མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ལ་ངོས་ལེན་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་གྱིས་བོད་རྒྱ་ནག་ནས་ཁ་བྲལ་དུ་གཏོང་མཁན་ལ་མུ་མཐུད་ཁ་གཏད་གཅག་སྟེ་བོད་ནང་རྒྱ་ནག་གཞུང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་སྐོར་བསྒྲགས་འདུག

ཟླ་འདིའི་ཚེས་ ༢༤ ནས་ཉིན་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱ་ནག་གི་མཐོ་རིམ་དཔོན་རིགས་འདུ་འཛོམས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཞི་ཅིན་ཕིན་གྱིས་༧གོང་ས་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མུ་མཐུད་ཁ་གཏད་གཅོག་དགོས་པ་དང་། བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འཚམ་པ་བྱས་ཏེ། རྒྱ་གཞུང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་སྐོར་བརྗོད་ཡོད་པ་མ་ཟད། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དྲ་བའི་ཐོག་དབུ་མའི་ལམ་ལ་ངོས་ལེན་མེད་པའི་དཔྱད་རྩོམ་སྤེལ་འདུག

ཚོགས་ཐོག་ཏུ་ཞི་ཅིན་ཕིན་གྱིས་མ་འོངས་བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གཏམ་བཤད་བྱས་དོན། བོད་ཀྱི་ལས་དོན་དེ་རྒྱ་ནག་གཞུང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ། རྒྱ་ནག་གཞུང་གིས་སྔར་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་ངོ་ ༦༠ ལྷག་གི་ལག་ལེན་གྱི་བརྒྱུད་རིམ་ནང་ང་ཚོར་ཏང་གི་བོད་སྐྱོང་ཐབས་ཇུས་ཆགས་པ་དེ་ནི་ངེས་པར་དུ་རྒྱ་ནག་གཞུང་གི་མགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ཡང་དག་པའི་ངང་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། རྒྱ་ནག་གི་མི་རིགས་དང་རིག་གནས། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཟམ་མི་ཆད་པར་ཇེ་ཟབ་ཏུ་གཏོང་དགོས་པ། ངེས་པར་དུ་རྒྱ་ནག་གཞུང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་པོ་སྤྱི་འདོམས་བྱེད་པའི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་དུ་རྒྱ་ནག་གཞུང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། ཞེས་དང་།

ཡང་ཁོ་བོས་བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འཚམ་པ་བྱེད་དགོས་སྐོར་བརྗོད་དོན། བོད་བརྒྱུད་ནང་བསྟན་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་བླང་བྱར་གཞིགས་ཏེ་འདུལ་ཁྲིམས་དང་བསྟན་དོན་ལ་དགོངས་འགྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ངང་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་སོགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་གཅིག་འགྲིལ་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་མེས་རྒྱལ་ཁ་བྲལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ཞེས་སོགས་བརྗོད་འདུག

མདང་དགོང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྐད་འཕྲིན་དྲ་ཚིགས་ཐོག་སྨྱུག་མིང་ལ་སྐལ་བཟང་ཟེར་བ་ཞིག་གིས། ༼རྒྱ་ནག་གཞུང་གིས་ནམ་ཡང་ཏཱ་ལའི་བླ་མས་བཏོན་གནང་མཛད་པའི་དབུ་མའི་ལམ་ལ་ཁས་ལེན་བྱ་མི་སྲིད༽ཅེས་པ་ཞིག་བཀོད་དེ། སྔོན་ཆད་རྒྱ་ནག་དབུས་གཞུང་གིས་དབུ་མའི་ལམ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུར་ཁས་ལེན་བྱས་མེད་པ་མ་ཟད། ད་ལྟ་དང་མ་འོངས་པའང་བྱ་མི་སྲིད། ང་ཚོར་ཏཱ་ལའི་བླ་མས་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་དགོས་པའི་དགོས་འདུན་འདོན་དགོས་དོན་ནི། བོད་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་ལས་བྲལ་ནས་རྒྱལ་ཁབ་གཅིག་ནང་རྒྱལ་ཁབ་གཞན་ཞིག་འཛུགས་ཆེད་ཡིན་སྟབས། ང་ཚོས་དབུ་མའི་ལམ་བརྒྱུད་བོད་དོན་དཀའ་རྙོག་སེལ་རྒྱུར་ཁས་ལེན་བྱ་མི་སྲིད། ཅེས་སོགས་བརྗོད་འདུག

དེ་རིང་རོའུ་ཌར་གསར་ལམ་གྱིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྐད་ཆ་ཞིག་ལུང་འདྲེན་བྱས་པའི་ནང་། ཏཱ་ལའི་བླ་མ་དང་ཡུལ་གྱར་སྲིད་གཞུང་གིས་བཏོན་པའི་དབུ་མའི་ལམ་ནི། རྒྱ་ནག་གི་བཞི་ཆ་གཅིག་དུམ་བུར་བཏང་སྟེ། ལོ་རྒྱུས་ཐོག་རྒྱ་ནག་གི་ཞིང་ཆེན་ཁག་ནང་ཚུད་པའི་བོད་ཁུལ་ཁག་ཚུར་ལེན་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཐབས་ཇུས་ཤིག་ཀྱང་ཡིན་སྟབས། ང་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མིན། ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༤ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 6

  1. arya says:
    ལོ་ 11 སྔོན།

    ད་ཡང་སྲིད་བྱུས་གསར་པ་ཞིག་བཟོ་དགོས། ལམ་དབུ་མ་དང་རང་བཙན་གཉིས་ཀ་མ་ཡིན་པའི་ལམ་དབུ་མ་གསར་པ་ཞིག་ལ་འབད་བརྩོན་བྱེད་དགོས།
    མདོར་མ་བོད་མི་རིགས་འདི་བོད་མི་རིགས་རང་གི་སྡུག་ལ་སྦྱར་བ་རེད། ད་བསམ་བློ་གཏོང་རན་འདུག དྲན་གཡོག་དང་ཞེད་སྣང་གི་བསམ་བློ་དོར་ཏེ་རང་འགུལ་གྱིས་སྤྱི་ཚོགས་གསར་པར་འབད་བརྩོན་བྱེད་དགོས།

    Reply
  2. thapkegyatso says:
    ལོ་ 11 སྔོན།

    རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བཤད་པ་ལྟར་ན། དབུ་མའི་ལམ་ནི། རྒྱ་ནག་གི་བཞི་ཆ་གཅིག་དུམ་བུར་བཏང་སྟེ། ལོ་རྒྱུས་ཐོག་རྒྱ་ནག་གི་ཞིང་ཆེན་ཁག་ནང་ཚུད་པའི་བོད་ཁུལ་ཁག་ཚུར་ལེན་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཐབས་ཇུས་ཤིག་ཀྱང་ཡིན་སྟབས། ང་ཚོས་ནམ་ཡང་ངོས་ལེན་བྱེད་ཀྱི་མིན། ཞེས་པ་འདི་རེད། འདི་ལས་ཤེས་པ་ནི་དབུ་མའི་ལམ་གྱི་རྒྱ་ཅི་འདྲར་ཆེ་བ་ནི་ཚུར་ཁ་གྲག་གིན་པ་དེ་རེད། དབུ་མའི་ལམ་ནི་མི་མང་གི་མངོན་འདོད་ཁོ་ན་ཡིན་པས། མི་རེ་ཟུང་གིས་ལན་གདབ་དགོས་པར་མོལ་བ་ནི་རང་ཉིད་དྲྭ་འབུ་ཙམ་ལས་འགན་ཅི་ཡང་མེད་པའི་རྟགས་བསྟན་རང་རེད།

    Reply
  3. རྡོ འཇམ་ཚུལ། says:
    ལོ་ 11 སྔོན།

    བཙན་བྱོལ་བོད་མའི་སྒྲིགས་འཛུགས་དང་༸གོང་ས་མཆོག་གི་བཀའ་དྲིན་ལ་ཚུར་ཕྱོགས་བཙན་བྱོལ་དུ་འཚོ་ཞིང་གཞིས་པའི་བོད་མི་དབུ་ལམ་སྲིད་ཇུས་ལ་ནུས་མཁོ་མེད་ཅིང་མགོ་འདོགས་རང་བཞིན་སོགས་རྒོལ་རྡུང་དང་སྐྱོན་སྨྲས་ཀྱིས་ཉིན་མཚན་འདའ་བའི་བོད་མི་དག་ལས་ཕར་ཕྱོགས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་མཆུ་མིད་དུ་གཏང་འདོད་ཅན་གྱི་དམར་བོའི་སྲིད་གཞུང་གི་མི་སྣ་དབུ་ལམ་སྲིད་ཇུས་ངོས་ལེན་མེད་པའི་བསྒྲགས་གཏམ་དང་ངན་སྨྲ་ཅན་དེ་ཚོ་གོ་རྟོགས་མཐོ་བ་འདུག ད་འོ་ན་འུ་ཅག་གི་བཙན་བྱོལ་ནང་གི་བོད་མི་གོང་སྨྲས་ཀྱི་རིགས་དེ་དག་ལ་རྒྱ་དམར་གྱི་ལྟོ་ཕོགས་མ་རག་པས་ལན་པ་རེད་དམ། བཙན་བྱོལ་བོད་མའི་སྒྲིགས་འཛུགས་ཀྱིས་དཔྱད་ཁྲལ་བསྡུས་པ་མང་དྲགས་པ་རེད། ཚང་མས་བརྗོད་དོན་ལས་གཞན་སྐྱོན་བརྗོད་དང་ངོས་ལེན་པའི་དེབ་དང་སྲིད་ཇུས་གཅིག་རེད།

