མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་སྐོར་སྐྱོད་རྩིས་མེད་གཏོང་རོཊ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཕོ་བྲང་དཀར་པོའི་སྙན་ཞུ་དྲ་བ་བརྒྱུད་ཞི་ཅིན་ཕིན་གྱི་ཨ་རིའི་ནང་གི་རྒྱལ་དོན་སྐོར་སྐྱོད་རྩིས་མེད་གཏོང་དགོས་པའི་འབོད་སྐུལ་བྱེད་བཞིན་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིར་རྒྱལ་དོན་སྐོར་སྐྱོད་དུ་འགྲོ་འཆར་ཡོད་པ་ལྟར། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སྣེ་ཁྲིད་དེ་ཕོ་བྲང་དཀར་པོའི་སྙན་ཞུ་དྲ་བའི་ཐོག འདས་པའི་ཉིན་ཤས་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་སྤྱི་མང་ཐོབ་ཐང་དོན་གཉེར་བ་ ༡༠༠ ལྷག་བཀག་ཉར་དང་འདྲི་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་ཡོད་པར་བརྟེན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་བྱས་ཏེ། སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་རིའི་ནང་སྐོར་སྐྱོད་བྱ་རྒྱུ་རྩིས་མེད་གཏོང་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཕུལ་ཏེ་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

འབོད་སྐུལ་སྙན་ཞུ་དེའི་ནང་། ཞི་ཅིན་ཕིན་གྱིས་སྲིད་འཛིན་གྱི་ལས་འགན་འཁུར་ནས་ད་ལྟའི་བར་དུ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ཉུང་མཐར་སྲིད་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་བ་འཛིན་མཁན་ ༡༠༠༠ ལྷག་བཀག་ཉར་བྱས་ཡོད་སྟབས། ང་ཚོས་སྲིད་འཛིན་ཨོ་བྷ་མ་མཆོག་དང་ཨ་རིའི་གཞུང་གིས། འཕྲལ་དུ་རྒྱ་ནག་ནང་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་མང་པོ་ཁྲིམས་འགལ་གྱིས་འཛིན་བཟུང་བྱས་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འདི་ལ་ཐུགས་ཁུར་གནང་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་ལ། མི་ཆོས་རིང་ལུགས་ཀྱི་ཐོག་ནས་འཕྲལ་དུ་ཕན་ནུས་ལྡན་པའི་སྔོན་འགོག་བྱེད་ཐབས་དགོས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་ཨ་རིའི་ནང་རྒྱལ་དོན་སྐོར་སྐྱོད་བྱ་འཆར་ཡོད་པ་དེ་རྩིས་མེད་གཏོང་དགོས། ཛ་དྲག་གི་གནས་སྟངས་མཇུག་མ་བསྡུས་བར་དུ་གཞུང་འབྲེལ་གྱིས་རྒྱ་ནག་གཞུང་དང་འབྲེལ་འདྲིས་བྱ་རྒྱུ་མཚམས་འཇོག་གནང་དགོས། ཞེས་བཀོད་འདུག

གནས་ཚུལ་ཐད་སྤྱི་མང་ནུས་ཤུགས་ཡར་སྐུལ་ཚོགས་པའི་འགན་འཛིན་རྒྱ་རིགས་འབུམ་རམས་པ་ཡཱང་ཅན་ལི་ལགས་ཀྱིས། ད་རེས་ཨ་རིའི་གཞུང་ལ་ཞི་ཅིན་ཕིན་གྱི་སྐོར་སྐྱོད་རྩིས་མེད་གཏོང་དགོས་པའི་འབོད་སྐུལ་བྱས་པ་དེ་དོན་འཁྱོལ་ཡོང་རྒྱུ་ཁག་པོ་ཡིན་ཡང་། ལས་འགུལ་འདི་འདྲ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན། རེ་སྐུལ་གྱི་གྲངས་འབོར་མང་པོས་བསམ་བློ་དང་བསམ་གཞིག་གི་ལམ་ཀ་བརྒྱུད་བསྒྲགས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་། སྤྱི་མང་གི་ཐོབ་ཐང་དོན་གཉེར་བ་རྣམས་ལ་བཙན་གནོན་བྱེད་བཞིན་པའི་བྱ་སྤྱོད་ཤེས་རྟོགས་བྱུང་དུ་འཇུག་ཐུབ་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་གི་བྱེད་སྟངས་དེར་དང་ལེན་བྱེད་ངེས་མ་རེད། ཨ་རིའི་གཞུང་གིས་འབོད་སྐུལ་འདི་དང་ལེན་གནང་དང་མ་གནང་གང་ཡིན་ཡང་ཧ་ཅང་གལ་ཆེ་ཞིང་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད། ཅེས་བརྗོད་འདུག

ཁ་སང་རྒྱ་ནག་ཀང་ཀྲུའུ་རུ་ཡོད་པའི་རང་དབང་རྩོམ་པ་པོ་ཡེ་ཏུའུ་ལགས་ཀྱིས། ཉེ་བའི་ཉིན་ཤས་ཀྱི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོར་བཙན་གནོན་བྱེད་བཞིན་པ་དེས་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད་ལ། གནས་ཚུལ་དེ་ཝེ་པའོ་དང་སྐད་འཕྲིན་ཐོག་བརྒྱུད་བསྒྲགས་ཤུགས་ཆེན་པོ་སོང་ཡོད་པ་རེད། རྒྱ་ནག་གཞུང་གི་བཙན་གནོན་གྱི་ལས་འགུལ་ད་ལྟའང་ལྷོད་འཇགས་སུ་ཕྱིན་མེད་པར་དེ་རིང་ཡང་ཀང་ཀྲུའུ་རུ་མི་རེ་འགའ་འབོད་འགུག་བྱེད་ཀྱི་འདུག གྲོགས་པོ་མང་པོས་སྐད་འཕྲིན་ནང་དུ་ཞི་ཅིན་ཕིན་གྱི་སྐོར་སྐྱོད་རྩིས་མེད་གཏོང་དགོས་པའི་འབོད་སྐུལ་དེ་བརྒྱུད་བསྒྲགས་བྱེད་ཀྱི་འདུག ཅེས་བརྗོད་འདུག

ཕོ་བྲང་དཀར་པོའི་སྙན་ཞུ་དྲ་བའི་ https://petitions.whitehouse.gov/petitions ཐོག་གི་སྙན་ཞུ་དེར། ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་བར་དུ་མི་གྲངས་ ༡༧༦༠ ལྷག་གིས་རྒྱབ་སྐྱོར་གྱི་མཚན་རྟགས་བརྒྱབ་ཡོད་པ་དང་། མཚན་རྟགས་བསྡུ་རུབ་དེ་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་བར་དུ་སྤེལ་རྒྱུ་ཡིན་ལ། གལ་སྲིད་འབོད་སྐུལ་བའི་གྲངས་འབོར་ཁྲི་ ༡༠ ལས་བརྒལ་བ་ཡིན་ན། ཨ་རིའི་གཞུང་གིས་དངོས་སུ་གཟིགས་ཞིབ་གནང་སྟེ་ཞི་ཅིན་ཕིན་གྱི་སྐོར་སྐྱོད་དེ་རྩིས་མེད་གཏོང་རྒྱུ་ཡིན་མིན་ཐད་བརྡ་ལན་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

སྐར་མ ༢ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

སྐར་མ ༤༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

ཆུ་ཚོད་ ༢༢ སྔོན་ལ།
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢
Mobile App

སྤེན་ཚེ་དང་སྐལ་རྡོར་གྱི་འགྲན་བསྡུར།

༢༠༢༦/༠༡/༢༢

མཆན། 1

  1. བསྟན་ཆོས། says:
    ལོ་ 11 སྔོན།

    ང་ཚོ་ལ་འབུམ་ཞེས་པའི་གྲངས་ཀའི་ཐ་སྙད་ཡོད་བཞིན་དུ་སྐད་རིགས་གཞན་པའི་ཤུགས་རྐྱེན་ཐེབ་མདོག་གིས། ཁྲི་༡༠ ལས་བརྒལ་བ་ཡིན་ན་ཞེས་འབྲི་དགོས་དོན་ཅི། འབུམ་གཅིག་ལས་བརྒལ་བ་ཡིན་ཞེས་བྲིས་མདོག་ཤོར་འགྲོ་རྒྱུ་ག་རེ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese