མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་ཡེ་ཤེས་རྒྱའི་བཙོན་འོག་ནས་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ངོ་རྒོལ་བྱེད་མཁན་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་གེ་བ་གྲོང་ཚོའི་བོད་མི་བློ་བཟང་ཡེ་ཤེས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་སྐུ་གྲོངས་འདུག

ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༧ ཉིན་ཁམས་ཚ་བ་མཛོ་སྒང་རྫོང་། སྟོང་འབར་ཡུལ་ཚོའི་ཡུལ་མི་ཚོས་རྒྱ་ནག་གཞུང་གི་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ། ངོ་རྒོལ་ཤུགས་ཆེན་བྱས་སྐབས་འཕགས་པ་རྒྱལ་མཚན་ལགས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྒྱལ་རིག་འཛིན་ལགས་གྱིས་ཀྱང་རང་ལུས་ལ་གྲིས་བརྒྱབ་ནས་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་ལས་འཆར་ལ་ངོ་རྒོལ་གནང་བ་སོགས་ལ་བརྟེན་ནས། ཟླ་དེའི་ཕྱི་ཚེས་ ༩ དང་༡༠ ཉིན་གཉིས་རིང་གེ་བ་སྡེ་བའི་སྡེ་དཔོན་ད་ལམ་འདས་གྲོངས་སུ་སོང་བའི་བློ་བཟང་ཡེ་ཤེས་ལགས་སོགས་མི་རྒན་པ་འགའི་སྣེ་ཁྲིད་འོག་སྟོང་འབར་ཡུལ་ཚོའི་བོད་མི་རྒན་དར་གཞོན་གསུམ་གྱིས་ངོ་རྒོལ་མུ་མཐུད་གནང་སྐབས། ཆབ་མདོ་ཁུལ་དང་མཛོ་སྒང་རྫོང་སོགས་ནས་ཉེན་རྟོག་པ་དང་དམག་མི་ཡོང་ནས་འཇིགས་སྐུལ་བྱས་ཀྱང་ཡུལ་མི་ཚོས་དང་ལེན་མ་བྱས་སྟབས། ཁུལ་དང་རྫོང་སོགས་ཀྱི་དཔོན་རིགས་འགའ་འབྱོར་ཏེ་ནང་འགྲིག་བྱེད་དགོས་ཞེས་བཤད་དེ་གྲོང་མི་རྣམས་སོ་སོའི་ནང་ལ་ལོགས་བཅུག་རྗེས། ཕྱི་ཚེས་ ༡༢  ཉིན་སྡེ་དཔོན་སོགས་མི་བདུན་ཙམ་མཛོ་སྒང་རྫོང་དུ་བཙན་ཁྲིད་ཀྱིས་ལོ་གཅིག་མ་ཟིན་ཙམ་གྱི་རིང་འདྲི་རྩད་བཀག་ཉར་དང་། ཉེས་རྡུང་ཚད་མེད་བཏང་བ་སོགས་དཀའ་ངལ་བཟོད་ཐབས་བྲལ་བ་བཟོས་འདུག

དེའི་རྗེས་ཆབ་མདོ་ལ་ཁྲིད་ནས་ཟླ་གཅིག་ཙམ་བཀག་ཉར་དང་། དེ་རྗེས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ཁྲིད་ནས་ཕྱི་ལོ་༢༠༡༥ ཟླ་ ༥ པའི་ནང་ཁོང་དང་། ཁོང་གི་རོགས་པ་ངག་བཀྲ དེ་བཞིན་ཆོས་ལུག་བསྟན་འཛིན་བཅས་ཁོ་གསུམ་ལ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ནས་ཁོང་གཉིས་ད་དུང་བཙོན་ཁང་དུ་ཡོད་འདུག བཙོན་ཁང་ནང་བློ་བཟང་ཡེ་ཤེས་ལ་ཉེས་རྡུང་ཚད་མེད་བཏང་བའི་དབང་གིས་མགོ་ཡུ་འཁོར་བ་སོགས་གཟུགས་པོ་ནད་གཅོང་དུ་གྱུར་ནས། ཉེ་ཆར་ཁོང་ལྷ་སར་ཛ་དྲག་སྨན་ཁང་ཞིག་ཏུ་ཁྲིད་ཡོད་འདུག་ཀྱང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༩ ཉིན་གྱི་ཆུ་ཚོད་གཉིས་པ་ཡས་མས་ཤིག་ལ་འདས་གྲོངས་སུ་ཕྱིན་འདུག

རྒྱལ་གཅེས་དཔའ་བོ་བློ་བཟང་ཡེ་ཤེས་ལགས་ནི། ནམ་རྒྱུན་སྤྱི་དོན་ལ་འགན་ལེན་དང་དྲང་བདེན་ལྷག་བསམ་ཅན་གྱི་མི་ཞིག་ཡིན་འདུག་ལ། ཁོང་ལ་བུ་ཕྲུག་བརྒྱད་ཙམ་ཡོད་པའི་ནང་ནས་གཉིས་ད་ལྟ་རྒྱ་གར་ལ་ཡོད་པ་དང་སྤྱིར་ནང་མི་བཅུ་བཞི་ཡོད་པའི་ནང་ནས་རྟེན་ས་གཙོ་བོ་ཁོང་ཡིན་པ་རེད། ཁོང་ད་ལོ་ ༦༤ ཙམ་ཡིན་འདུག

འདས་གྲོངས་ཕྱིན་རྗེས་སྐུ་ཕུང་ནང་མི་ལ་རྩིས་སྤྲོད་བྱས་མེད་པ་མ་ཟད་འགྲམ་ལ་ཡང་འགྲོ་བཅུག་མི་འདུག སྤུན་མཆེད་ཚོས་ཞུ་བ་འཐེན་རྗེས་གྲྭ་བ་གཅིག་སྔོ་སྨོན་གསུང་སར་ཕུང་པོའི་འགྲམ་ལ་བཏང་བ་མ་གཏོགས་དེ་མིན་སྤུན་མཆེད་གཅིག་ཀྱང་བཏང་མི་འདུག སྐུ་ཕུང་མེར་བསྲེག་གཏོང་སྐབས་ཀྱང་སྤུན་མཆེད་གཉིས་ལས་ལྷག་ཡོང་མི་ཆོག་ཅེས་བརྗོད་འདུག

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese