འདུག

ནེའུ་ཡོག་དུས་བབ་དང་ (The Wall Street Journal) སོགས་ཀྱི་ཐོག་གནས་ཚུལ་ཐོན་པར། ༢༠༠༣ ལོར་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་དང་གྲོས་མོལ་བྱས་ཏེ། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་ཆེད་ཡུ་རེ་ནི་ཡམ་བཅུད་སྦྱོར་མ་ལག་འཕྲུལ་འཁོར་ ༣༠༠༠ ཙམ་ཉུང་དུ་མ་བཏང་ཚེ། དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྟབས། ༢༠༠༥ ལོའི་བར་ཨི་རན་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་། དེའི་རྗེས་སླར་ཡང་བཟོ་མགོ་བཙུགས་ཡོད། ༢༠༠༦ ནས་ ༢༠༡༢ ལོ་བར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གིས་ཨི་རན་གཞུང་དང་གྲོས་མོལ་བྱས་ཏེ། རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་འགོག་ཐབས་བྱས་ཡོད་ཀྱང་མཇུག་འབྲས་གང་ཡང་ཐོན་མེད་སྟབས། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་དཔལ་འབྱོར་ཉེས་ཆད་བཏང་ཡོད།

༢༠༡༣ ལོའི་ཟླ་ ༡༡ ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རི་དང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཝ་ཌི་ཛཱ་རེབ་རྣམ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆའི་གནད་དོན་སྐོར་ལ་བར་བརྒལ་གྲོས་ཆོད་ཅིག་བཞག་སྟེ། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆའི་རྒྱུ་ཆ་ཡུ་རེ་ནི་ཡམ་བརྒྱ་ཆ་ ༢༠ ཉུང་དུ་གཏོང་རྒྱུ་དང་། གསོག་འཇོག་བྱས་པའི་ཡུ་རེ་ནི་ཡམ་དག་རྩ་མེད་བཟོས་ཚེ། ཨ་རི་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ཨ་སྒོར་ས་ཡ་ ༧༠༠ ལྷག་གི་གུན་གསབ་སྤྲོད་རྒྱུ་དང་། ༢༠༡༤ ལོའི་ཟླ་༧ ནང་གནད་དོན་དེའི་ཐོག་ཁྱབ་རྒྱ་ཆེ་བའི་གྲོས་ཆོད་ཅིག་འཇོག་རྒྱུ་བྱས་ཡོད་ཀྱང་། གྲོས་ཆོད་དེ་ད་བར་འཇོག་ཐུབ་མེད་སྟབས། ༢༠༡༥ ལོའི་ཟླ་ ༤ ཚེས་ ༣ ཉིན་སུད་སིའི་གྲོང་ཁྱེར་ལུ་སན་ཎེ་ནང་དུ། ཨི་རན་དང་སྟོབས་ཆེན་རྒྱལ་ཁབ་ཁག་བར་རྡུལ་ཕྲན་སྔོན་འགོག་གི་སྒྲོམ་གཞི་ཞིག་གཏན་འབེབས་དང་འབྲེལ། ཟླ་སྔོན་མའི་ཚེས་ ༣༠ ཉིན་གྲོས་ཆོད་འཇོག་རྒྱུའི་ཐག་གཅོད་བྱས་ཡོད་སྟབས། ཟླ་སྔོན་མའི་ཟླ་མཇུག་ནས་ད་བར་ཕྱོགས་གཉིས་ཀྱི་ཕྱི་སྲིད་བློན་ཆེན་བར་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཝེན་ཎཱ་ (Vienna) ནང་འཛོམས་ནས་གྲོས་མོལ་བྱས་པ་བརྒྱུད། ཨི་རན་གཞུང་གིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ་ཁས་ལེན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་ཅེས་སོགས་བཀོད་འདུག

རོའུ་ཌར་གསར་ལམ་སྟེང་ལྷན་ཚོགས་ནང་བཞུགས་མཁན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྐུ་ཚབ་ཞིག་གིས། གྲོས་མཐུན་ནང་ཨི་རན་གཞུང་གིས་གྲོས་འཆམ་བྱུང་བའི་གྲོས་མཐུན་ལ་རྡོག་རོལ་གཏང་ཚེ། ཉིན་གྲངས་ ༦༥ ནང་ཚུད་དུ་དཔལ་འབྱོར་ཉེས་ཆད་ཁག་ཅིག་བསྐྱར་གསོ་བྱ་རྒྱུ་གཙོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ ༥ རིང་ཨི་རན་གཞུང་གིས་རྒྱལ་ཁབ་གཞན་དང་མཚོན་ཆའི་ཚོང་ལས་བཀག་འགོག་དང་ལོ་ ༨ རིང་མེ་ཤུགས་འཕུར་མདའི་བཟོ་ལས་རིག་རྩལ་ཉོ་རྒྱུ་བཀག་སྡོམ་བྱ་རྒྱུ་སོགས་བཀོད་པ་རེད། ཅེས་དང་། རྒྱལ་སྤྱིའི་རྡུལ་ཕྲན་ཞིབ་དཔྱོད་ཚོགས་པའི་འགན་འཛིན་ཡུ་ཀེ་ཡཱ་ཨ་མཱ་ཎོ་ (Yukiya Amano) ཡིས། ངས་ཨི་རན་གཞུང་དང་ཨི་རན་གྱི་འདས་ད་མ་འོངས་བཅས་ཀྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་གཙང་སེལ་ཐུབ་རྒྱུའི་གྲོས་མཐུན་འཇོག་ཐུབ་པ་དེ་ནི། རྒྱལ་ཁབ་ཕན་ཚུན་བར་གྱི་དོགས་སློང་སེལ་རྒྱུའི་གོམ་སྟབས་གལ་ཆེན་ཞིག་ཆགས་ཡོད། ཅེས་བརྗོད་འདུག

ཨི་རན་གྱི་སྲིད་འཛིན་ཧཱ་སན་ (Hassan Rouhani) མཆོག་གིས་སྤྱི་ཚོགས་དྲ་རྒྱ་ཀྲའུ་ཌར་བརྒྱུད་བརྗོད་དོན། གྲོས་མཐུན་འདིས་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་གྱི་སྒོ་མོ་གསར་པ་ཞིག་ཕྱེ་པ་མ་ཟད། མཉམ་ལས་ཀྱི་ནུས་སྟོབས་གོང་འཕེལ་བཏང་བ་ཞིག་ཀྱང་ཡིན་སྟབས། ང་ཚོས་མཐའ་གཅིག་ཏུ་མོས་མཐུན་བྱ་རྒྱུ་ཡིན། ཞེས་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས། ཨི་རན་དང་གྲོས་འཆམ་བྱུང་བའི་ཁྱབ་རྒྱ་ཆེ་ཞིང་དུས་ཡུན་རིང་བའི་གྲོས་མཐུན་འདིས། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བདག་བཟུང་བྱ་རྒྱུར་ཚོད་འཛིན་བྱས་པ་ཞིག་ཆགས་ཡོད་སྟབས། མ་འོངས་པར་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་ཉུང་དུ་འགྲོ་རྒྱུ་མ་ཟད། ཨི་རག་དང་རྒྱལ་སྤྱིའི་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་རེད། ཅེས་བརྗོད་ཡོད་སྟབས། ཨི་ཛ་རལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཌི་ཛི་པི་ (Tzipi Hotovely) ཡིས། གྲོས་མཐུན་འདི་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨི་རན་ལ་མགོ་བཏགས་ཞུས་པ་ཞིག་རང་ཡིན་སྟབས། མ་འོངས་པར་ཨི་ཛ་རལ་དང་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ཡིན་པ་མ་ཟད། འདི་ནི་རང་མེད་མི་མེད་བཟོ་མཁན་གྱི་གྲོས་མཐུན་ཞིག་ཀྱང་ཆགས་ཡོད། ཅེས་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese