མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པ་མང་པོར་ཆཊ་སྲེད་ཀྱི་གནོད་འཚེ་ཐེབས།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

པཱ་ཀི་སི་ཐན་གྱི་གྲོང་གསེབ་ཁག་ཏུ་འཇིགས་སྐུལ་བས་བྱིས་པ་མང་པོ་བཙན་འཁྲིད་བྱས་ཏེ་ཆགས་སྲེད་དང་འབྲེལ་བའི་གནོད་འཚེ་གཏོང་བཞིན་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། པན་ཇབ་ (Punjab) མངའ་སྡེའི་བློན་ཆེན་ཤཱ་ཧ་བྷ་ཛི་ཤཱ་རེ་ཧྥི་ (Shahbaz Sharif) ལགས་ཀྱིས་ཁྲིམས་རྩོད་པ་ཞིག་ལ། པཱ་ཀི་སི་ཐན་གྱི་གྲོང་ཁྱེར་ཀ་སུར་ (Kasur) ཞེས་པའི་ཉེ་འགྲམ་གྱི་གྲོང་གསེབ་ཅིག་ཏུ་ད་ལྟའི་བར་ཁ་ཆེ་འཇིགས་སྐུལ་བས་བྱིས་པ་ ༡༠༠ ལྷག་དངུལ་དངོས་ཀྱི་གཏམ་མར་བཟུང་སྟེ། ཁོ་ཚོར་ལྟ་བས་མི་བཟོད་པའི་ཆགས་སྲེད་ཀྱི་གནོད་འཚེ་གཏོང་བཞིན་ཡོད་པ་གཟུགས་མཐོང་བརྙན་པར་དུ་བླངས་ནས། བྱིས་པ་དེ་དག་གི་ཕ་མ་ཚོར་འཇིགས་སྐུལ་གཏོང་གི་ཡོད་སྟབས། ད་ལྟའི་བར་པཱ་ཀི་སི་ཐན་གཞུང་གིས་ཉུང་མཐར་འཇིགས་སྐུལ་བ་ ༢༥ འཛིན་བཟུང་བྱས་ཡོད་འདུག

པཱ་ཀི་སི་ཐན་ནང་གི་བྷི་བྷི་སི་གསར་ཁང་གི་དཔྱད་ཞིབ་པ་ཨལ་ཡ་སི་ཁན་ (Ilyas Khan) ཟེར་བ་ཞིག་གིས། ཉེ་བའི་ལོ་ངོ་འདི་དག་རིང་པཱ་ཀི་སི་ཐན་ནང་དང་ལྷག་པར་དུ་གྲོང་གསེབ་ཁག་ཏུ་ན་ཆུང་བྱིས་པ་ཚོར་ཆགས་སྲེད་ཀྱི་གནོད་འཚེ་གཏོང་བ་ཧ་ཅང་ཚབས་ཆེ་ཞིང་། ཕྱི་ལོ་ ༢༠༡༤ ལོར་བྱིས་པ་ ༣༥༠༠ ཡས་མས་ཤིག་ལ་ཆགས་སྲེད་དང་འབྲེལ་བའི་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་དང་། ཆགས་སྲེད་ཀྱི་གནོད་འཚེ་ཐེབས་པའི་བྱིས་པ་བརྒྱ་ཆའི་ ༦༧ གྲོང་གསེབ་ཁག་ནས་ཡིན་སྐོར་བརྗོད་འདུག

དེང་སྐབས་པར་ཆས་ཅན་གྱི་ལག་ཁྱེར་ཁ་པར་དར་ཁྱབ་བྱུང་བ་དང་སྦྲགས། མི་མང་གི་ངོས་ནས་སྤྱི་ཚོགས་སྟེང་བྱིས་པ་བསམ་མེད་ཚོར་ཆགས་སྲེད་ཀྱི་གནོད་འཚེ་གཏོང་བ་དང་རྐུ་འཕྲོག་བྱེད་པ། གཏའ་མར་འཛིན་པ་བཅས་ཡིད་སྐྱོ་བའི་གནས་ཚུལ་དེ་དག་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ནང་འཛམ་གླིང་ཚོང་གཉེར་ཁང་ཆེན་མོ་ (World Trade Center) གཏོར་བཅོམ་བཏང་བའི་གནད་དོན་ལྟ་བུར་ཆ་འཇོག་གིས་དཔྱད་ཞིབ་བྱེད་ཀྱི་ཡོད་འདུག

ཉེ་ལམ་འཇིགས་སྐུལ་བའི་གནོད་འཚེ་ཐེབས་པའི་ལོ་ ༡༡ ཅན་གྱི་བྱིས་པ་ཞིག་གིས་བྷི་བྷི་སིའི་གསར་འགོད་པར་བརྗོད་དོན། ཁོ་ཚོས་གསང་བའི་པར་ལེན་འཕྲུལ་ཆས་ཀྱི་མདུན་ནས་ང་ལ་ཆགས་སྲེད་ཀྱི་བརྙས་བཅོས་བཏང་བ་རེད། དེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་ཁོ་ཚོ་ཕྱིར་ཡོང་ནས་ང་ལ་སྐབས་དེའི་བརྙན་པར་བསྟན་ཏེ། གལ་ཏེ་ངས་ཁོ་རང་ཚོའི་འདོད་བློ་ལྟར་བྱེད་དུ་མི་འཇུག་ཚེ། ཁོ་ཚོས་བརྙན་པར་དེ་དག་ངའི་གྲོགས་པོ་དང་སློབ་གྲོགས་ཚོར་སྟོན་རྒྱུ་ཡིན་ཟེར། ཞེས་བརྗོད་འདུག་ལ། ཡང་པཱ་ཀི་སི་ཐན་གྱི་སྐྱེས་མ་ཞིག་གིས་བྷི་བྷི་སིའི་གསར་འགོད་པར། ཁོ་མོའི་བུ་ཆུང་ལོ་ལྔ་རིང་འཇིགས་སྐུལ་བས་དངུལ་དངོས་ཀྱི་གཏམ་མར་བཟུང་བ་དང་། ལོ་ངོ་དེ་དག་རིང་ཁོ་ལ་ཆགས་སྲེད་ཀྱི་གནོད་འཚེ་ཐེབས་པའི་གནས་ཚུལ་དེ་ཁོ་མོས་ཉེ་ཆར་གཞི་ནས་ཤེས་རྟོགས་བྱུང་། ཞེས་བརྗོད་འདུག

རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་བར་ལོ་ན་ ༡༤ མ་སོན་པའི་བྱིས་པ་ ༢༨༠ ལྷག་ལ་ཁ་ཆེ་འཇིགས་སྐུལ་བས་ཆགས་སྲེད་ཀྱི་གནོད་འཚེ་གཏོང་གིན་པའི་བརྙན་པར་ ༤༠༠ ཡས་མས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༩ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese