པཱ་ཀི་སི་ཐན་གྱི་རྒྱལ་ཁོངས་སུ་ཡོད་པའི་པན་ཇིབ་མངའ་སྡེའི་ནང་སྲིད་ལས་ཁུངས་ནང་འགད་རྫས་གཡུགས་སྟེ་ནང་སྲིད་བློན་ཆེན་སོགས་མི་ ༡༤ ལྷག་དམར་གསོད་བཏང་ཡོད་འདུག
ཁ་སང་པཱ་ཀི་སི་ཐན་གྱི་རྒྱལ་ཁོངས་སུ་གཏོགས་པའི་པན་ཇིབ་མངའ་སྡེའི་ནང་སྲིད་ལས་ཁུངས་ནང་འབར་གས་དོན་རྐྱེན་ཞིག་བྱུང་སྟེ། ནང་སྲིད་བློན་ཆེན་ཞུ་ཇྰ་ཁན་རྫ་ཌ་ (Shuja Khanzada) དང་གཞན་ལས་བྱེད་ ༡༤ ལྷག་གིས་ཚེ་སྲོག་ཤོར་ཡོད་པ་དང་། འགད་གཏོར་དོན་རྐྱེན་དེ་བདུན་ཕྲག་གཉིས་ཀྱི་སྔོན་ལ་ནང་སྲིད་ལས་ཁུངས་ཀྱི་རྟོག་ཞིབ་དང་འགོག་རྒོལ་འོག ཁ་ཆེའི་དྲག་སྤྱོད་རིང་ལུགས་པའི་མགོ་ཁྲིད་ཅིག་དམར་གསོད་བཏང་བ་དང་འབྲེལ་བ་ཡོད་པར་དོགས་པ་བྱེད་ཀྱི་ཡོད་འདུག
རྒྱལ་སྤྱིའི་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བའི་ནང་། ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པར་ནང་སྲིད་ལས་ཁུངས་དུ་ཆེད་དོན་ཚོགས་འདུ་ཞིག་འཚོགས་བཞིན་པའི་སྐབས་སུ། ཨལ་ཁཱ་ཌ (Al Qaeda) ཞེས་པའི་ཁ་ཆེ་འཇིགས་སྐུལ་རིང་ལུགས་ཀྱི་ དྲག་སྤྱོད་ཤོག་ཁག་ཅིག་གིས་གློ་བུར་དུ་ལས་ཁུངས་ནང་འགད་རྫས་གཡུགས་པ་དང་། ཚོགས་ཐོག་ཏུ་ལས་མི་ ༥༠ ཡས་མས་ཤིག་མཉམ་ཞུགས་བྱས་ཡོད་པའི་ཁྲོད་ནས་ནང་སྲིད་བློན་ཆེན་དང་གཞན་ལས་མི་ ༡༤ ལྷག་དམར་གསོད་བཏང་ཡོད་སྐོར་བསྒྲགས་འདུག