    Reply
  4. གངས་སེང་། says:
    ལོ་ 11 སྔོན།

    ད་ཤར་ཕྱོགས་ཁུག་རྟ་ཁག་མེད། ་སྐད་མི་ཤོར་རང་ཤོར་རེད། ད་ལོ་པེ་ཅིན་ལ་སོང་ནས་ཁས་ལེན་གང་བྱས་པ་དེར་རྒྱ་ནག་ཁོའི་འདོད་ཐོག་ལ་རྫུན་མ་་བཤད་ཡིན་པ་ར་འཕྲོད་རེད།ད་རྒྱ་ནག་ལ་བསྟུན་མཁས་བྱ་རྒྱུ་མེད་པ་བོད་ཀྱི་བྱིས་པ་ཡན་ཆད་ཀྱི་ཤེས།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    འདི་ཡི་ལན་ཡོངས་རྫོགས་ཟམ་གདོང་བླ་མའི་གནང་ན་ལེགས།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    རྒྱ་ནག་གཞུང་ལ་དབུ་མའི་ལམ་ཁས་ལེན་དང་མི་ལེན། ངོས་ལེན་ཞུ་དང་མི་ཞུའི་ཧམ་བཤད་ཞུ་ཡུལ་ཞིག་མེད་ལ། དེ་ནི་རྒྱ་ནག་གཞུང་གིས་རང་གི་༼ རྩ་ཁྲིམས་༽དང་༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་༽ལ་དོན་དངོས་བརྩི་བཀུར་དང་ལག་ལེན་བསྟར་གྱི་ཡིན་མིན་དང། ཀྲུང་གོ་གསར་པ་ཁྲིམས་ཀྱིས་དབང་བསྒྱུར་བའི་དམངས་སྐྱོང་རྒྱལ་ཁབ་ཅིག་བྱེད་ཀྱི་ཡིན་མིན་དེ། མདོར་དེད་ན་དབུ་མའི་ལམ་ལ་ཁས་ལེན་ཞུ་དང་མི་ཞུའི་ཚད་འཛིན་ས་ཁོ་ན་རེད་འདུག་པས། གླེན་པ་འཐོམས་གཞིའི་ཧམ་བཤད་འདི་འདྲས་དབུ་མའི་ལམ་གྱི་ནུས་སྟོབས་གཅོག་མི་ཐུབ་པ་གསལ་བོ་རེད།

    རྒྱ་ནག་གི་རྩ་ཁྲིམས་རྒྱ་ནག་དུམ་བུ་ཁ་བྲལ་གཏོང་སྤྱད་ཅིག་ཡིན་ན། ང་ཚོའི་ཕྱོགས་ནས་སྤྲད་པའི་དབུ་མའི་ལམ་གྱི་རང་སྐྱོང་བསམ་འཆར་ཡང་ཁ་བྲལ་འགྲོ་སྤྱད་ཅིག་ལོས་ཡིན།

    ད་ལྟའི་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོར་གཅིག་ནས་དུས་གསུམ་མཁྱེན་པ་མིན་པ་དང། གཉིས་ནས་སྐྱེས་འགྲོ་སྣོད་བཅུད་ཡོངས་རྫོགས་འགྱུར་བའི་དངོས་པོ་ཡིན་སྟབས། མ་འོངས་རྒྱ་ནག་གི་མགོར་ཅི་ཞིག་ཡོང་རྒྱུ་མ་ཤེས་གོང། མ་འོངས་པའི་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་ཁས་ལེན་འདོད་མེད་ཟེར་བ་ནི་གཞི་རྩ་མེད་པའི་སྐད་ཆ་རང་རེད་འདུག་པས། ནམ་རྒྱུན་བཤད་རྒྱུའི་ཕོང་བའི་རྒྱ་ཕྱོགས་ཀྱི་དབུ་མའི་ལམ་གྱི་ཁ་གཏད་ཡིན་ཁུལ་གྱི་སྐད་ཆ་འདི་ཚོ་གད་མོ་ཤོར་བ་རྐྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese